གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློ་གསལ་གླིང་སྡེ་ཚན་གྱིས་ མཐའ་བཅད་ནང་ལྷོད་ཡོདཔ།

༢༢/༣/༢༠༡༣   ༉ ཁ་ཙ་ གཟིམ་སྒྲ་དང་ བློ་གསལ་གླིང་སྡེ་ཚན་༢ ཀྱི་བར་ན་ སྡེ་ཚན་ག་པའི་ ཕུཊ་བཱོལ་མཐའ་བཅད་འོག་མའི་རྩེད་འགྲན་འབདཝ་ད་ བློ་གསལ་གླིང་ལས་ རྟ་མགྲིན་རྡོ་རྗེ་གིས་ གཱོལ་༣ བཙུགས་མི་ལུ་བརྟེན་ མཐའ་བཅད་ནང་ལྷོད་ཅི།
བློ་གསལ་གླིང་ལས་ རྟ་མགྲིན་རྡོ་རྗེ་གིས་ གཱོལ་བཙུགས་པའི་བསྒང་།


རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༠ ཚུན་ གཟིམ་སྒྲ་སྡེ་ཚན་གྱི་ཧོངས་ལས་ དོ་འགྲན་ཅན་གྱི་ཐོག་ལས་ རྩེད་འགྲན་འབད་ཡོད་རུང་ དུས་ཡུན་སྐར་མ་༡༡ ནང་ བྱང་ཕྱད་སྡེ་ཚན་ལས་ རྟ་མགྲིན་རྡོ་རྗེ་གིས་ གཱོལ་དང་པམ་དེ་ བཙུགས་ཅི།
གཟིམ་སྒྲའི་རྩེད་འགྲན་འབད་མི་ཚུ་གིས་ གཱོལ་བཙུགས་ནིའི་དོན་ལུ་ རང་སོའི་ལྕོགས་གྲུབ་དང་ རིག་རྩལ་ཚུ་བཏོན་ཐོག་ལས་ ག་དེ་ཅིག་ རྩ་འགེངས་རུང་ བཱོལ་བཟུང་མི་དེ་གིས་ གཱོལ་བཏང་མ་བཏུབ་པའི་ཁར་ རྩེད་འགྲན་འབད་མི་ཚུ་གིས་ཡང་ བཱོལ་བཀག་བཞག་ནི་དེ་གིས་ ཡིད་ཐང་ཆད་པའི་ གཞི་གནས་ལུ་གྱུར་ཡོདཔ་ལས་ དུས་ཡུན་སྐར་མ་༣༠ ནང་ ད་རུང་ རྟ་མགྲིན་རྡོ་རྗེ་གིས་ གཱོལ་༢ པ་དེ་བཙུགས་ཡོདཔ་ཨིན།
བར་མཚམས་ངལ་གསོ་ལས་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༦ ལུ་ བློ་གསལ་གླིང་གི་སྡེ་ཚན་ལས་ སཱན་ཏོཤ་གིས་ བཱོལ་རྐྱབ་ད་ བཱོལ་བཟུང་མི་གིས་ བཏང་མ་བཏུབ་པར་བཟུང་ཡི་ཟེར་ བཱོལ་ལགཔ་ལས་ཤོར་སོཔ་ལས་ རྟ་མགྲིན་རྡོ་རྗེ་ལུ་ གོ་སྐབས་བཟང་པོ་ཐོབ་ཅི།
མཇུག་གི་གཱོལ་དེ་ རིན་ཆེན་དབང་འདུས་ཀྱིས་ དུས་ཡུན་ཚང་རནམ་ད་ བཙུགས་ཡོདཔ་ལས་ བསྡོམས་ཀྱིས་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
རྟ་མགྲིན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ སྡེ་ཚན་གཞན་མི་ཚུ་དང་ཕྱདཔ་ད་ གཟིམ་སྒྲ་སྡེ་ཚན་གྱིས་ རྩེད་འགྲན་ལེགས་ཤོམ་འབད་ཡོདཔ་ཨིན་རུང་ ཉམས་མྱོང་དང་ རིག་རྩལ་ཚུ་ བློ་གསལ་གླིང་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་དྲག་ནི་དེ་གིས་ ཕམ་སོ་ཡི་ཟེར་ཨིན་པས།
ཁ་ཙ་གི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་མི་གིས་ མཐའ་བཅད་ནང་ཡང་ རྒྱལ་ཁ་འཐོབ་ཚུགས་པའི་རེ་བ་ཡོད་ཟེར་ འོད་གསལ་རྡོ་རྗེ་གིས་ སླབ་ཨིན་པས།
ད་རིས་ཀྱི་ རྩེད་འགྲན་དེ་ འབྲུག་ཨིསི་ཊར་དང་ གཟི་ལུང་ཁ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འོག་མའི་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment