དེ་ཡང་ ཁོང་གི་ ཁྱིམ་ཐོག་མེདཔ་ཐལ་མི་དེ་ རྫོང་ཁག་བདག་སྐྱོང་གིས་ ཁས་བླངས་ཐོག་ལས་ ཁྱིམ་ཐོག་བཀབ་བྱིན་ཡི།
![]() |
རྒྱལ་སྤྱི་དགའ་སྐྱིད་ཀྱི་ཉིནམ་ བརྩི་སྲུང་དོན་ལུ་ བློན་ཆེན་མཆོག་གིས་ ཁོ་རའི་ བཟའ་ཚང་ནང་མི་ཚུ་ཁྱིད་དེ་ ཐིམ་ཕུ་བརྒྱ་འཁོར་གླིང་ཁ་ནང་ ཁམས་སངས་བྱོན་པའི་བསྒང་། |
![]() |
ཚེ་རིང་སྒྲོལ་མ་དང་ མོ་གི་རྨགཔ་ཕུར་པ། |
ཁྱིམ་ཐོག་ཤིང་ལེབ་བཀབ་མི་དེ་ རྙིངམ་ཐལ་མི་ལུ་བརྟེན་ གནམ་བྱཱར་ལུ་ ཆརཔ་ནང་ན་འཛགས་པའི་ དཀའ་ངལ་སྦོམ་བྱུང་དོ་ཡོདཔ་ རྫོང་ཁག་བདག་སྐྱོང་གིས་ ཤེས་ཞིནམ་ལས་ རྒྱལ་སྤྱི་དགའ་སྐྱིད་ཀྱི་ ཉིནམ་དང་འབྲེལ་ ལྕགས་ཤོག་བཀབ་བྱིན་ཡོདཔ་མ་ཚད་ མ་ཁྱིམ་དང་མཐུད་དེ་ ཐབ་ཚང་ཡང་རྐྱབ་བྱིན་ཡི།
རྫོང་བདག་ལྷུན་གྲུབ་དབང་ཕྱུག་གིས་ སླབ་མིའི་ནང་ མ་གཞི་ ཁྱིམ་ཐོག་བཀབ་ནིའི་ལཱ་དེ་ ཆུང་ཀུ་ཅིག་ཨིན་རུང་ རྫོང་ཁག་གི་ཧོངས་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ ལག་ལེན་དངོས་བསྟར་གྱི་ གྲུབ་འབྲས་ཅིག་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ད་རེས་ ཚེ་རིང་སྒྲོལ་མ་ལུ་ གྲོགས་རམ་འབད་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱིད་སྡུག་གནང་བཞིན་དུ་ཡོད་མི་གུ་ ལྷན་ཐབས་དུམ་གྲ་ཅིག་འབད་དོ་བཟུམ་ཅིག་ཨིན་ཟེར་ རྫོང་བདག་གིས་ བཤད་ཡོདཔ་ད་ མོ་གིས་ རྒྱལ་པོའི་སྐྱིད་སྡུག་ཡིག་ཚང་ལས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༨༠༠ རེ་ སྐྱིད་སྡུག་ཐོབ་དོ་ཡོདཔ་ཨིན་པས།
ཁྱིམ་ཐོག་བཀབ་ནིའི་དོན་ལུ་ ལྕགས་ཤོག་དང་ ཤིང་ཆས་ཚུ་ རྫོང་ཁག་བདག་སྐྱོང་གིས་ བཏོན་པའི་ཁར་ ལཱ་དེ་ཡང་ རྫོང་ཁག་འགོ་དཔོན་དང་ ལས་བྱེདཔ་༢༢ དེ་ཅིག་གིས་ ཁས་བླངས་ཀྱི་ཐོག་ལས་ དྲོ་པ་ལས་ ཕྱི་རུ་ཚུན་ཚོད་འབད་ཡི།
ཁ་ཙ་ལས་ ཁྱིམ་གསརཔ་ནང་ སྡོད་ནི་གི་ གོ་སྐབས་ཐོབ་ལས་ དགའ་སྤྲོ་ཚད་མེད་བྱུང་མི་ ཚེ་རིང་སྒྲོལ་མ་གིས་ སླབ་མིའི་ནང་ མོ་གི་མི་ཚེ་ནང་ དེ་བཟུམ་མའི་ ཁྱིམ་རྐྱབ་ནི་གི་ ལྕོགས་གྲུབ་མེདཔ་ལས་ རྫོང་ཁག་བདག་སྐྱོང་གིས་ རྒྱབ་སྐྱོར་འབད་མི་ལུ་ ནམ་ཡང་ མི་བརྗེད་ཟེར་ཨིནམ་ད་ མོ་ལུ་ ཧེ་མའི་རྨགཔ་ལས་ བུམོ་༢ ཡོད་མི་གཉིས་ཆ་ར་ ཨ་ནེམོ་ནང་འཛུལ་ཡོདཔ་ལས་ མོ་ལུ་ ཆ་རོགས་འབད་མི་ ག་ཡང་མེདཔ་ཨིན་པས།
ད་རུང་ ཉིནམ་དེ་ཁར་ བ་འཇོ་ཁྲོམ་ཁར་འགྱོ་ས་དང་ ཀྲོང་གསར་ཁ་ཐུག་ལུ་འགྱོ་སའི་ གཞུང་ལམ་ཁར་ འགྲུལ་པ་ཚུ་ ངལ་འཚོ་སའི་ ཁྱིམ་ཅིག་རྐྱབ་མི་དེ་ཡང་ འགོ་འབྱེད་འབད་ཡོདཔ་མ་ཚད་ རྫོང་ཁག་བདག་སྐྱོང་ཡིག་ཚང་གི་ མཐའ་འཁོར་ལུ་ ཤིང་གི་ལྕངམ་༡༠༠ལྷགཔ་ཅིག་བཙུགས་ཅི།
དེ་ལས་ བ་འཇོ་ཁྲོམ་སྦུག་ལུ་ རྫོང་ཁག་གསོ་བའི་ སྡེ་ཚན་གྱིས་ མི་མང་ལུ་ ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ལྗིད་ཚད་བལྟ་ནི་ དེ་ལས་ ཁྲག་ཤུགས་དང་ གུ་རམ་དང་འབྲེལ་བའི་ ནད་གཞི་ཚུ་ཡང་ བརྟག་དཔྱད་འབད་མིའི་ནང་ མི་༡༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།
དབང་འདུས་ལས་ བསྟན་འཇིན་རྣམ་རྒྱལ།
No comments:
Post a Comment