གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གློག་མེ་ཞབས་ཏོག་སྡེ་ཚན་གྱི་ འཛིན་སྐྱོང་འགོ་དཔོན་བགྲེསཔ་ གདམ་འཐུ་གྲུབ་ཡོདཔ།

༢༧/༣/༢༠༡༣   ༉ ཚོགས་རྒྱན་བཙུགས་མི་བསྡོམས་༡༩༨ འོང་མི་ལས་ ཚོགས་རྒྱན་༡༩༤ ཐོབ་སྟེ་ འབྲུག་གློག་མེ་ཞབས་ཏོག་སྡེ་ཚན་གྱི་ འཛིན་སྐྱོང་འགོ་དཔོན་བགྲེསཔ་ བསྟན་པ་རྡོ་རྗེ་གིས་ ཁ་ཙ་ ལྷུན་རྩེ་རྫོང་ཁག་ རྒྱ་རེད་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེ་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ལྷུན་རྩེ་རྒྱ་རེད་རྒེད་འོག་གི་གདམ་ངོ་ བསྟན་པ་རྡོ་རྗེ།


ནོར་ཝེ་ལས་ གློག་མེ་འཕྲུལ་རིག་ནང་ གཙུག་ལག་ཤེས་ཡོན་མཐར་འཁྱོལ་ཡོད་མི་ བསྟན་པ་རྡོ་རྗེ་གིས་ འབྲུག་གློག་མེ་ལས་འཛིན་ནང་ འདས་པའི་ལོ་ངོ་༢༡ གི་རིང་ཕྱག་ཞུ་ཡོདཔ་ད་ ཁོ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ལྷུན་རྩེ་རྫོང་ཁག་གི་ མི་སེར་ཚུ་གིས་ ཁོ་ལུ་རྒྱབ་སྐྱོར་འབད་མི་དེ་ལུ་ དགའ་ཚོར་ཡོད་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་མ་རྩིས་བར་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་སྦེ་ ལྷུན་རྩེ་རྫོང་ཁག་ལས་ དུས་ཅི་ སྤྱི་ཚོགས་༢ པའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་གི་དོན་ལུ་ གདམ་ངོ་ཐོན་མི་ འགོ་དང་པ་ཨིནམ་ད་ ཁོ་གིས་ གལ་སྲིད་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ མཐའ་ཟུར་གྱི་རྫོང་ཁག་ ལྷུན་རྩེ་བཟུམ་ཅིག་ནང་ དཔལ་འབྱོར་གོང་འཕེལ་འདྲ་མཉམ་བཟོ་ཐབས་ལུ་ གཙོ་བོར་གཏོན་ནི་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་འབད་བ་ཅིན་ དཔལ་འབྱོར་གོང་འཕེལ་ཤུགས་ཆེ་ཤོས་ཅིག་ རྒྱལ་ས་ལྟེ་བ་ལུ་བཏོན་མི་དེ་ ད་ལས་ཕར་ དཔལ་འབྱོར་གོང་འཕེལ་འདྲ་མཉམ་སྦེ་ བཟོ་ཐབས་ལུ་ གཙོ་རིམ་བཟུང་དགོཔ་ཁག་ཆེཝ་འདུག་ཟེར་ཨིན་པས།
ཁོ་གིས་ ལྷུན་རྩེ་རྫོང་ཁག་གི་ རྒེད་འོག་༨ ཡོད་མི་ ཆ་མཉམ་ནང་ ངོ་སྤྲོད་འབད་ནིའི་དོན་ལུ་ བདུན་ཕྲག་༢ ལྷགཔ་ཅིག་འགོར་ཡི་ཟེར་ཨིན་པས།
ད་ལས་ཕར་ ཁོ་གིས་ བཙག་འཐུ་ངོ་མའི་ནང་ དོ་འགྲན་འབད་ནི་གི་ གྲ་སྒྲིག་འབད་ནི་ཨིནམ་ལས་ རྫོང་ཁག་དེ་ནང་གི་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་བའི་རེ་བ་ཡོད་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་གི་ རྒེད་འོག་༨ ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རྒེད་འོག་ཚུ་ནང་ གདམ་ངོ་གཏོན་ནི་གི་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༡༨ ལས་འགོ་བཙུགས་ཡོདཔ་ད་ ད་ལྟོ་ཚུན་ སྨད་ཚོ་དང་ སྨིན་རྒྱས་ ཀུར་སྟོད་ སྒང་ཟུར་ བཙན་མཁར་ རྒྱ་རེད་རྒེད་འོག་ཚུ་ནང་ འཛོམས་འདུ་འགོ་འདྲེན་འཐབ་ཚར་ཡོདཔ་ད་ འཛོམས་འདུ་དེ་ ད་རིས་ སྨན་སྦིས་རྒེད་འོག་ནང་ འགོ་འདྲེན་འཐབ་ནི་ཨིན་པས།
རྫོང་ཁག་དེ་ནང་ འཛོམས་འདུ་མཇུག་དེ་ ནངས་པ་ མཁོ་མ་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ རིག་འཛིན་རིག་འཛིན་གྱི་དོན་ལུ་ འཚོགས་ནི་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment