གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུ་རྨས་སྐྱེས་བསད་ཡོད་པའི་ཁ་ཉེས།

༢༧/༣/༢༠༡༣   ༉ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་ལུ སྤྱི་ཟླ་༣ པའི་ཚེས་༡༤ གི་ཕྱི་རུ་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རིའི་ཨ་ལུ་རྨས་སྐྱེས་ ཞག་གཅིག་ལང་མི་དེ་ བཀོ་བཏང་མི་ལུ་བརྟེན་ ཤི་རྐྱེན་བྱུང་བའི་དོགས་པ་ཡོདཔ་ཨིན་པས།


དེ་ཡང་ དེ་ཚེ་ཕྱི་རུ་ རྨགཔ་དང་གནས་ཚང་༢ ཁ་ཤགས་རྐྱབ་པའི་སྐབས་ རྨགཔ་ཙིགཔ་ཟ་སྟེ་ ཨ་ལུ་འཐུ་བཀོ་བཏང་ཡི་ཟེར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༢༥ ལང་མི་ གནས་ཚང་དེ་གིས་འབད་བ་ཅིན་ བྱ་ངན་འབད་བའི་སྐབས་ མོ་གི་རྨགཔ་དེ་ ཆང་འཐུང་ནུག་ཟེར་ཨིནམ་ད་ དོགས་ཅན་གྱིས་འབད་བ་ཅིན་ ཁོ་རའི་གནས་ཚང་གིས་ ཁོ་ལུ་ ཚིག་ངན་སླབ་མི་ལུ་བརྟེན་ ཙིགཔ་ཟ་སྟེ་ ཨ་ལུ་བཀོ་བཏང་ཡི་ཟེར་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ ཀྲོང་གསར་རྫོང་ཁག་ སྒོར་མེད་གཡུས་ཚན་ལས་ཨིནམ་ད་ གནས་ཚང་དེ་ དབང་འདུས་ཕོ་བྲང་ དེ་རི་འབག་ན་གཡུས་ཚན་ལས་ ཨིན་པའི་གནས་ཚུལ།

No comments:

Post a Comment