གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྡེ་ཚན་ག་པ་ལས་ འབྲུག་ཨེསི་ཊར་གྱིས་ ཨང་དང་པ།

༢༥/༣/༢༠༡༣   ༉ སྤྱི་ལོ་༢༠༡༣ གྱི་ སྐྱེས་ལོ་༡༦ མན་ཆད་འབད་མི་ ཐིམ་ཕུ་ སྡེ་ཚན་ག་པའི་ཕུཊ་བཱོལ་རྩེད་འགྲན་ལས་ འབྲུག་ཨེསི་ཊར་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡི།
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༣ རེས་གཟའ་ཉི་མ་ལུ་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ འབྲུག་ཨིསི་ཊར་གྱིས་ གཱོལ་༢ བཙུགས་ཏེ་ བློ་གསལ་གླིང་སྡེ་ཚན་ཕམ་བཏང་བའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ བཙུགས་ཅི།



རྩེད་འགྲན་འགོ་མ་བཙུགས་པའི་ཧེ་མར་ འབྲུག་ཨེསི་ཊར་གྱི་ རྩེད་འགྲན་པ་ཚུ་ དུམ་གྲ་ཅིག་ འདྲོག་འབྱེལ་འཐབ་མི་དེ་ཡང་ ན་ཧིང་ བློ་གསལ་གླིང་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་མི་ལུ་བརྟེན་ དོགས་ཟོན་བསྐྱེད་ཡོདཔ་ཨིན་པས།
བློ་གསལ་གླིང་སྡེ་ཚན་གྱིས་འབད་བ་ཅིན་ ན་ཧིང་ཡང་ རྒྱལ་ཁ་ཐོབ་ཡོདཔ་ལས་ དུས་ཅི་ཡང་ གཱོལ་དག་པ་ཅིག་བཙུགས་ཏེ་ ཕམ་བཏང་ནིའི་རེ་བ་སྦོམ་བསྐྱེད་དེ་འབད་རུང་ མནོ་དོན་དེ་ མཐའན་མཇུག་ལུ་ལྷོདཔ་ད་ གྲུབ་མ་ཚུགས་ཨིན་པས།
འབྲུག་ཨེསི་ཊར་སྡེ་ཚན་གྱིས་ གཱོལ་༢ བཙུགས་པའི་ཤུལ་ལུ་ དུས་ཡུན་སྐར་མ་༦༡ ལུ་ བློ་གསལ་གླིང་རྩེད་འགྲན་པ་ཚུ་གིས་ རྒྱལ་ཁ་འཐོབ་འདོད་ཀྱི་རེ་བ་མ་རྫོགས་མི་ལུ་བརྟེན་ རྩ་འགེངས་རྩེད་འགྲན་འབད་ནི་དེ་གིས་ གཱོལ་༡ བཙུགས་ནིའི་གོ་སྐབས་ཐོབ་ཅི།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་ཁ་ཐུག་ལས་ ཨང་དང་པ་ཐོན་མི་ འབྲུག་ཨེསི་ཊར་སྡེ་ཚན་ལུ་ རྒྱལ་རྟགས་ཀྱི་ གསོལ་རས་དངུལ་ཀྲམ་༢༠,༠༠༠ དང་ ངོ་རྐྱང་གི་རྟགས་མ་ དེ་ལས་ བློ་གསལ་གླིང་སྡེ་ཚན་ལུ་ གསོལ་རས་དངུལ་ཀྲམ་༡༠,༠༠༠ ངོ་རྐྱང་གི་གསོར་ལས་ཚུ་བྱིན་ཡི།
སྤྱི་ཟླ་༤ པའི་ནང་ འབྲུག་ཕུཊ་བཱོལ་ཚོགས་པའི་འགོ་འདྲེན་ཐོག་ལུ་ སྡེ་ཚན་ཁ་པའི་ འགྲན་བསྡུར་འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment