གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལན་ཅི་འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་བསྐྱེད་དོ་ཡོདཔ།

༢༥/༣/༢༠༡༣    ༉ མཱན་བྷ་དུར་གྱིས་ སྐྱེས་ལོ་༡༨ ལས་ ཨ་ལན་ཅི་འཛུགས་སྐྱོང་འབད་ཐངས་ཚུ་ ཨ་པ་ལས་ལྷབ་པའི་ཤུལ་ལུ་ ད་ལྟོ་ཡང་གཡུས་ཁ་ལུ་ ཨ་ལན་ཅི་འཛུགས་སྐྱོང་འབད་དེ་ མི་ཚེ་སྐྱོང་སྡོད་ཡོདཔ་ཨིན་པས།
ད་ལྟོ་ཁོ་ སྐྱེས་ལོ་༥༦ ལང་རུང་ ཨ་ལན་ཅི་འཛུགས་སྐྱོང་ལུ་ བརྟེན་སྡོད་དོ་ཡོདཔ་ད་ རྫོང་ཁག་གི་མཐའ་ཟུར་གཡུས་ཚན་ ལྡན་ཅི་ཁ་རྒེད་འོག་ནང་ དངུལ་ཐོག་ཨ་ལན་ཅི་འཛུགས་སྐྱོང་འབད་མི་ ཁོ་ར་རྐྱངམ་ཅིག་ཨིནམ་ད་ གཡུས་ཚན་དེ་ རྡོ་རོ་ཁ་དྲུང་ཁག་ལས་ དུས་ཡུན་ཆུ་ཚོད་བཞི་དེ་ཅིག་ རྐང་སྟོང་འགྱོ་དགོ་པའི་ས་ཁར་ཡོདཔ་བཞིན་དུ་ རྡོ་རོ་ཁ་དེ་ བསམ་རྩེ་ལས་ ཀི་ལོ་མི་ཊར་༥༨ ཀྱི་ས་གནས་ནང་ ཆགས་ཡོདཔ་ཨིན་པས།

མཱན་བྷ་དུར་གྱིས་ འཛུགས་སྐྱོང་འབད་མི་ ཨ་ལན་ཅི།


གཡུས་ཚན་དེ་ནང་ མཱན་བྷ་དུར་གྱིས་མ་གཏོགས་ གཞན་གཡུས་མི་ཚུ་གིས་ ཚལ་ལུ་དང་ བྱཱ་འཛུགས་སྐྱོང་འབད་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ད་ ཁོ་གིས་ གཡུས་ཚན་དེ་ནང་ འཛུགས་སྐྱོང་འབད་མི་ སོན་རིགས་ཚུ་གསོག་འཇོག་འབད་དེ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཐོན་སྐྱེད་ལེགས་ཤོམ་འདུག་ཟེར་ཨིན་པས།
མཱན་བྷ་དུར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དངུལ་ཐོག་ཐོན་སྐྱེད་ཀྱི་ གོང་ཚད་ལེགས་ཤོམ་ཐོབ་ཚུགས་པ་ཅིན་ ལོ་ཅིག་ནང་ དངུལ་ཀྲམ་ ས་ཡ་༡.༨ དེ་ཅིག་ བཟོ་ཚུགས་པའི་ཁར་ དེ་མིན་ དངུལ་ཀྲམ་འབུམ་༩ ལྷགཔ་རེ་ བཟོ་ཚུགས་པས་ཟེར་ཨིན་རུང་ དངུལ་ཐོག་དེ་ འབྲུག་རྒྱལ་ཁབ་ནང་ བཙོང་སའི་ཚོང་ལམ་མེདཔ་ལས་ བསམ་རྩེ་དང་ ཅ་མུར་ཅི་ཚུ་ནང་བཙོངམ་ད་ གོང་ཚད་ ལེགས་ཤོམ་ཐོབ་ཚུགས་པས་ཟེར་ཨིན་པས།
ཨ་ལན་ཅི་དེ་ སྤྱི་ཟླ་༡༠ པའི་ནང་ བསྡུ་དོ་ཡོདཔ་ད་ ལོ་ཅིག་ནང་ ཚར་ཅིག་ལས་བརྒལ་ བསྡུ་ནི་མེད་རུང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༧༠༠ ལས་༡༠༠༠ གི་བར་ན་ ཐོབ་པའི་ཁར་ མཱན་བྷ་དུར་གྱིས་ ལོ་ཅིག་ནང་ མཱོན་༥༠ དེ་རེ་བཙོང་དོ་ཡོདཔ་ད་ མཱོན་ཅིག་གིས་ ཀེ་ཇི་༤༠ དེ་ཅིག་གི་སྦེ་ཐོནམ་ཨིན་པས།
ཨ་ལན་ཅི་དེ་ སྐམ་ཚར་བའི་ཤུལ་ལས་ དོས་འབག་མི་ཚུ་ལུ་ ཀེ་ཇི་རེ་ལུ་ གླ་ཆ་ དངུལ་ཀྲམ་༡༠ རེ་སྤྲོད་དེ་ ཏུར་ས་གཙང་ཆུ་ཚུན་ བསྐྱལ་བའི་ཤུལ་ལས་ སྣུམ་འཁོར་ལུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༣ རེ་སྤྲོད་དེ་ བསམ་རྩེ་ལུ་འབག་འགྱོ་དོ་ཡོདཔ་ཨིན་པས།
ཁོ་གིས་ ཐོན་སྐྱེད་འདི་ལུ་བརྟེན་ཏེ་ ཁོ་རའི་ཨ་ལུ་༡༡ གསོ་སྐྱོང་འཐབ་ཡོད་པའི་ཁར་ ཨ་ལུ་ཚུ་ ཤེས་ཡོན་སྦྱང་ནིའི་ ཟད་འགྲོ་ག་ར་ དེ་གིས་བཏང་ཡོདཔ་མ་ཚད་ ཁྱིམ་ཅིག་ཡང་ རྐྱབ་སྟེ་ཡོདཔ་ཨིན་པས།
མཱན་བྷ་དུར་གྱིས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་འབུམ་༢ ལྷགཔ་རེ་ ཨ་ལུ་ཚུ་ལུ་ ཟད་འགྲོ་བཏང་དོ་ཟེར་ཨིནམ་ད་ ཁོ་གིས་ ཨ་ལན་ཅི་གི་ཞིང་ལུ་ ལགཔ་དཔག་སྟེ་ ཁོ་ར་ ག་ལུ་ཡང་ རེ་མ་དགོ་པའི་ཁར་ ཁོ་རའི་བཟའ་ཚང་གསོ་སྐྱོང་འབད་ནི་ལུ་ མི་ག་གི་གདོང་ཡང་ ལྟ་དགོཔ་མ་བྱུང་མི་དེ་ ཞིང་དེ་གི་བཀྲིན་ཨིན་ཟེར་ སླབ་ཨིན་པས།
ཁོ་ར་ རྒཔོ་བགྲེསཔ་ཅིན་ཨིན་པའི་ཁར ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚལ་ལུ་འཛུགས་སྐྱོང་འབད་བའི་སྐབས་ ག་ར་ ཤི་སོཔ་ལས་ དངུལ་གྱི་དཀའ་ངལ་སྦོམ་ཐོན་ཏེ་ ཨ་ལན་ཅི་འཛུགས་སྐྱོང་འབད་ནི་ལུ་ དང་འདོད་སྐྱེད་ཅི་ཟེར་ཨིནམ་ད་ གཡུས་མི་ག་ར་གིས་ ཚལ་ལུ་འཛུགས་སྐྱོང་གི་ལཱ་ བཤོལ་བཞག་ཡི་ཟེར་ཨིན་པས།
ཁོ་གི་ ཚོང་འབྲེལ་ལེགས་ཤོམ་འགྱོ་མི་ལུ་བལྟ་སྟེ་ གཡུས་ཚན་དེ་གི་ མི་མང་ཤོས་ཅིག་གིས་ ཁོ་ལུ་ དཔེ་བལྟ་སྟེ་ ཨ་ལན་ཅི་འཛུགས་སྐྱོང་འབད་ནི་ལུ་ དང་འདོད་སྐྱེད་དོ་ཡོདཔ་མ་ཚད་ རྒེད་འོག་བདག་སྐྱོང་གིས་ སོན་༡༠༠༠ དེ་ཅིག་ བཀྲམ་སྤེལ་འབད་ཡོད་རུང་ གཡུས་མི་ཚུ་གིས་ ཁོ་ལས་ཡང་ ལེན་འབག་དོ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ དངུལ་ཐོག་དེ་ལུ་ དང་འདོད་སྐྱེད་མི་ཐོནམ་ད་ ཁོ་ར་ སེམས་དགའཝ་མ་ཚད་ གཡུས་ཚན་དེ་ནང་ ད་ལྟོ་ སོ་ནམ་ཞིང་ལམ་བསལ་དོ་ཡོདཔ་ལས་ དེ་གིས་ ཚོང་འབྲེལ་ལུ་ ལྷན་ཐབས་སྦོམ་ འབད་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་ དངུལ་ཐོག་དེ་གི་སོན་ ཕུད་རྡོག་རེ་ལུ་ དངུལ་ཀྲམ་༥ སྦེ་ བཙོང་དོ་ཡོདཔ་ལས་ ཁོ་གིས་འབད་བ་ཅིན་ གཡུས་ཚན་དེ་ནང་ལས་ཐོན་མི་ སོན་དེ་ར་ འཛུགས་སྐྱོང་འབད་བ་ཅིན་ ཐོན་སྐྱེད་ལེགས་ཤོམ་ འོང་ནི་ཨིནམ་ལས་ ཕྱི་ཁར་ལས་ ནང་འདྲེན་འབད་བ་ཅིན་ འབུབ་ཀྱིས་ གནོདཔ་རྐྱབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
གཡུས་ཚན་དེ་ནང་ གཞི་གསར་ལུ་འོང་མི་ཚུ་གིས་ཡང་ དངུལ་ཐོག་དེ་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ལས་ གཡུས་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ས་ཆ་ ཨེ་ཀར་གཅིག་དེ་ཅིག་ནང་ དངུལ་ཐོག་དེ་ འཛུགས་སྐྱོང་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
གཡུས་མི་ ཨིན་ད་ར་བཱིར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་ནང་ ལྕང་ལཱ་རྐྱབ་ནིའི་ལཱ་འབད་ནི་ལུ་ ཆུའི་དཀའ་ངལ་ཡོདཔ་ལས་ ཨ་ལན་ཅི་ འཛུགས་སྐྱོང་འབད་ནི་ཟེར་ཨིན་པས།
དངུལ་ཐོག་དེ་གིས་ མ་དངུལ་ ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ་ལས་ དུར་ག་དེ་བི་གིས་ཡང་ མོ་བཏབ་བཟུམ་ཅིག་སྦེ་ མཱན་བྷ་དུར་ལས་ སོན་ཉོ་སྟེ་ བཙུགས་ཡོདཔ་ལས་ ལེགས་ཤོམ་འོང་ནི་གི་ རེ་བ་སྐྱེདཔ་ཨིན་པས།
ད་ལས་ཕར་ གཡུས་མི་མང་ཤོས་ཅིག་གིས་ འོང་འབབ་བཟོ་ནི་ལུ་དམིགས་ཏེ་ དངུལ་ཐོག་ཨ་ལན་ཅི་དེ་ གོ་རིམ་བཞིན་དུ་སྦེ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པའི་ གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment