གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༤ པ་ཐོན་ཡོདཔ།

༢༢/༣/༢༠༡༣   ༉ ཧཱ་ཁྲོམ་ལས་ སྐྱེས་ལོ་༢༨ ལང་མི་ ཆོས་གྲགས་རྒྱ་མཚོ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ ཧཱ་ཁྲོམ་གྱི་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༡༠ ལུ་ རྒྱ་གར་ སི་ཀིམ་མཱ་ནི་པཱལ་གཙུག་ལག་སློབ་སྡེ་ནང་ལས་ ཚོང་འབྲེལ་འཛིན་སྐྱོང་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལུ་ ཚོང་ལཱ་འབད་དེ་ སྡོད་ཡོདཔ་ཨིན་པས།

ཆོས་གྲགས་རྒྱ་མཚོ།


ཆོས་གྲགས་རྒྱ་མཚོ་གིས་ སླབ་མི་དང་འཁྲིལཝ་ད་ ཧཱ་ཁྲོམ་གྱི་ མི་སེར་ཚུ་གིས་ བློ་གཏད་དེ་ འདེམས་ངོ་སྦེ་འཐོན་དགོ་པའི་ སེམས་ཤུགས་བསྐྱེད་བཅུག་ནི་དེ་གིས་ ཁ་བཟེད་ཡོདཔ་མ་ཚད་ ཁོ་རའི་ དང་འདོད་ཅིག་ཡང་ ཨིན་ཟེར་ཨིན་པས།
ཆོས་གྲགས་རྒྱ་མཚོ་རྩིསཝ་ད་ ཧཱ་རྫོང་ཁག་ནང་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་ འདེམས་ངོ་༤ ཐོན་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འདེམས་ངོ་ལེ་ཤ་ཐོནམ་ད་ མི་སེར་ཚུ་གིས་ ལྕོགས་གྲུབ་ཅན་གྱི་མི་ངོམ་ གདམ་འཐུ་འབད་ནིའི་ གོ་སྐབས་ཐོབ་ལས་ སེམས་དགའ་བས་ཟེར་ སླབ་ཨིན་པས།
ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་དགོ་མི་དེ་ཡང་ ཁྲིམས་བསྐྱར་ཞིབ་འབད་ནིའི་ གོ་སྐབས་ཐོབ་ཚུགས་པའི་ཁར་ གཞུང་དང་ མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་སྦེ་ ལཱ་འབད་དེ་ གོ་བ་བརྡ་སྤྲོད་ཚུ་ ལེགས་ཤོམ་སྦེ་ སྤྲོད་ཚུགས་པའི་ རེ་བ་ཨིན་ཟེར་ཨིན་པས།
ཆོས་གྲགས་རྒྱ་མཚོ་གིས་ བཤད་མི་དང་འཁྲིལཝ་ད་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ཚུགས་མི་ཚུགས་དེ་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་མི་ལུ་ རག་ལས་ཟེར་ཨིནམ་ད་ གལ་སྲིད་ རྒྱལ་ཁ་འཐོབ་པ་ཅིན་ རྩ་བ་གསུམ་ལུ་ ལྷག་བསམ་རྣམ་དག་གི་ སྒོ་ལས་ ཕྱག་ཞུ་ནི་ཨིན་ཟེར་ཨིན་པས།
ལ་ལུ་ཅིག་གིས་ ཁོ་ར་ གཞོནམ་འབད་ནི་དེ་གིས་ འགན་འཁྲི་འབག་མི་ཚུགས་ཟེར་ མནོ་མི་ཡང་ འོང་ཟེར་ཨིནམ་ད་ དེ་འབདཝ་ད་ མི་ལུ་ འགན་འཁྲི་ཕོག་པའི་བསྒང་ལས་ ལྕོགས་གྲུབ་ག་དེ་སྦེ་ བཏོན་འོང་ག་ སླབ་མི་ཤེས་ཟེར་ཨིནམ་ད་ ཁོ་རའི་ཁ་ཐུག་ལས་ ག་དེ་དྲག་དྲག་ རྩ་འགེངས་ནིའི་མནོ་བསམ་ཡོད་ཟེར་ ཆོས་གྲགས་ཀྱིས་ སླབ་ཨིན་པས།
ཁོ་ར་ སྐྱེས་ས་སྦོམ་ས་ ཧཱ་ལུ་འབད་ནི་དེ་གིས་ མི་སེར་ཚུ་གི་སྐྱིད་སྡུག་ ག་ཅི་བཟུམ་ཡོད་ག་ ལེགས་ཤོམ་སྦེ་ར་ ཤེས་ཟེར་ཨིན་པས།
ཆོས་གྲགས་རྒྱ་མཚོ་དེ་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ དགོ་དང་མི་དགོ་གི་ ཚོགས་རྒྱན་དེ་ ནངས་པ་ འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment