༣༠/༣/༢༠༡༣ ༉ ཧཱ་རྫོང་ཁག་ནང་ སྒེར་གྱི་སློབ་གྲྭ་གསརཔ་ གཞི་བཙུགས་འབད་མི་གིས་ ཧཱ་གི་ཕམ་ཚུ་ ཨ་ལུ་སློབ་གྲྭ་གཞན་ཁར་ བཏང་མ་ཚུགས་མི་དང་ ཐག་རིང་སར་ བཏང་དགོ་མ་མནོ་མི་ཚུ་གི་དོན་ལུ་ ཕན་ཐོགས་སྦོམ་ར་བྱུང་དོ་ཡོདཔ་ཨིན་པས།
འཇམ་དཔལ་མཐོ་རིམ་སློབ་གྲྭ་གོང་མ་དེ་ ལོ་༥ འི་རིང་ བཟོ་སྐྲུན་འབད་བའི་ཤུལ་ལུ་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ འགོ་བཙུགས་ཡོདཔ་ཨིན་པས།
སློབ་གྲྭ་བཟོ་སྐྲུན་གྱི་ལཱ་དེ་ སྤྱི་ལོ་༢༠༠༨ ལུ་ འགོ་བཙུགས་ཡོདཔ་ད་ སློབ་གྲྭ་ཆགས་སའི་ས་ཁོངས་དེ་ ཧཱ་ཁྲོམ་ལས་ སྣུམ་འཁོར་ནང་ དུས་ཡུན་སྐར་མ་༢༠ འགྱོ་དགོ་པའི་ལམ་ཁར་ཡོདཔ་བཞིན་དུ་ ལྟོ་ཉིན་ཆོས་ལྷབ་མི་ སློབ་ཕྲུག་ཚུ་ལུ་ སྣུམ་འཁོར་བཱསི་གི་ ཞབས་ཏོག་ཚུ་ཡང་ ཡོདཔ་ཨིན་པས།
ཧཱ་སྒེར་སྡེ་སློབ་གྲྭ་གསརཔ་དེ་ནང་ སློབ་ཕྲུག་ཡོངས་བསྡོམས་༢༥༠ གིས་འཛུལ་ཞུགས་འབད་ཡོདཔ་བཞིན་དུ་ ད་ལྟོ་ འགོ་བཙུགས་པའི་བསྒང་འབད་ནི་དེ་གིས་ ཆོས་ཚན་ རྩིས་དང་ ནང་རིག་༢ ཡོད་ཟེར་ཨིན་པས།
སློབ་དབུ་འཛིན་ རྡོ་རྗེ་ཚེ་རིང་གིས་ ཀུན་གསལ་ལུ་བཤད་དོ་ བཟུམ་འབད་བ་ཅིན་ ད་ལྟོ་ སློབ་གྲྭ་གསརཔ་དེ་ནང་ ཉམས་མྱོང་ཅན་གྱི་ སློབ་དཔོན་སྡེ་ཚན་༡ ཡོདཔ་ལས་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་ལེགས་ཤོམ་འབད་དེ་ གྲུབ་འབྲས་ལེགས་ཤོམ་འཐོན་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
འཇམ་དཔལ་འབྲིང་རིམ་སློབ་གྲྭ་གོང་མའི་ ཇོ་བདག་ དོན་གྲུབ་ནོར་བུ་གིས་ བཤད་མི་དང་འཁྲིལཝ་ད་ ཁོ་གིས་ སློབ་གྲྭ་དེ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནི་ལུ་ དཀའ་ངལ་ལེ་ཤ་ཅིག་ ཐོན་ཡི་ཟེར་ཨིན་པས།
སློབ་གྲྭའི་ས་ཁོངས་ལས་འགོ་བཙུགས་ དངུལ་ཁང་ལས་ དངུལ་བསྐྱིན་འགྲུལ་ལངམ་སྦེ་ ཐོབ་མ་ཚུགས་མི་དང་ ཧཱ་རྫོང་ཁག་དེ་ ས་ཁ་མཐོ་ས་འབད་ནི་དེ་གིས་ གནམ་དགུན་ ཟླཝ་༤ རྩི་སའི་ལཱ་ འབད་མ་ཚུགས་མི་ལུ་བརྟེན་ ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་ཟེར་ཨིན་པས།
སྤྱིར་བཏང་སློབ་གྲྭ་དེ་ སྤྱི་ལོ་༢༠༡༠ ལུ་ འགོ་བཙུགས་ཚུགས་པའི་འཆར་གཞི་ཨིན་རུང་ བྱ་སྟབས་མ་བདེ་བའི་གནད་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༣ པའི་ནང་མ་གཏོགས་ འགོ་བཙུགས་མ་ཚུགས་ཟེར་ཨིན་པས།
སློབ་ཕྲུག་གི་ཕམ་དབང་ཕྱུག་གིས་ བཤད་མི་དང་འཁྲིལཝ་ད་ ཧཱ་རྫོང་ཁག་ནང་ སྒེར་གྱི་ སློབ་གྲྭ་གཞི་བཙུགས་འབད་མི་གིས་ ཕམ་ཉམ་ཆུང་ ཚུ་ལུ་ ཁེ་ཕན་སྦོམ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨ་ལུ་ཚུ་ རྫོང་ཁག་གཞན་ཁའི་སློབ་གྲྭ་ནང་བཏང་པའི་སྐབས་ སློབ་གྲྭའི་འཐུས་མ་རྩིས་བར་ ཉོ་ཚོང་རྐྱངམ་གཅིག་ལུ་ དངུལ་ཀྲམ་༢༠,༠༠༠ ལས་༣༠,༠༠༠ འི་བར་ན་ ཟད་འགྲོ་གནསཔ་མས་ཟེར་ཨིན་པས།
དུས་ཅི་འབད་བའི་བསྒང་ལས་ སློབ་གྲྭའི་འཐུས་དངུལ་ཀྲམ་༣༦,༠༠༠ སྤྲོད་ དེ་ལས་ གཞན་མི་དོན་ལུ་བཏང་མིའི་ཟད་འགྲོ་ཚུ་ སང་ཕོད་ཀྱི་དོན་ལུ་ཡང་ ལང་ཚུགས་ནི་མས་ཟེར་ཨིན་པས།
སློབ་གྲྭའི་སྦྱིན་བདག་གིས་འབད་བ་ཅིན་ ཁོ་གིས་ ཧཱ་ལུ་ སྒེར་གྱི་སློབ་གྲྭ་གཞི་བཙུགས་འབད་དགོ་མི་དེ་ ཨ་ལུའི་ཕམ་ས་གནས་གཞན་ཁ་ བཏང་མ་ཚུགས་མི་ཚུ་གི་དོན་ལུ་དང་ ས་གནས་ནང་ ན་གཞོན་ག་ར་ འབྲི་ལྷག་ཤེས་ཡོན་ ཐོབ་ཚུགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སློབ་གྲྭའི་བཟོ་སྐྲུན་གྱི་ ལཱ་མང་ཤོས་ཅིག་ར་ མཇུག་བསྡུ་ཡོད་རུང་ ལྷག་ལུས་དུམ་གྲ་ཅིག་ཡོད་མི་ཚུ་ཡང་ དུས་ཅི་ སྤྱི་ཟླ་༦ པའི་ནང་ལུ་ མཇུག་བསྡུ་ཚུགསཔ་འབད་ནི་ཟེར་ དོན་གྲུབ་ནོར་བུ་གིས་ བཤདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་ བཤད་མི་དང་འཁྲིལཝ་ད་ དུས་ཅི་ སློབ་གྲྭ་གསརཔ་འགོ་བཙུགསཔ་ཅིག་འབད་ནི་དེ་གིས་ ཆོས་ཚན་ ༢ ལས་བརྒལ་ མ་བཙུགས་ཏེ་འབད་རུང་ སང་ཕོད་ལས་ ཚན་རིག་ཚུ་ཡང་བཙུགས་ནིའི་འཆར་གཞི་ ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
![]() |
ཧཱ་ལུ་ བཟོ་སྐྲུན་འབད་མི་ སྒེར་གྱི་སློབ་གྲྭ་གསརཔ། |

ཧཱ་ལས་ ཡེ་ཤེས་སྒྲོལ་མ།
No comments:
Post a Comment