གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་འཐུས་མི་༡༦ གིས་ ལོག་དོ་འགྲན་འབད་ནི།

༢༩/༣/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་༡༦ གིས་ ཚོགས་སྡེ་ནང་ ལོག་དོ་འགྲན་འབད་ནིའི་དོན་ལུ་ ཚོགས་སྡེ་ལས་ དགོངས་ཞུ་འབད་ཡོདཔ་ཨིན་རུང་ ལྷག་ལུས་ རྫོང་ཁག་༤ ལས་ འཐུས་མི་༤ གིས་ དགོངས་ཞུ་མི་འབད་ནི་ཨིན་པས།


དགོངས་ཞུ་མ་འབད་མི་ཚུ་གི་གྲས་ལས་ ཚོགས་སྡེའི་ཁྲི་འཛིན་གྱིས་ སྲིད་དོན་ཚོགས་པ་ནང་ འཛུལ་ཞུགས་འབད་ནི་ཨིན་པའི་སྐོར་ལས་ གསལ་བསྒྲགས་འབད་ཡོད་རུང་ གཞན་མི་རྫོང་ཁག་ བཀྲ་ཤིས་གཡང་རྩེ་དང་ བསམ་རྩེ་ གསར་སྤང་གི་འཐུས་མི་ཚུ་ཡང་ དགོངས་ཞུ་མི་འབད་ནི་གི་ ཐག་བཅད་ཡོདཔ་ཨིན་པས།
གསང་སྤང་རྫོང་ཁག་གི་ ཚོགས་སྡེའི་འཐུས་མི་ ཀརྨ་གདོང་སྔོན་དབང་འདུས་ཀྱིས་ འདས་པའི་དྲི་བཀོད་ནང་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ད་ལྟོའི་ གོ་གནས་ལས་ དགོངས་ཞུ་མི་འབད་ཟེར་ཨིན་རུང་ སྲིད་དོན་ཚོགས་པ་ནང་ འཛུལ་ཞུགས་ཀྱི་སྐོར་ལས་ ཁ་གསལ་ཅིག་ ག་ནི་ཡང་ སླབ་མ་བཏུབ་ཨིན་རུང་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ཁོ་གིས་ སྲིད་ཚོགས་ཅིག་ནང་ འཛུལ་ནི་ཨིནམ་སྦེ་ བཤད་ནི་འདུག།
བསམ་རྩེ་རྫོང་ཁག་གི་འཐུས་མི་ ཌོག་ཊར་ མ་ནི་ཀུ་མར་ རའེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ དགོངས་ཞུ་མ་འབད་བར་ ད་ལྟོའི་ གནས་ཡུན་དེ་ཚངམ་སྦེ་ ཕྱག་ཞུ་ནི་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ ག་ཅི་འབད་ནི་ཨིན་ན་ ད་ལྟོ་ སླབ་མི་ཚུགས་ཟེར་ཨིན་པས།
ཨིན་རུང་ བཀྲ་ཤིས་གཡང་རྩེའི་འཐུས་མི་ སྐལ་བཟང་རྣམ་རྒྱལ་གྱིས་ ཁོ་གིས་ དགོངས་ཞུ་མི་འབད་ནི་གི་ ཐག་བཅད་ཡོད་པའི་ཁར་ ལོག་དོ་འགྲན་ཡང་ མི་འབད་ཟེར་ཨིན་རུང་ གཞན་སྲིད་ཚོགས་ནང་ འཛུལ་ནི་གི་སྐོར་ལས་ དྲི་བཀོད་འབད་བའི་སྐབས་ ཁོ་གིས་ ག་ནི་ཡང་སླབ་མ་བཏུབ།
ཨིན་རུང་ ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་ཡང་ དགོངས་ཞུ་མ་འབད་བར་ཡོད་རུང་ ཁོ་གིས་ སྲིད་ཚོགས་ནང་ འཛུལ་ནིའི་སྐོར་ལས་ གསལ་བསྒྲགས་འབད་ཡོདཔ་ད་ སྲིད་ཚོགས་ག་ནང་ འཛུལ་ནི་ཨིན་ན་ ད་ལྟོ་ གཏན་འཁེལ་མ་སླབ་པར་ཡོད་རུང་ གཞུང་སྐྱོང་ཚོགས་པའི་ཧོངས་ལས་ དཀར་སྦྱིས་རྟ་ལོག་འདེམས་ཁོངས་ལས་ འཐོན་དགོ་ནི་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་གི་དོན་ལུ་ འཛོམས་འདུ་འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དེ་ རྫོང་ཁག་མང་ཤོས་ཅིག་ནང་ མཇུག་བསྡུ་སྟེ་ཡོདཔ་ཨིན་པས།
དགོངས་ཞུ་འབད་མི་ འཐུས་མི་ཚུ་གི་གྲས་ལས་ ཐིམ་ཕུ་གི་འཐུས་མི་ སངས་རྒྱས་བཟངམོ་གིས་ སྲིད་དོན་ཚོགས་པ་གསརཔ་ འབྲུག་མཉམ་རུབ་ཚོགས་པ་ནང་ འཛུལ་ནི་སྦེ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ ཚོགས་སྡེའི་འཐུས་མི་ གང་རུང་གིས་ སྲིད་དོན་ཚོགས་པ་དང་ འབྲེལ་བ་མེདཔ་དགོ་ཟེར་ བཀོད་དེ་ཡོདཔ་ལས་ ཚོགས་སྡེའི་འཐུས་མི་ཚུ་གིས་ སྲིད་དོན་ཚོགས་པ་ནང་ འཛུལ་ཞུགས་འབད་ནིའི་སྐོར་ལས་ ལོ་རྒྱུས་ཐོན་མི་ལུ་ མི་ཚུ་གིས་ བསམ་འཆར་སྣ་ཚོགས་ བཀོད་དོ་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྐོ་བཞག་གནང་མི་ འཐུས་མི་༥ མ་རྩིས་བར་ གཞན་མི་འཐུས་མི་༡༦ གིས་ ཚོགས་སྡེ་ནང་ལས་ དགོངས་ཞུ་འབད་དེ་ ལོག་དོ་འགྲན་ནང་ བཅར་མར་གཏོགས་མི་ཚུ་གི་གྲས་ལས་ ད་ཚུན་ སྤ་རོ་རྫོང་ཁག་གི་འཐུས་མི་ ཨོ་རྒྱན་ཚེ་རིང་རྐྱངམ་གཅིག་ རྒེད་འོག་འཛོམས་འདུ་ནང་ ཕམ་ཡོད་རུང་ གཞན་མི་འཐུས་མི་ མང་ཤོས་ར་ ལོག་སྟེ་ དོ་འགྲན་ནང་ལས་ རྒྱལ་ཁ་ཐོབ་སྟེ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment