གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐད་ཀར་བརྒྱུད་འཕྲིན་ཨང་ཚུ་ དམིགས་གཏད་ཐོག་ལུ་ གློ་བུར་ལག་ལེན་འཐབ་མ་བཏུབ་པའི་དཀའ་ངལ།

༢༧/༣/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ ནུབ་མོ་ཅིག་འབདཝ་ད་ བ་འཇོ་ཁྲོམ་ཁར་སྡོད་མི་ ཀུན་བཟང་གི་ཁྱིམ་གྱི་ སྒོ་བརྡུངས་མི་ཅིག་ ཐོན་ཡོདཔ་ད་ ཁོ་ར་ མལ་ཆ་ནང་ལས་ལོང་སྟེ་ སྒོ་ཕྱེ་བའི་བསྒང་ལས་ བཟོ་སྐྲུན་གྱི་ས་ཁོངས་ནང་ལཱ་འབད་མིའི་ ཕྱི་མི་ཅིག་མཐོང་ཡོདཔ་ད་ ལས་མི་དེ་ ན་གཞོན་སྡེ་ཚན་ཅིག་གིས་ བདའ་འོང་མི་ལུ་བརྟེན་ ཁྱིམ་ནང་ བྲོས་ཟུར་འབད་དེ་འོང་ཡོདཔ་ཨིན་པས།


ཁོ་གིས་ དེ་འཕྲོ་ལས་ བ་འཇོ་གི་ཁྲིམས་སྲུང་འགག་པ་ལུ་ ཐད་ཀར་བརྒྱུད་འཕྲིན་ཨང་གྲངས་༡༡༣ གྱི་ཐོག་ལས་ སྙན་ཞུ་འབད་ནི་ལུ་ དཔའ་བཅམ་ཡོད་རུང་ བརྒྱུད་འཕྲིན་དེ་ ཐིམ་ཕུ་ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ལས་ འཐུཝ་མས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ད་རུང་ལོག་སྟེ་ར་ བརྒྱུད་འཕྲིན་བཏང་རུང་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ར་ འཐུ་དོ་ཡོདཔ་ལས་ མཐའན་མཇུག་ལུ་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ བ་འཇོ་ཁྲིམས་སྲུང་འགག་པའི་ སྤྱིར་བཏང་བརྒྱུད་འཕྲིན་ཨང་བྱིན་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབདཝ་ད་ དུས་ཡུན་ཆུ་ཚོད་ཅིག་དེ་ཅིག་ འགོར་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་པ་ཚུ་ ས་ཁོངས་ནང་ལྷོད་ནི་ལུ་ ད་རུང་ དུས་ཡུན་སྐར་མ་༡༠ འགོར་ཡོདཔ་ཨིན་པས།
ཀུན་བཟང་གིས་ ཞབས་ཏོག་དེ་ འགོ་དང་པ་ ལག་ལེན་འཐབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་གནས་སྟངས་ནང་ དུས་ཡུན་རིངམོ་སྦེ་ འགོར་མི་ལུ་བརྟེན་ གལ་སྲིད་ དམར་བསད་འབད་བའི་ གནད་དོན་རེ་འཐོན་པ་ཅིན་ ག་དེ་སྦེ་འབད་ནི་ཨིན་ན་ཟེར་བའི་ ཚ་གྱང་ལངམ་མས་ཟེརཨིན་པས།
དེ་བཟུམ་སྦེ་ འདས་པའི་བདུན་ཕྲག་ནང་ སྤ་རོ་ལུ་སྡོད་མི་ ནག་ལེགས་ཀྱིས་ཡང་ བུཚུ་སྡེ་ཚན་ཅིག་ འཐབ་འཛིང་འབད་སར་མཐོང་སྟེ་ སྤ་རོའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནིའི་དོན་ལུ་ ཐད་ཀར་ཨང་གྲངས་ནང་ བརྒྱུད་འཕྲིན་ཚར་༣ བཏང་རུང་ ཐིམ་ཕུའི་ཁྲིམས་སྲུང་་འགག་པའི་ཡིག་ཚང་ནང་ལས་འཐུ་མི་ལུ་བརྟེན་ བཤོལ་བཞག་འབད་དགོཔ་བྱུང་ཡི་ཟེར་ཨིན་པས།
ཐད་ཀར་བརྒྱུད་འཕྲིན་ཨང་གྲངས་དེ་ དམིགས་བསལ་ གློ་བུར་རྐྱེན་ངན་ཚུ་གི་སྐབས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནིའི་དོན་ལུ་ཨིནམ་བཞིན་དུ་ བི་མོ་བཱ་ཡེལ་དང་ བཀྲིས་སཱེལ་ ག་ནང་ལས་འབད་རུང་ བརྒྱུད་འཕྲིན་བཏང་སའི་ ས་ཁོངས་ཀྱི་ ཉེ་འདབས་ལུ་ཡོད་པའི་ ཁྲིམས་སྲུང་འགག་པའི་ཡིག་ཚང་དང་ འབྲེལ་བ་འཐབ་ཚུགསཔ་ཨིན་པས།
ཐིམ་ཕུའི་ ཁྲིམས་སྲུང་འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་གནད་དོན་ཚུ་ འཕྲལ་འཕྲལ་སྦེ་ར བྱུངམ་མས་ཟེར་ཨིནམ་ད་ རེ་ཚེ་སྐབས་ བཀྲིས་སྒང་ལས་ཡང་ བརྒྱུད་འཕྲིན་ཚུ་ ལྷོད་ནི་འདུག་ཟེར་ཨིན་པས།
བཀྲིས་སཱེལ་གྱི་ འགོ་དཔོན་གྱིས་འབད་བ་ཅིན་ ཐད་ཀར་གྱི་ བརྒྱུད་འཕྲིན་ཨང་གྲངས་ཚུ་ སྤྱིར་བཏང་གི་ བརྒྱུད་འཕྲིན་ཨང་ གཞན་ཚུ་དང་ སྦྲེལ་མཐུད་འབད་དེ་ཡོདཔ་ལས་ འཕྲུལ་རིག་ཐོག་ལས་འབད་བ་ཅིན་ དེ་བཟུམ་མའི་འཛོལ་བ་ཚུ་ བྱུང་དགོཔ་མེད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ བཀྲིས་སཱེལ་ ལག་ལེན་འཐབ་མི་ཚུ་གིས་ བརྒྱུད་འཕྲིན་ཨང་དེ་ ལག་ལེན་འཐབ་པའི་སྐབས་ དང་པ་ར་ བཀྲིས་སཱེལ་གྱི་ སུའིཆི་ ངོ་མ་དེ་ནང་ལྷོད་དོ་ཡོདཔ་ད་ དེ་ནང་ལས་ ལོག་སྟེ་ འབྲུག་བརྒྱུད་འཕྲིན་ནང་ བཏང་པའི་ཤུལ་ལུ་ ཁྲིམས་སྲུང་ཡིག་ཚང་ཚུ་ནང་ འགྱོཝ་ཨིན་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ བཀྲིས་སཱེལ་ལག་ལེན་འཐབ་མི་ཚུ་གིས་ ཐད་ཀར་གྱི་ འགྲུལ་འཕྲིན་ཨང་གྲངས་༡༡༣ དང་ སྣུམ་འཁོར་བརྡ་སྟོན་གྱི་དོན་ལུ་༡༡༡ དེ་ལས་ མེ་རྐྱེན་དང་འབྲེལ་བའི་ སྙན་ཞུ་འབད་སའི་ འགྲུལ་འཕྲིན་ཨང་གྲངས་༡༡༠ ཚུ་ འབྲུག་བརྒྱུད་འཕྲིན་གྱི་ ཞབས་ཏོག་ལས་བརྒྱུད་དེ་ འགྱོ་དགོཔ་ཨིན་རུང་ གསོ་བའི་ཞབས་ཏོག་གི་དོན་ལུ་ཨིན་མི་ བརྒྱུད་འཕྲིན་ཨང་གྲངས་༡༡༢ འབད་མི་དེ་ བཀྲིས་སཱེལ་ལས་བརྒྱུད་དེ་ འགྱོ་དགོ་ཟེར་ཨིན་པས།
འབྲུག་བརྒྱུད་འཕྲིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དཀའ་ངལ་དེ་ཡང་ འདས་པའི་ལོ་ཚུ་ནང་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ལས་ཕར་ ཁྲིམས་སྲུང་ཡིག་ཚང་ཚུ་ རྒྱ་བསྐྱེད་འབད་མི་ལུ་བརྟེན་བྱུང་ཡི་ཟེར་ བི་མོ་བཱ་ཡེལ་གྱི་ ཡོངས་འབྲེལ་འཛིན་སྐྱོང་པ་ ཚེ་དབང་ཡེ་ཤེས་ཀྱིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ འབྲུག་བརྒྱུད་འཕྲིན་གྱི་ཡོངས་འབྲེལ་གྱིས་ སྟབས་ཅིག་ལུ་ རྒྱལ་ཡོངས་ཀྱི་ ས་གནས་ཁག་༢༥ འི་ནང་མ་གཏོགས་ ཞབས་ཏོག་སྤྲོད་མི་ཚུགས་ནི་ཨིནམ་བཞིན་དུ་ ཁྲིམས་སྲུང་འགག་སྡེ་གིས་ ཁོང་རའི་ནང་འཁོད་ བརྒྱུད་འཕྲིན་བརྗེ་སོར་འབད་སའི་ལྟེ་བ་ཅིག་ གཞི་བཙུགས་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ ཐད་ཀར་བརྒྱུད་འཕྲིན་ཚུ་གི་ཐོག་ལས་ དོན་མེད་བརྒྱུད་འཕྲིན་བཏང་མི་ ལེ་ཤ་ཅིག་ར་ ཐོན་ཡོདཔ་ཨིན་རུང་ ད་ལས་ཕར་ སྙན་ཞུ་ཚུ་ལེན་པའི་སྐབས་ སྙན་ཞུ་འབད་མིའི་སྐོར་ལས་ བརྡ་དོན་ཚུ་ཡང་ ལེན་ནི་འགོ་བཙུགས་མི་དང་འབྲེལ་ ད་རེས་ གནད་དོན་དེ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་སྟེ་ཡོད་ཟེར་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment