གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་གིས་ རང་སྲོག་བཅད་ཡོདཔ།

༣༠/༣/༢༠༡༣    ༉ སྤྱི་ཟླ་༣ པའི་ཚེས་༢༧ གྱི་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ མོང་སྒར་རྫོང་ཁག་ བ་ལམ་རྒེད་འོག་ བྱ་དུང་གཡུས་ཚན་ལས་ སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ཁྱིམ་ཐོག་གི་ གནམ་སྤང་གུ་ལས་དཔྱངས་ཏེ་ རང་སྲོག་བཅད་ཡོདཔ་ཨིན་པས།


དེ་ཡང་ གཡུས་མི་ཅིག་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ ཨ་ལུ་༢ ཀྱི་ ཨ་པ་ཨིན་མི་ ཚེ་འདས་དེ་ ཧེ་མ་ལས་ར་ ཁོ་ར་ གཟུགས་ཁམས་སྒྲིང་སྒྲིང་མེད་མི་ཅིག་ཨིནམ་ལས་ སོ་ནམ་ཞིང་ལཱ་ཚུ་ ག་ནི་ཡང་འབད་མ་ཚུགསཔ་ཐལ་ཏེ་ ཁྱིམ་ནང་ར་ སྡོད་མི་ཅིག་ ཨིན་ཟེར་ཨིན་པས།
དེ་མ་ཚད་ རྐྱེན་ངན་བྱུང་བའི་སྐབས་ལུ་ཡང་ ཁྱིམ་ནང་ མི་ག་ཡང་མེདཔ་ད་ དེ་བསྒང་ ཚེ་འདས་ཀྱི་ ཨམ་སྲུ་དེ་ ཞིང་ནང་ལཱ་འབད་བར་སོང་ཡོདཔ་ཨིན་པས།
ཨམ་སྲུ་དེ་ ཉིན་མའི་ལྟོ་བཟའ་བར་ ཁྱིམ་ནང་འོང་ཞིནམ་ལས་ མོ་རའི་རྨགཔ་དེ་ ལྟོ་བཟའ་བར་ཤོག་ཟེར་ འབོ་བའི་སྐབས་ལུ་ འོང་ནི་མེདཔ་ལས་ དེ་འཕྲོ་ལས་ འཚོལ་བའི་སྐབས་ལུ་ གནམ་སྤང་གུ་ལས་མར་དཔྱངས་ཏེ་ ཤི་ཡོདཔ་མཐོང་ནུག་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ཚེ་འདས་ཕོ་སྐྱེས་དེ་ ད་རེས་ནངས་པ་ ཐིམ་ཕུ་ལུ་ ཁོ་རའི་སྤུན་ཆ་ ཁག་འབག་གི་ལཱ་འབད་མི་ཅིག་ ཡོད་མི་འབད་སར་ ཆ་རོགས་ཚུ་དང་མཉམ་ ལཱ་སར་འགྱོ་ནི་གི་ དཔའ་བཅམ་ཡོད་རུང་ གཟུགས་ཀྱི་ལྕོགས་གྲུབ་མེདཔ་ལས་བརྟེན་ གཡུས་ཁར་ལུས་ཡོདཔ་ལས་ ཁོ་ར་སེམས་ཤི་སྟེ་ རང་སྲོག་བཅད་ནུག་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ མོང་སྒར་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་མ་ཚད་ ཞིབ་དཔྱད་ཚུ་ཡང་ འབད་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment