གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གྲུབ་ལྗོངས་མཁར་གྱིས་ ཚོགས་སྡེའི་དོན་ལུ་ གདམ་ངོ་༣ བཏོན་ཡོདཔ།

༢༦/༣/༢༠༡༣   ༉ ཁ་ཙ་ ཨོ་རོང་རྒེད་འོག་ནང་ འཛོམས་འདུ་མཇུག་འགོ་འདྲེན་འཐབ་དང་འབྲེལ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གིས་ ཚོགས་སྡེའི་དོན་ལུ་ གདམ་ངོ་༣ གདམ་འཐུ་འབད་ཡོདཔ་ཨིན་པས།
ཨོ་རོང་རྒེད་འོག་གི་དོན་ལུ་ སྤྱི་ལོ་༢༠༠༨ ལུ་ སྲིད་ཚོགས་ནང་ བཅའ་མར་གཏོགས་ཏེ་ ཕམ་ཡོད་མི་ ཀུན་དགའ་རྡོ་རྗེ་དེ་ ཁ་ཙ་ འཛོམས་འདུ་ནང་ ཚོགས་རྒྱན་བཙུགས་མི་༢༣༥ འོང་ས་ལས་༡༦༡ གིས་ དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཏེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།



དེ་བཟུམ་སྦེ་ འཐུས་མི་བགྲེསཔ་ འཇིགས་མེད་དབང་ཕྱུག་གིས་ ལའུ་རི་རྒེད་འོག་ནང་ལས་ ཚོགས་རྒྱན་བཙུགས་མི་༢༥༩ འོང་ས་ལས་ དགོ་ཟེར་བའི་ཚོགས་རྒྱན་༢༥༡ ཐོབ་སྟེ་ རྒེད་འོག་དེ་གི་ གདམ་ངོ་སྦེ་ གྲུབ་ཡོདཔ་བཞིན་དུ་ བདེ་བ་ཐང་རྒེད་འོག་གི་ གདམ་ངོ་ སངས་རྒྱས་ལྷུན་གྲུབ་ཀྱིས་ཡང་ དགོ་ཟེར་བའི་ཚོགས་རྒྱན་༥༢ དང་ མི་དགོ་ཟེར་བའི་ཚོགས་རྒྱན་༢ ཐོབ་སྟེ་ རྒེད་འོག་དེ་གི་ གདམ་ངོ་སྦེ་ གྲུབ་ཡོདཔ་ཨིན་པས།
བཙག་འཐུའི་འགོ་དཔོན་ སངས་རྒྱས་ལྷུན་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་གི་རྒེད་འོག་༡༡ ཡོད་ས་ལས་ གཞན་མི་རྒེད་འོག་ཚུ་ནང་ལས་ གདམ་ངོ་མེདཔ་ལས་ མེད་ཟེར་བའི་མིང་རྟགས་ ལེན་འབག་ཡོདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཙག་འཐུ་གི་སྐོར་ལས་ གོ་བརྡ་སྤྲོད་དེ་འབད་རུང་ མང་ཤོས་ཀྱིས་ ཚོགས་རྒྱན་བཙུགས་ནི་གི་ ངོས་འཛིན་འདྲ་པར་དེ་ འབག་མ་འོངམ་ལས་ བདེ་བ་ཐང་རྒེད་འོག་བཟུམ་ཅིག་ནང་འབད་བ་ཅིན་ ཚོགས་རྒྱན་བཙུགས་པར་ མི་ངོ་༦༠ འོང་ཡོད་ས་ལས་ མི་ངོ་༡༣ གྱིས་ འདྲ་པར་ཚུ་ འབག་མ་འོངམ་ལས་ ཚོགས་རྒྱན་བཙུགས་མ་ཚུགས་ཟེར་ཨིན་པས།
གླང་ཆེན་ཕུག་དང་ ཕུན་ཚོགས་ཐང་ མར་ཚ་ལ་ པདྨ་ཐང་ བསམ་རང་ སེར་ཐིག་ སྒོམ་དར་ ཝང་ཕུག་རྒེད་འོག་ཚུ་ནང་ལས་ གདམ་ངོ་མེདཔ་ཨིན་པས།
འཐུས་མི་བགྲེསཔ་ འཇིགས་མེད་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ བཙག་འཐུ་ལྷན་ཚོགས་ནང་ ཡིག་ཆ་ཚུ་བཙུགས་ཏེ་ གདམ་ངོའི་དོན་ལུ་ ཐོ་བཀོད་འབད་ཡོད་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ མ་དངུལ་འཛིན་གྲོལ་མ་འབདཝ་ལས་ ག་ཅི་ཡང་ འབད་ནི་གི་ འཆར་གཞི་མེད་ཟེར་ཨིནམ་ད་ ཨིན་རུང་ གཞན་མི་གདམ་ངོ་༢ དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགསཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་ སྤྱི་ཟླ་༣ པའི་ཚེས་༡༦ ལས་༢༥ ཚུན་ འགོ་འདྲེན་འཐབ་མི་ འཛོམས་འདུ་ཚུ་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༢,༠༠༠ ལྷགཔ་ཅིག་ འོང་ཡོདཔ་ད་ བཙག་འཐུའི་འགོ་དཔོན་ སྡེ་ཚན་༣ གྱིས་ ཁག་དབྱེ་སྟེ་ འགོ་འདྲེན་འཐབ་ཡོདཔ་ད་ རྫོང་ཁག་དེ་ནང་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་མི་བསྡོམས་༢༤,༢༨༧ ལྷགཔ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment