གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟའ་ཚང་ཚུ་དང་ ལོག་བསྡོམ་ནི་གི་དམིགས་འཆར།

༢༧/༣/༢༠༡༣   ༉ སྐྱེས་ལོ་༣༥ ལང་མི་ བཙོན་པ་ཅིག་ ལྕམ་སྒང་བཙོན་ཁང་ལས་ ཕྱིར་ཐོན་ཏེ་ ཡངས་བཙོན་ཐོབ་མི་ལུ་ སེམས་དགའ་ཡོད་རུང་ བཙོན་ཁྲིམས་ཀྱི་ དུས་ཚོད་ཚངམ་ད་ ཁོ་རའི་ ཨ་ལུ་༣ འཚོལ་ཐོབ་མི་ཐོབ་ཀྱི་ ཚ་གྱང་ལངམ་ཨིན་པས།


དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ཡངས་བཙོན་ཐོབ་མི་དང་འབྲེལ་ སྤ་རོ་དབུ་སྐྲ་དགོན་པ་ལུ་ ལྷ་ཁང་ཉམས་གསོ་ཞུ་བར་སོང་མི་ ལྕམ་སྒང་གི་ བཙོན་པ་གིས་ ཁོ་གི་ བཙོན་ཁྲིམས་ཀྱི་ ལོ་གྲངས་༢༠ དེ་ དུས་ཅི་ལོ་ཕྱེད་ནང་ ཚང་ཞིནམ་ལས་ མི་ཚེ་ཕྱེད་ཀ་དེ་ གནས་ཚང་དང་ ཨ་ལུ་༣ དང་གཅིག་ཁར་ སྡོད་ཐོག་ལས་ མི་ཚེ་སྐྱོང་ནི་གི་ རེ་བ་བསྐྱེད་ཡོདཔ་ཨིན་རུང་ ཁོ་གི་གནས་ཚང་གིས་ ཁོ་འབད་སར་འོང་ནི་ བཤོལ་བཞག་སྟེ་ ལོ་༡ ཡར་སོཔ་ལས་ རེ་ཐག་ཆད་སོཔ་ཨིན་པས།
ང་གིས་ གོ་དོ་བཟུམ་ཅིག་འབད་བ་ཅིན་ མོ་ར་ ཕོ་སྐྱེས་གཞན་ཅིག་དང་ གཉེན་རྐྱབ་ནུག་ཟེར་བའི་ ལོ་རྒྱུས་གོ་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་ ཨ་ལུ་གསུམ་འཚོལ་ཏེ་ ཁོང་དང་གཅིག་ཁར་ སྡོད་ནི་གི་ མནོ་བསམ་སྦོམ་ཡོད་རུང་ ཁོ་གི་བུམོ་༢ དང་བུ་དེ་ ག་དེ་སྦེ་ འཚོལ་ཐོབ་ག་ཟེར་ ཚ་གྱང་ལངམ་མས་ཟེར་ སླབ་ཨིན་པས།
ཁོ་གིས་ སྐྱེས་ལོ་༡༧ ལངམ་ད་ ཀྲོང་གསར་རྫོང་ཁག་གི་ མཐའ་ཟུར་གཡུས་ཚན་ཅིག་ནང་ མཆོད་རྟོན་སློངས་མི་ལུ་བརྟེན་ བཙོན་ཁྲིམས་ཕོག་ཡོདཔ་ཨིན་རུང་ ལོ་ངོ་བཅུ་ཕྲག་༡ གི་ཧེ་མར་ ལྕམ་སྒང་བཙོན་ཁང་ནང་མིན་པར་ ཕྱི་ཁར་སྡོད་ནི་གི་ གོ་སྐབས་ཐོབ་པའི་སྐབས་ ཨམ་སྲུ་དེ་དང་ གཉེན་རྐྱབ་ཡོདཔ་ཨིན་པས།
ང་བཙོན་ནང་ལས་བཏངམ་ད་ གཅིག་ཁར་སྡོད་ནི་སྦེ་ ཁས་ལེན་འབད་ཡོད་རུང་ གནམ་བསྐོས་དང་འཁྲིལ་དགོཔ་ལས་ ད་རིས་ མོ་ར་ ཕོ་སྐྱེས་གཞན་དང་གཅིག་ཁར་ འགྱོ་མི་ལུ་ ཁ་བཏང་དགོཔ་མེད་ཟེར་ ཁོ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་གི་བུམོ་༢ ཐིམ་ཕུ་ལུ་ གཡོགམོ་སྦེ་ ལཱ་འབད་དོ་ཡོདཔ་ ཤེས་རྟོགས་བྱུང་ཡོད་རུང་ ག་གི་ཁྱིམ་ནང་ ལཱ་འབདཝ་ཨིན་ན་ ཤེས་མ་ཚུགས་ཟེར་ཨིནམ་ད་ ཁོ་གི་བུ་ཆུང་ཤོས་དེ་ ག་ཏེ་སྡོདཔ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་མི་དེ་ཡང་ ལོ་༤ གི་ཧེ་མར་ ཁོ་གི་གནས་ཚང་དེ་ ཁོ་དང་ཕྱད་པར་ ལྕམ་སྒང་ལུ་འོངམ་ད་ སླབ་མ་བཏུབ་ཟེར་ སླབ་ཨིན་པས།
ཨ་ལུ་ཚུ་ སྐྱེས་ལོ་༦ ལས་༡༡ ཚུན་ ལང་ཡོདཔ་ཨིན་པས།
ད་རུང་ སྐྱེས་ལོ་༤༨ ལང་མི་ བཙོན་པ་དེ་ སྤྱི་ལོ་༢༠༠༣ ལུ་ བཙོན་ཁྲིམས་མ་ཕོག་པའི་ཧེ་མར་ བང་ཊར་ལུ་ གཞིས་ཆགས་ཡོདཔ་ཨིན་རུང་ ཁོ་གི་གནས་ཚང་གྱོངས་བའི་ཤུལ་ལུ་ ཨ་ལུ་ཚུ་ཡང་ ཁྱིམ་བཀོ་བཞག་སྟེ་ ཡར་སོ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟླཝ་༢ དང་༣ གྱི་བར་ན་ཚར་རེ་ ཁོ་དང་ཕྱད་པར་ ལྕམ་སྒང་ལུ་ འོང་ནི་ཡོད་མི་ ཕོ་སྤུན་དེ་གིས་ ཁོ་གི་བུ་༢ དགེ་སློང་ནང་ འཛུལ་ཡོདཔ་མ་ཚད་ བུམོ་༢ བསམ་གྲུབ་ལྗོངས་མཁར་ལུ་ ཁོ་རའི་སྤུན་ཆ་དང་གཅིག་ཁར་ སྡོད་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།
ཨ་ལུ་ཚུ་ འཚོལ་ཞིནམ་ལས་ བང་ཊར་ལུ་ ཁྱིད་འགྱོ་ནི་ཟེར་ ཁོ་གིས་ བཤད་པའི་ཁར་ དབུ་སྐྲ་དགོན་པ་ལུ་ ལྷ་ཁང་ཉམས་གསོ་ཞུཝ་ད་ གླ་འཐུས་ཐོབ་མི་དེ་ བསག་ཞིནམ་ལས་ སྦ་སྒོར་ཅིག་ རྐྱབ་ནི་གི་ རེ་བ་ཡོད་ཟེར་ སླབ་ཨིན་པས།
ཧཱ་ལས་ སྐྱེས་ལོ་༥༢ ལང་མི་ བཙོན་པ་གཞན་ཅིག་གིས་ སླབ་མིའི་ནང་ ཁོ་ར་ བཙོན་ཁང་གི་ཕྱི་ཁར་ ཡངས་བཙོན་ནང་སྡོདཔ་ད་ ཁོ་གི་ ཨ་ལུ་༢ དང་ གནས་ཚང་གིས་ ཁོ་འབད་སར་འོང་སྟེ་ སྡོད་མི་སྡོད་ཀྱི་ ཚ་གྱང་ཡོད་ཟེར་ཨིན་པས།
ང་ ནཱ་ལུ་སྡོད་དེ་ ལོ་༡༢ ལང་ཡོདཔ་ལས་ ཁོང་གི་མི་ཚེ་ནང་ བསྒྱུར་བཅོས་ལེ་ཤ་ཡར་སོཔ་འོང་ཟེར་ ཁོ་གིས་ སླབ་ཨིན་པས།
བཙོན་པ་༣༠ སྤ་རོ་དབུ་སྐྲ་དགོན་པ་ལུ་ བཏང་མི་གྲས་ལས་ མང་ཤོས་ར་ ཨ་ལུ་ཚུ་དང་གཅིག་ཁར་ སྡོད་ནི་གི་ རེ་བ་བསྐྱེདཔ་ཨིན་རུང་ ལ་ལུ་ཅིག་གིས་ ཕམ་འབད་སར་ ལོག་འགྱོ་ནི་གི་ མནོ་བསམ་བཏངམ་ཨིན་པས།
ད་རུང་ ཁྲིམས་སྲུང་འགག་པ་གིས་ རྒྱལ་ཁབ་ཀྱི་ ས་གནས་སོ་སོའི་ནང་ བཙོན་ཁྲིམས་འབག་པའི་བསྒང་ཡོད་མི་ བཙོན་པ་༦༨ ཡངས་བཙོན་ནང་ བཞག་ནིའི་དོན་ལུ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment