གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྡེ་ཚན་ཁ་པའི་ ཕུཊ་བཱོལ་ལིག་རྩེད་འགྲན་འགོ་བཙུགས་ཡོདཔ།

༢༩/༣/༢༠༡༣   ༉ ཁ་ཙ་ ཕྱི་རུ་ཆུ་ཚོད་ཕྱེད་དང་༦ ལས་ སྡེ་ཚན་ཁ་པའི་ ཕུཊ་བཱོལ་ལིག་གི་ རྩེད་འགྲན་ནང་ མུ་ཏིག་ཐང་སྡེ་ཚན་གྱིས་ སྐྱེས་ལོ་༡༦ མན་ཆད་འབད་མི་ རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་ལུ་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།


དེ་ཡང་ རྩེད་འགྲན་འགོ་བཙུགས་པའི་སྐབས་ རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ བྱང་ཕྱད་སྡེ་ཚན་གྱི་ ས་ཁོངས་ནང་ ཨེབ་སུ་ཅིག་སྦེ་ རྩེད་འགྲན་འབད་ཡོད་རུང་ དུས་ཡུན་སྐར་མ་༡༠ ནང་ མུ་ཏིག་ཐང་སྡེ་ཚན་གྱིས་ གཱོལ་དང་པ་བཙུགས་ཏེ་ སྐར་མ་༣ གྱི་རྒྱབ་ལས་ གཱོལ་༢ པ་ཡང་བཙུགས་ཅི།
རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ རིག་རྩལ་དང་མཁས་རིག་ དེ་ལས་ ལྕོགས་གྲུབ་ཚུ་ ག་དེ་སྦེ་ར་བཏོན་རུང་ གཱོལ་བཙུགས་ནི་ལུ་ མཐར་འཁྱོལ་བྱུང་མ་ཚུགས།
བར་མཚམས་ངལ་གསོ་ལས་ མུ་ཏིག་ཐང་སྡེ་ཚན་གྱིས་ དུས་ཡུན་སྐར་མ་༦༡ དང་༩༠ འི་ནང་འཁོད་ལུ་ གཱོལ་རེ་རེ་བཙུགས་ཏེ་ ཕམ་བཏང་པའི་སྐབས་ལུ་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་བཙུགས་མ་ཚུགསཔ་ལས་ མུ་ཏིག་ཐང་སྡེ་ཚན་གྱིས་ སྐུགས་༣ ཐོབ་ཅི།
ཕྱི་རུའི་ཆུ་ཚོད་༧ ལས་༩ ཚུན་ ཐིམ་ཕུ་ རེ་བཱནསི་དང་ ཕེ་རེནསི་ ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཐིམ་ཕུ་རེ་བཱནསི་སྡེ་ཚན་གྱིས་ གཱོལ་༤ དང་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ ལས་བཙུགས་མ་ཚུགས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ འགྲན་བསྡུར་འགོ་འདྲེན་ འཐབ་པའི་སྐབས་ སྡེ་ཚན་ཁ་པའི་ནང་ སྡེ་ཚན་༡༡ གིས་ ཐོ་བཀོད་འབད་ཡོདཔ་ལས་ འབྲུག་ཕུཊ༌བཱོལ་ཚོགས་སྡེའི་ཁ་ཐུག་ལས་ སྡེ་ཚན་རེ་ལུ་ དངུལ་ཀྲམ་༣༠,༠༠༠ རེ་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment