གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་རྐྱེན་ངན་ནང་མི་༡ ལུ་ཤི་རྐྱེན།

༢༧/༣/༢༠༡༣   ༉ སྤྱི་ཟླ་༣ པའི་༢༥ ལུ་ དབང་འདུས་ཕོ་བྲང་ སྟག་ཤ་སོ་ནམ་ཞིང་ལམ་ལས་མར་ སྣུམ་འཁོར་ཊཱག་ཅིག་ རྦོབ་རིལ་སོང་མིའི་རྐྱེན་ངན་ནང་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་ ས་གནས་དེ་ཁ་ར་ ཁ་འཐུམ་མར་བསད་ཡོདཔ་ད་ ཚེ་འདས་དེ་ བཀྲིས་སྒང་གཤོང་ཕུག་རྒེད་འོག་ ཅ་གླིང་གཡུས་ཚན་ལས་ཨིན་པས།


ཐུག་རྐྱེན་བྱུང་བའི་སྐབས་ སྣུམ་འཁོར་ནང་ དེད་གཡོགཔ་རྩིསཝ་ད་ མི་༣ ཡོད་མི་ལས་༢ ལུ་རྨ་སྐྱོན་རྐྱབ་ཡོདཔ་ད་  སྐྱེས་ལོ་༢༨ ལང་མི་ ཚེ་འདས་དེ་ སྣུམ་འཁོར་དང་གཅིག་ཁར་ མི་ཊར་༡༠༠ དེ་ཅིག་གི་ས་ཁར་ རྦོབ་རིལ་སོང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
སྣུམ་འཁོར་དེ་ དྲ་ཤིང་ཚུ་འབག་སྟེ་ སྤུ་ན་ཁ་ལུ་འགྱོ་བའི་ལམ་ཁར་ སྟག་ཤ་ཁྲོམ་ཆུང་ལས་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་ཁར་ལྷོདཔ་ད་ རྐྱེན་ངན་བྱུང་ཡོདཔ་ད་ བ་འཇོ་ཁྲོམ་ལས་འབད་བ་ཅིན་ རྩི་རང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༥༨ དེ་ཅིག་གི་ ས་ཁར་ཨིན་པས།

ཁྲིམས་སྲུང་འགག་པའི་སྙན་ཞུ་དང་འཁྲིལ་བ་ཅིན་ སྣུམ་འཁོར་དེ་ འཕྲུལ་ཆས་མེདཔ་ཐལ་མི་ལུ་བརྟེན་ བྱུང་བའི་དོགས་པ་ཡོད་ཟེར་ཨིན་པའི་གནས་ཚུལ།
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment