གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༧/༣/༢༠༡༣   ཨར་རྐུན་ཤོར་བའི་ ཅ་ཆས་ལོག་ཐོབ་མི་ཚུ་ ཇོ་བདག་ལུ་ སྤྲོད་ནི་ཡོདཔ་ཨིན་ན?
༉ འདས་པའི་ལོ་ངོ་དག་པ་ཅིག་གི་རིང་ ཐིམ་ཕུ་ཁྲོམ་ནང་འཁོད་དང་ ཁྲོམ་གྱི་རྒྱ་བསྐྱེད་ས་ཁོངས་ནང་ལས་ཕར་ སྡོད་ཁྱིམ་ལེ་ཤ་ཅིག་དང་ སྣུམ་འཁོར་ཚུ་ནང་ལས་ ཅ་ཆས་མང་རབས་ཅིག་ བྱང་སྟོར་དང་ ཨར་རྐུན་ཤོར་ཡོདཔ་མ་ཚད་ རྒྱལ་ས་ལྟེ་བ་ལུ་ ཁྲིམས་འགལ་གྱི་ ལག་ལེན་ཚུ་ཡང་ ཡར་སེང་སོང་སྟེ་ཡོདཔ་ཨིན།



ན་ཧིང་ རྒྱལ་ས་ལྟེ་བ་ལུ་ ཁྲིམས་འགལ་ཡོངས་བསྡོམས་༡,༣༤༡ ཐོ་བཀོད་འབད་ཡོད་མི་ལས་ མང་ཤོས་ར་ ཨར་རྐུན་དང་ འཕྲོག་བཅོམ་ སྣུམ་འཁོར་གྱི་ ཡན་ལག་ཅ་ཆས་བཤུབ་འབག་པའི་ རྩོད་དོན་ཚུ་ཨིན་མས།
ཁྲིམས་སྲུང་འགག་པ་གིས་ ཨར་རྐུན་འབད་མི་ ལེ་ཤ་ཅིག་ར་ འཛིན་བཟུང་འབད་ཡོད་པའི་སྐོར་ བརྡ་བརྒྱུད་ནང་ལས་ཕར་ གནས་ཚུལ་ཁྱབ་སྤེལ་འབད་ཡོདཔ་ཨིན་རུང་ ཨར་རྐུན་ཤོར་བའི་ ཅ་ཆས་དང་ འཕྲུལ་ཆས་ལོག་ཐོབ་མི་ཚུ་ ཇོ་བདག་ཚུ་ལུ་ ལོག་སྤྲོད་ནི་ཡོད་མེད་ལོ་རྒྱུས་མི་གོ་བས་ཟེར་ ལྟ་རྟོག་པ་དང་ ཅ་ཆས་ཨར་རྐུན་ཤོར་མི་ ལ་ལུ་ཅིག་གིས་ སླབ་ཨིན་མས།
མ་གཞི་ ཁྱིམ་ནང་གི་ ཅ་ཆས་ག་དེམ་ཅིག་ ཨར་རྐུན་ཤོར་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་མི་ཚུགས་ནི་ཨིན་རུང་ གློག་རིག་ཀམ་པུས་ཊར་དང་ སྒྲ་འཛིན་འཁོར་ལོ་ཚུ་ ཨརཝ་ཤོར་མི་ ལེ་ཤ་ཅིག་ ཁྲིམས་སྲུང་འགག་པ་གིས་ ལོག་ཐོབ་ནུག་ཟེར་ཨིན་མས།
འདི་འབདཝ་ད་ ཅ་ཆས་ལོག་ཐོབ་མི་ཚུ་ འབྲེལ་ཡོད་ཇོ་བདག་ཚུ་ལུ་ ག་ཅི་སྦེ་ ལོག་མ་སྤྲོདཔ་ཨིན་ན? ལོག་མ་སྤྲོད་པའི་གནད་དོན་འདི་ ཇོ་བདག་ག་ཨིན་ན་ ཤེས་མ་ཚུགསཔ་མི་ལུ་བརྟེན་ཨིན་ན?
དེ་སྦེ་ཨིན་པ་ཅིན་ གནད་དོན་དེ་གི་སྐོར་ལས་ འབྲེལ་བ་ཅན་དང་ ཨར་རྐུན་འབད་མི་ཚུ་ལུ་ སྙན་ཞུ་དང་ གསལ་བསྒྲགས་འབད་ནི་གི་ཐབས་ལམ་ བརྡ་བརྒྱུད་ལ་སོགས་པ་མེདཔ་ཨིན་ན་ཟེར་ སྤྱིར་བཏང་མི་མང་གིས་ དྲི་བཀོད་འབདཝ་ཨིན་མས།
ཕྱི་རྒྱལ་གྱི་ ལམ་ལུགས་བཟུམ་ཅིག་ནང་འབད་བ་ཅིན་ ཅ་ཆས་བྱང་སྟོར་དང་ ཨར་རྐུན་ཤོར་མི་དེ་ གལ་སྲིད་ ཁྲིམས་སྲུང་འགག་པ་གིས་ ལོག་ཐོབ་པ་ཅིན་ ཨར་རྐུན་ཤོར་མི་ཚུ་ལུ་ རང་སོའི་ཅ་ཆས་ཚུ་ ངོས་འཛིན་འབད་བར་ཤོག་ཟེར་ བརྡ་བརྒྱུད་ནང་ལས་ཕར་ གསལ་བསྒྲགས་འབད་ནི་ཡོདཔ་ཨིན།
ཇོ་བདག་ཚུ་གིས་ ཅ་ཆས་བརླག་སྟོར་ཤོར་མིའི་སྐོར་ལས་ ཁ་གསལ་དང་ བཟོ་རྣམ་ག་ཅི་བཟུམ་ཡོདཔ་ཨིན་ན་ ངོས་འཛིན་འབད་ཚུགས་པ་ཅིན་ ཇོ་བདག་ལུ་ ལོག་སྤྲོད་དོ་ཡོདཔ་ད་ གལ་སྲིད་ ཇོ་བདག་མ་ཐོན་པ་ཅིན་ ཅ་ཆས་ཚུ་ རིན་བསྡུར་ཐོག་ལས་ བཙོངམ་ཨིན་མས།
འདི་འབདཝ་ད་ འབྲུག་གི་གནས་སྟངས་དང་ ཕྱིའི་ལམ་ལུགས་དེ་ མི་འདྲ་ནི་ཨིན་མི་དེ་ཡང་ ཁྲིམས་སྲུང་འགག་པ་གིས་ ཨར་རྐུན་གྱི་ ཅ་ཆས་ཚུ་ ལོག་ཐོབ་སྟེ་འབད་རུང་ འཛིན་བཟུང་འབད་ཡོད་མི་ ཨརཝ་དེ་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབདཝ་ད་ ཉེས་འཛུགས་ཅན་གྱི་ སྒྲུབ་བྱེད་སྦེ་ ཨར་རྐུན་འབད་མི་ ཅ་ཆས་ཚུ་ གསལ་སྟོན་འབད་དགོཔ་ལས་ འཁྲུན་ཆོད་མ་བཏོན་ཚུན་ཚོད་ ཁྲིམས་འདུན་གྱི་ བདག་འཛིན་ཐོག་ལུ་ བཞགཔ་ཨིན་མས།
དེ་ལས་ འཁྲུན་ཆོད་བཏོན་ཞིནམ་ལས་ ཅ་ཆས་ཚུ་ ག་ལུ་ རྩིས་སྤྲོདཔ་ཨིན་ན?
འདི་བཟུམ་མའི་ རྩོད་དོན་ཚུ་ དྭངས་གསལ་བཟོ་ནི་དང་གཅིག་ཁར་ ཅ་ཆས་ཨར་རྐུན་ཤོར་མི་ཚུ་གིས་ ཐོབ་བརྗོད་བཀོད་མི་དང་འཁྲིལ་ ལོག་སྤྲོད་ནི་དང་ ངོས་འཛིན་འབད་མ་ཚུགས་མི་ ཅ་ཆས་ཚུ་ རིན་བསྡུར་ཐོག་ལས་ བཙོང་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment