གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་རྫོང་ཁག་ལས་ ཚོགས་སྡེའི་གདམ་ངོ་༣ ཐོན་ཡོདཔ།

༢༩/༣/༢༠༡༣   ༉ མགར་ས་རྫོང་ཁག་ ལ་ཡ་རྒེད་འོག་ལས་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བསྟན་འཛིན་གྱིས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གི་དོན་ལུ་ ཁ་ཙ་ ལ་ཡ་རྒེད་འོག་གི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ དགོ་གི་ཚོགས་རྒྱན་༢༣༥ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ མེན་དགོ་གི་ ཚོགས་རྒྱན་༣༢ ལས་བརྒལ་ མེདཔ་ཨིན་པས། 


ཁོ་གི་དོན་ལུ་ འཛོམས་འདུ་དེ་ ཚར་༢ འགོ་འདྲེན་འཐབ་མི་ལས་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ ལ་ཡ་རྒེད་འོག་ལྟེ་བ་ནང་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ལས་ ཁ་ཙ་ ལུམ་བོ་སྤྱི་འོག་ནང་ འགོ་འདྲེན་འཐབ་ནུག།
བསྟན་འཛིན་གྱིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ ཁ་སྨད་རྒེད་ལས་ གདམ་ངོ་གྲུབ་མི་ ཡེ་ཤེས་རྡོ་རྗེ་དང་ ཁ་སྟོད་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ སངས་མཁའ་འགྲོ་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
ཡེ་ཤེས་རྡོ་རྗེ་གི་དོན་ལུ་ སྤྱི་ཟླ་༣ པའི་ཚེས་༢༤ དང་༢༥ ལུ་ རྒེད་འོག་འཛོམས་འདུ་ནང་ དགོ་གི་ཚོགས་རྒྱན་༡༡༢ དང་ མེན་དགོ་༡༨ ཐོབ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚེགས་སྡེའི་འཐུས་མི་བགྲེསཔ་ སངས་རྒྱས་མཁའ་འགྲོའི་དོན་ལུ་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ཁ་སྨད་རྒེད་འོག་གུ་ འཛོམས་འདུ་སྐབས་ལུ་ ཡོངས་བསྡོམས་གསང་བའི་ཚོགས་རྒྱན་༡༡༦ བཙུགས་མི་ལས་ ཁོ་གིས་ དགོ་གི་ཚོགས་རྒྱན་༡༠༧ ཐོབ་སྟེ་རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
མགར་ས་རྫོང་ཁག་ལུ་ རྒེད་འགོ་༤ ཡོད་ས་ལས་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་ རྒེད་འོག་༣ ལས་བཏོན་རུང་ ས་ཁ་མཐོ་སར་ལུང་ནག་ནང་ལས་ གདམ་ངོ་མེདཔ་ད་ དེ་ཡང་ རྒེད་འོག་དེ་ནང་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡ ལས་བརྒལ་མེད་ནི་དེ་གིས་ སྤྲོ་བ་མ་ལེནམ་ཨིན་པས།
མ་གཞི་ མགར་ས་རྫོང་ཁག་དེ་ མཐའ་ཟུར་ཅིག་ཨིན་རུང་ མི་མང་ཤོས་ཅིག་གིས་ འཛོམས་འདུའི་སྐོར་ལས་ ཧ་གོ་བའི་ཁར་ བཅའ་མར་གཏོགས་མི་ཡང་ ཨམ་སྲུ་དང་ ཕོ་སྐྱེས་འདྲན་འདྲ་ ཡོདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment