གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བང་ལ་དེཤ་གི་ སྲིད་འཛིན་གཤགས་མི་ལུ་ མྱ་ངན་བརྩི་སྲུང་།

༢༢/༣/༢༠༡༣   ༉ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ སིངྒ་པོར་ ཨེམ་ཊི་ཨི་ལི་ཟ་བེཐ་ སྨན་ཁང་ནང་གཤགས་མི་ བང་ལ་དེཤ་གི་སྲིད་འཛིན་ ཛི་ལུར་ ར་མཱན་མཆོག་ལུ་ ཁ་ཙ་ འབྲུག་གི་རྒྱལ་དར་ཕྱེད་ཀ་འཕྱར་ཐོག་ལས་ གུས་བཏུད་ཞུ་ཡི།
བློན་ཆེན་གྱིས་དབུ་གཙོས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ འབྲུག་ལུ་ བང་ལ་དེཤ་གི་ གཞུང་ཚབ་ཀྱིས་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་ མར་མེ་སྟོང་ཕུལ་བའི་བསྒང་།


དེ་ཡང་ སྲིད་འཛིན་དེ་ མཁལ་རྡོག་དང་ དབུགས་གཏོང་ལེན་གྱི་ ནད་གཞི་ཐོབ་མི་ལུ་བརྟེན་ སྨན་བཅོས་འབད་བའི་བསྒང་ཨིནམ་ད་ སྲིད་འཛིན་གཤགས་མི་ལུ་ བང་ལ་དེཤ་གཞུང་དང་ མི་སེར་ཚུ་ལུ་ འབྲུག་གཞུང་གིས་ མྱ་ངན་སེམས་གསོ་གནངམ་དང་འབྲེལ་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ བསྔོ་སྨོན་དང་ དཀར་མེ་སྟོང་མཆོད་ཕུལ་གནང་ཡི།
འབྲུག་གཞུང་དང་ མི་སེར་གྱི་ ཁ་ཐུག་ལས་ བང་ལ་དེཤ་གི་སྲིད་བློན་ ཨམ་ཤེག་ཧ་སི་ན་ལུ་ མྱ་ངན་སེམས་གསོའི་ གསུང་འཕྲིན་ཅིག་ བསྐྱལ་མིའི་ནང་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ སྲིད་འཛིན་ར་མཱན་གྱིས་ བང་ལ་དེཤ་རྒྱལ་ཁབ་རང་དབང་གི་དོན་ལུ་ འབད་རྩོལ་བསྐྱེད་པའི་ ཉིནམ་ལས་འགོ་བཟུང་ ད་ཚུན་གྱི་བར་ན་ བློས་བཏང་མི་ཚུ་ ནམ་ཡང་བརྗེད་པར་ཕངས་པའི་ མཛད་བྱ་ཅིག་ཨིནམ་ལས་ ཁོ་རའི་ མི་སེར་དང་ འཛམ་གླིང་གིས་ དུས་རྟག་པ་རྒྱུན་དུ་ རྗེས་སུ་དྲན་འོང་ཟེར་ བཀོད་གནང་ནུག།
བང་ལ་དེཤ་གཞུང་གིས་ སྲིད་འཛིན་གཤགས་མི་ལུ་ གུས་བཏུད་ཞུ་ནི་གི་དོན་ལུ་ ཉིན་གྲངས་གསུམ་ རྒྱལ་ཡོངས་ཀྱི་ མྱ་ངན་གྱི་ཉིནམ་སྦེ་ གསལ་བསྒྲགས་འབད་ཡོདཔ་ད་ ཁ་ཙ་ སྲིད་འཛིན་གཤགས་མིའི་ རྒྱལ་ཁམས་ཀྱི་ མྱ་ངན་བརྩི་སྲུང་དེ་ བང་ག་བཱ་བཱན་ལུ་ ཞུ་ཡོདཔ་བཞིན་དུ་ ཁོ་གི་སྐུ་ཕུང་དེ་ ནངས་པ་ཉིན་མ་ཆུ་ཚོད་༣.༣༠ ལུ་ རྒྱལ་ཁམས་ཀྱི་ གུས་བཏུད་ཐོག་ལས་ བ་ན་ནི་དུར་ཁྲོད་ཀྱི་ ས་འོག་ལུ་ བཙུགས་ནི་ཨིན་པས།
གཤགས་མི་སྲིད་འཛིན་དེ་ སྤྱི་ལོ་༢༠༠༩ ཟླཝ་༢ པའི་ཚེས་༡༢ ལུ་ བང་ལ་དེཤ་གིས་ སྲིད་འཛིན་༡༩ པ་སྦེ་ རྟེན་འབྲེལ་བརྩི་ཡོདཔ་ད་ དགུང་ལོ་༨༤ བཞེས་མི་ སྲིད་འཛིན་ལུ་ བུ་༡ དང་ བུམོ་༢ ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment