གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དར་དཀར་ནང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་ཕུད་རྡོག་གཅིག་ལས་མེདཔ།

༢༧/༣/༢༠༡༣   འདེམས་ངོ་གཞན་ སློབ་དཔོན་བགྲེསཔ་ལུ་ མི་དགོ་གི་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་མེད་བཏང་ནུག།
༉ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྫོང་ཁག་གནས་རིམ་གྱི་ རྒྱལ་ཡོངས་ཚེོགས་སྡེའི་ བཙག་འཐུ་འབདཝ་ད་ དར་དཀར་ནང་རྫོང་ཁག་ནང་ དོ་འགྲན་འབད་མི་ གདམ་ངོ་ཕུད་རྡོག་གཅིག་མ་གཏོགས་ མི་འོང་ནི་ཨིན་པས།


དེ་ཡང་ རྫོང་ཁག་ནང་ རྒེད་འོག་༡༤ ཡོད་རུང་ ཚོགས་སྡེའི་འདེམས་ངོ་༢ ལས་བརྒལ་ མ་ཐོན་མི་ལས་༡ ཁ་ཙ་ འཛོམས་འདུ་མཇུག་དེ་ སྒོ་ཤིང་རྒེད་འོག་ནང་ འགོ་འདྲེན་འཐབ་པའི་སྐབས་ལུ་ མི་དགོ་གི་ ཚོགས་རྒྱན་བཙུགས་མི་ མང་སོཔ་ལས་ ཆ་མེད་བཏང་ཡོདཔ་ཨིན་པས།
སྒེར་གྱི་སློབ་གྲྭ་ཅིག་ནང་ སློབ་སྟོན་འབད་མི་ སློབ་དཔོན་བགྲེསཔ་ སྐྱེས་ལོ་༢༧ ལང་མི་ མ་དབ་པར་སཱད་ ད་ཧཱལ་གྱིས་ ཚོགས་རྒྱན་སྐྱུར་མི་༡༨༦ འཛོམས་ཡོད་མི་ལས་ མི་དགོ་གི་ཚོགས་རྒྱན་༡༠༣ བཙུགས་མི་ལུ་བརྟེན་ གདམ་འཐུ་མ་གྲུབ་པས། ཁོ་ལུ་ དགོ་གི་ཚོགས་རྒྱན་བཙུགས་མི་༨༣ མ་གཏོགས་མ་ཐོན་པས།
སྤྱི་ཟླ་༣ པའི་ཚེས་༢༥ ལུ་ དཀར་ནག་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༣༥༥ འཛོམས་ཡོད་མི་ལས་༣༣༥ གིས་ དགོ་གི་ཚོགས་རྒྱན་བཙུགས་ཏེ་ རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ བསོད་ནམས་རྡོ་རྗེ་དེ་ གདམ་ངོ་སྦེ་ གདམ་འཐུ་འབད་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཁོ་ལུ་ དོ་འགྲན་འབད་མི་ འདེམས་ངོ་གཞན་མེདཔ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་རའི་ རྒེད་འོག་གི་ མི་སེར་མང་ཤོས་ཅིག་གིས་ རྒྱབ་སྐྱོར་འབད་དེ་ གདམ་འཐུ་འབད་མི་དེ་ལུ་ ཁོ་ལས་ བཀྲིན་དགའ་ཚོར་ཡོད་པའི་ཁར་ ཤུལ་མའི་མཐའ་བཅད་ཀྱི་ བཙག་འཐུ་ནང་ཡང་ ཁོ་རའི་ རྒེད་འོག་དང་ རྒེད་འོག་གཞན་ཚུ་གིས་ཡང་ དེ་བཟུམ་སྦེ་ར་ རྒྱབ་སྐྱོར་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
དཀར་ནག་དེ་ དར་དཀར་ནང་ རྫོང་ཁག་གི་ རྒེད་འོག་སྦོམ་ཤོས་ཅིག་ཨིན་པས།
བསོད་ནམས་རྡོ་རྗེ་དེ་ དུས་ཅིའི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འགོ་དང་པ་ དགོངས་ཞུ་འབད་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་༥ གི་གྲས་ལས་ཅིག་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དེ་སྦེ་ དགོངས་ཞུ་འབད་དེ་ བཙག་འཐུ་ནང་ ལོག་སྟེ་ར་ བཅའ་མར་གཏོགས་ནི་སྦེ་ ཐག་བཅད་མི་དེ་ཡང་ འདས་པའི་ལོ་༥ འི་རིང་ཐོབ་མི་ ཉམས་མྱོང་ཚུ་ལུ་བརྟེན་ ད་ལས་ཕར་ རྒྱལ་ཁབ་དང་ མི་སེར་ལུ་ ལེགས་ཤོམ་སྦེ་ ཕྱག་ཞུ་ཚུགས་པའི་ བློ་སྟོབས་ཐོབ་ཅི་ཟེར་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment