གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཟི་ཚོང་འཐབ་པའི་འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ།

༢༧/༣/༢༠༡༣   ༉ གཟི་ཨར་རྐུན་འབད་དེ་ ཚོང་སྒྱུར་འཐབ་མི་ བསམ་གཏན་རྡོ་རྗེ་ལུ་ བཀྲིས་གཡང་རྩེའི་ ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༤ བཀལ་མི་ལུ་ ཆེ་མཐོའི་ཁྲིམས་ཁྲི་༢ པ་གིས་ཡང་ བསྒྱུར་ལྡོག་མེད་པའི་འཁྲུན་ཆོད་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་བཏོན་ནུག།


སྐྱེས་ལོ་༢༧ འབད་མི་ བསམ་གཏན་རྡོ་རྗེ་གིས་ མཐོ་གཏུགས་འབད་མི་དང་འཁྲིལཝ་ད་ ཕུར་པ་ལུ་ བཙོང་མི་གཟི་དེ་ སྤྱི་ལོ་༢༠༠༤ ལུ་ སྒོམ་ཕུ་སྐོར་རའི་ཚེས་བཅུ་སྐབས་ པདྨ་ཟེར་མི་ལས་ ཉོ་ཡོདཔ་མ་གཏོགས་ སྐལ་བཟང་ལས་ ཨར་རྐུན་འབད་འབདཝ་མེན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐལ་བཟང་གིས་ཡང་ གཟི་ངོས་འཛིན་འབད་མ་ཚུགས་པའི་ རྒྱབ་ཁུངས་ཡང་ དཀར་སངས་དང་ ཚོང་པའི་སྤྱི་མི་ བྱང་ཆུབ་ལ་ ཨང་རྒས་ཀུན་བཟང་གི་བུམོ་པདྨ་ དེ་ལས་ གཡང་སྐྱིད་བཅས་འཛོམས་ཐོག་ གཟི་དེ་ ངོས་འཛིན་རྩ་ལས་ འབད་མ་ཚུགས་པའི་ལག་བྲིས་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ཚེས་༣༡ ཅན་མར་ དྭངས་གསལ་བཀོད་རུང་ བརྟག་ཞིབ་མ་གནངམ་ལས་ ཁེ་རྒུད་མ་བཏུབ་ཟེར་ ཞུ་ནུག།
ཨིན་རུང་ ཆེ་མཐོ་ཁྲིམས་འདུན་ལས་ བཀའ་རྒྱ་གནང་མིའི་ནང་གསལ་ མཐོ་གཏུགས་པ་གིས་ གཟི་བྱུང་ཚུལ་གྱི་ གནས་ལུགས་དང་ ར་ཁུངས་བཀལ་ནི་མེད་པའི་ཁར་ ཀུན་བཟང་གིས་ ཐོག་མའི་ཁྲིམས་འདུན་ལུ་ ངག་བརྗོད་ནང་ཡང་ གཟི་མིག་གཉིས་མ་དེ་ མོ་རའི་ ངེས་ཏིག་ཨིན་པའི་ ངག་བརྗོད་ཕུལ་ཏེ་འདུག་ཟེར་ཨིན་པས།
དེ་མ་ཚད་ མཐོ་གཏུགས་པ་གིས་ པདྨ་ལས་ གཟི་ཉོ་ཡོད་པའི་ ར་ཁུངས་ཡོངས་རྫོགས་བཏོན་ནི་མེདཔ་ལས་ གཟི་མིག་གཉིས་མ་དེ་ ཕུར་པ་ལུ་ བཙོང་བའི་མངོན་རྟགས་ཐོནམ་ལས་ ཐོག་མའི་ཁྲིམས་འདུན་ལས་གནང་མི་ འཁྲིན་ཆོད་ལུ་ བསྒྱུར་བཅོས་འབད་དགོ་པའི་ གནད་དོན་མིན་འདུག་ཟེར་ བཀོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༢༠ ལུ་ བཀྲིས་གཡང་རྩེའི་ཁྲིམས་འདུན་གྱི་ བཤེར་བཅུད་དང་འཁྲིལཝ་ད་ རྩོད་ཟླ་བསམ་གཏན་རྡོ་རྗེ་གིས་ གཟི་མིག་༣ འབད་མི་ཅིག་དང་༢ འབད་མི་ཅིག་ ཚོང་སྒྱུར་འཐབ་པའི་ངོས་ལེན་འབད་ཡོད་རུང་ ཨང་རྒས་ཀུན་བཟང་གི་ཁྱིམ་ནང་ལས་ གཟི་དང་བྱི་རུ་ཚུ་ ཨར་རྐུན་འབད་བའི་སྐོར་ལས་ ཁ་བཟེད་མ་བཏུབ་ཨིན་པས།
ཨིན་རུང་ རྩོད་ཟླ་བསམ་གཏན་རྡོ་རྗེ་དེ་ སྤྱི་ལོ་༢༠༠༥ ཟླ་༡༢ པའི་ཚེས་༥ ལུ་ ཕུན་ཚོགས་ཆོས་གླིང་ལུ་ ཨང་རྒས་སྐལ་བཟང་གི་ཁྱིམ་ནང་ ལོ་ཆོག་བཏང་སར་སོང་མི་དང་ གཟི་དང་བྱི་རུ་ཚུ་ གཡང་བུམ་ནང་ བཙུགས་ཡོད་པའི་མངོན་གསལ་བྱུང་ནུག།
དེ་མ་ཚད་ ཁྲིམས་སྲུང་འགག་པ་ལུ་ གཟི་ཚོང་སྒྱུར་འཐབ་པའི་སྐོར་ ངག་བརྗོད་ཕུལ་མིའི་ནང་ གཟི་ཚོང་འཐབ་མི་ ཕུར་པ་ཡང་ ངོ་མི་ཤེས་པའི་ཁར་ གཟི་ཚུ་མོང་སྒར་ལས་ པདྨ་ཟེར་མི་ལས་ ཉོ་ཡོད་པ་ད་ གཟི་དེ་ ཨའི་གིས་བྱིན་ལུགས་ཚུ་དང་ རྟགས་མ་མཐུན་པའི་ སྒྲུབ་བྱེད་ཚུ་ ཕུལ་ཡོདཔ་ཨིན་པས།
རྫོང་ཁག་གི་འཁྲུན་ཆོད་ནང་ བསམ་གཏན་རྡོ་རྗེ་དང་ ཚོང་སྒྱུར་འཐབ་མི་ལུ་བརྟེན་ རྩོད་ཟླ་ཕུར་པ་དང་ རྩོད་ཟླ་དཀར་སངས་ལུ་ ཅ་རྙིང་གཟི་གནང་བ་མེད་པར་ ཉོ་བཙོང་འཐབ་པའི་ ར་ཁུངས་ཐོནམ་ལས་ ཉེས་ཁྲིམས་ལོ་༢ དང་ཟླ་༡༡ བཀལ་ཡོདཔ་ཨིན་པས།
གཟི་དེ་ སླར་ལོག་ ཨང་རྒས་ཀུན་བཟང་ལུ་ སྤྲོད་དགོ་པའི་ཁར་ རྩོད་ཟླ་དཀར་སངས་ལས་ གཟི་ཉོ་བའི་རིན་གོང་ དངུལ་ཀྲམ་༡༣༥,༠༠༠ དེ་ ཕུར་པ་ལུ་ སྤྲོད་དགོཔ་ད་ ཕུར་པ་གིས་ ལོག་སྟེ་ར་ དཀར་སངས་ལུ་ རྩིས་སྤྲོད་དགོཔ་སྦེ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment