གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་ཁྲལ་མར་ཕབ་ཀྱི་གྲོས་འཆར་ གཞུང་གསརཔ་གིས་འབད་ནི།

༣༠/༣/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ཐིམ་ཕུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཞལ་འཛོམས་ཁང་ནང་སྦེ་འཚོགས་མི་ སྒེར་སྡེ་གོང་འཕེལ་ཚོགས་ཆུང་གི་ ཞལ་འཛོམས་སྐབས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་  འབྲུག་མི་སྒེར་སྡེ་ཚུ་གིས་ རྒྱ་གར་རྒྱལ་ཁབ་ནང་ ཕྱིར་ཚོང་འཐབ་པའི་ནང་ཁྲལ་ཚུ་ མར་ཕབ་འབད་དགོཔ་སྦེ་ ཞུ་ཡོདཔ་ཨིན།


ཚོགས་སྡེའི་ངོ་ཚབ་ཚུ་གིས་འབད་བ་ཅིན་ ད་ལྟོ་ རྒྱ་གར་རྒྱལ་ཁབ་ནང་ ཕྱིར་ཚོང་ཐབ་མི་ལུ་ ནང་ཁྲལ་བཀལ་མི་ཚུ་ མར་ཕབ་འབད་ཐོག་ལས་ རྒྱལ་ཁབ་ནང་འཁོད་ནང་ར་བཀལ་བ་ཅིན་ ལེགས་ཤོམ་འོང་ནི་དང་ དེ་གིས་ རྒྱལ་ཁབ་གོང་འཕེལ་གྱི་དོན་ལུ་དགོ་པའི་ འོང་འབབ་བཟོ་ནི་ལུ་ཡང་ ཕན་ཐོགས་བྱུང་འོང་ཟེར་ཨིན་པས།
ད་རེས་ཀྱི་ལམ་ལུགས་ནང་འབད་བ་ཅིན་ འབྲུག་པའི་ ནང་འདྲེན་པ་ཚུ་གིས་ རྒྱ་གར་རྒྱལ་ཁབ་ནང་ལས་ ཅ་ཆས་ཚུ་ ནང་འདྲེན་འབད་བའི་སྐབས་ ནང་ཁྲལ་བརྒྱ་ཆ་༤ ལས་༢༠ རེ་ བཀལ་ནི་ཡོདཔ་ད་ དེ་གི་ཤུལ་ལས་ རྒྱ་གར་གཞུང་གིས་ ཡིག་ཆ་ཚུ་ དབྱེ་ཞིབ་འབད་ཐོག་ལས་ ཁྲལ་དེ་ འབྲུག་གཞུང་ལུ་ ལོག་སྤྲོད་དོ་ཡོདཔ་ཨིན་པས།
ཚོགས་སྡེའི་ངོ་ཚབ་ཚུ་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ འཛམ་གླིང་རྒྱལ་ཁབ་ཚུ་གི་གྲས་ལས་ ཁྲལ་ལོག་འཐོབ་ནིའི་ ལམ་ལུགས་ལག་ལེན་འཐབ་མི་ འབྲུག་དང་ ནེ་པཱལ་རྒྱལ་ཁབ་༢ ཨིན་རུང་ སྤྱི་ལོ་༢༠༡༢ ལུ་ ནེ་པཱལ་དང་ རྒྱ་གར་རྒྱལ་ཁབ་༢ ཀྱི་བར་ནའི་ ཚོང་འབྲེལ་གན་ཡིག་གུ་ གྲོས་བསྟུན་འབད་ཐོག་ལས་ ལམ་ལུགས་དེ་ མེདཔ་བཟོ་ནུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ང་བཅས་ཀྱིས་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་བཞིན་དུ་ཡོད་པའི་ ཁྲལ་བཀལ་ནིའི་ལམ་ལུགས་དེ་ གཙོ་བོ་ར་ ཅ་ཆས་ཚུ་ནང་འདྲེན་འབད་བའི་སྐབས་ ཁ་བསྒྱུར་འགྱོ་ནི་ལས་ བཀག་ནིའི་དོན་ལུ་ ཨིན་ཟེར་ཨིན་མས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གནད་ཐོ་དང་འཁྲིལ་བ་ཅིན་ འབྲུག་པའི་སྒེར་སྡེའི་ཚོང་པ་ཚུ་གིས་ ནང་ཁྲལ་དངུལ་ཀྲམ་དུང་ཕྱུར་༢.༣ རྒྱ་གར་ལུ་ སྤྲོད་ཡོདཔ་ད་ ད་ལྟོ་ འབྲུག་ལུ་ དངུལ་ཀྲམ་དུང་ཕྱུར་༡.༢ ལས་ ལོག་མ་ལྷོདཔ་མ་ཚད་ འཐོབ་ཚུགས་ནི་ལུ་ཡང་ དུས་ཡུན་རིངམོ་སྦེ་ར་ འགོར་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་༢ ཀྱི་ ཚོང་འབྲེལ་གན་ཡིག་ནང་ འབྲུག་པའི་ཚོང་པ་ཚུ་གིས་ རྒྱ་གར་གྱི་ཁྲོམ་ཚོགས་ལས་  ཅ་ཆས་ག་ལྷོད་སྦེ་ཉོ་མིའི་ གོང་ཚད་ཚུ་ལུ་ ནང་ཁྲལ་མ་བཀལ་བའི་ཧེ་མར་ གོང་ཚད་ཡོངས་བསྡོམས་ལས་ བརྒྱ་ཆ་༤༠ བཏོགས་བཏང་དོ་ཡོདཔ་ད་ གལ་སྲིད་ ཅ་ཆས་ཚུ་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ལས་ ཉོ་སྒྲུབ་འབད་བ་ཅིན་རྐྱངམ་གཅིག་ ནང་ཁྲལ་ཚུ་ བརྒྱ་ཆ་ལས་བརྒྱ་ཆ་སྦེ་ འབྲུག་ལུ་ ལོག་སྤྲོད་ནི་ཨིན་ཟེར་བཀོད་ནུག།
ད་ལྟོའི་ལམ་ལུགས་དང་འཁྲིལཝ་ད་ ཁྲལ་ཚུ་ བརྒྱ་ཆ་སྦེ་ར་ ལོག་མི་འཐོབ་དོ་ཡོདཔ་མ་ཚད་ དུས་ཡུན་ཡང་ རིངམོ་སྦེ་ར་ འགོར་དོ་ཡོད་མི་ལུ་བརྟེན་ གནོད་ཉེན་བྱུང་དོ་ཡོདཔ་སྦེ་ ཚོགས་སྡེའི་ངོ་ཚབ་ཅིག་གིས་ སླབ་ཅི།
ཚོགས་ཆུང་གི་འཐུས་མི་ དངུལ་རྩིས་དྲུང་ཆེན་ བླམ་རྡོ་རྗེ་གིས་འབད་བ་ཅིན་ ཁྲལ་ཚུ་ ལོག་འཐོབ་ནི་ལུ་ དུས་ཡུན་ལོ་ལས་བཅད་དེ་ འགོར་དོ་ཡོདཔ་ད་ སྤྱི་ལོ་༢༠༡༠ གྱི་ཁྲལ་ཚུ་ དུས་ཅི་ སྤྱི་ཟླ་༤ པ་ མཇུག་བསྡུ་ཁམས་ཅིག་ནང་ལས་བརྒལ་ ལོག་མ་ཐོབ་ཟེར་ཨིན་པས།
ཁྲལ་ལོག་འཐོབ་ནི་དེ་ རྒྱལ་ཁབ་ཀྱི་དོན་ལུ་ འོང་འབབ་ཀྱི་ཐོན་སྐྱེད་ ངོ་མ་ཅིག་འབད་ནི་དེ་གིས་ དེ་ལུ་ ལེགས་ཤོམ་སྦེ་ ཞིབ་འཚོལ་འབད་དགོཔ་ཡོད་ཟེར་ཨིན་པས།
བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ མ་གཞི་ ཚོགས་སྡེ་གིས་ ནང་ཁྲལ་ལོག་ཐོབ་མི་ལམ་ལུགས་ལུ་ ཞིབ་འཚོལ་ལེགས་ཤོམ་འབད་དེ་ རྒྱབ་བསྣོན་གྱི་གདམ་ཁ་ཚུ་ཡང་ ལེ་ཤ་ཅིག་ར་བཟོ་སྟེ་ གྲོས་འཆར་བཙུགས་ཡོདཔ་ཨིན་རུང་ གྲོས་འཆར་བཙུགས་ནི་དེ་ ཧ་སུ་ཅིག་འབད་མཐོངམ་མ་ཚད་ གཞུང་རྩ་འགྲོལ་ འགྱོ་རན་ནི་དེ་གིས་ གནང་བ་འགྲུབ་ཚུགས་པའི་ འོས་སྦྱོར་དང་མི་ལྡན་པས་ཟེར་ སླབ་ཅི།
ཨིན་རུང་ གྲོས་འཆར་དེ་ ལོག་ལེགས་ཤོམ་སྦེ་བཟོ་དགོཔ་ཡོདཔ་ལས་ དེ་ལུ་ གནང་བ་སྤྲོད་ནི་དེ་ གཞུང་གསརཔ་གིས་ གཟིགས་འོང་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment