གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ རྒྱུ་དངོས་བྱུང་ཁུངས་ཀྱི་ ལག་ཁྱེར་ སྤྲོད་ཆོག་པའི་ཞུ་བ།

༣༠/༣/༢༠༡༣   ༉ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ ལཱ་འབད་དགོཔ་ ལེ་ཤ་ཅིག་ཡོདཔ་ཨིན་རུང་ མཐུན་རྐྱེན་ ལང་མ་ཚུགས་པའི་ དཀའ་ངལ་སྦོམ་ར་ ཐོན་དོ་ཡོདཔ་ལས་ རྒྱུ་དངོས་བྱུང་སའི་ལག་ཁྱེར་སྤྲོད་ནིའི་དབང་ཆ་དེ་ ཚོགས་སྡེ་ལུ་གནང་པ་ཅིན་ དེ་གིས་ ཕན་ཐོགས་འབྱུང་ནི་མས་ཟེར་ སྤྱི་ཟླ་༣ པའི་ཚེས་༢༨ ལུ་འཚོགས་མི་ སྒེར་སྡེ་གོང་འཕེལ་ཞལ་འཛོམས་སྐབས་ ཚོགས་སྡེའི་འཐུས་མི་ཅིག་གིས་ཞུ་ཡི།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་འཐུས་མི་ཚུ་ གྲོས་འཛོམས་འཚོགས་པའི་བསྒང་།

ད་ལྟོའི་གནས་སྟངས་ནང་འབད་བ་ཅིན་ འཐུས་མི་ཚུ་ལས་ འཐུས་བསྡུ་ལེན་འབད་མི་དེ་མ་གཏོགས་ གཞན་ཁ་ལས་ འབབ་ཁུངས་ཟེརཝ་ ག་ཅི་ཡང་མིན་འདུག་ཟེར་ཨིན་པས།
ལག་ཁྱེར་སྤྲོད་ནི་དེ་ཡང་ ཚོང་འབྲེལ་གྱི་ཞབས་ཏོག་ཅིག་འབད་ནི་དེ་གིས་ རྒྱལ་ཁབ་གཞན་ཚུ་ནང་འབད་རུང་ ཕྱིར་ཚོང་འཐབ་ནིའི་ལག་ཁྱེར་དང་འབྲེལ་བའི་ ཚོང་འབྲེལ་གྱི་ཞབས་ཏོག་ཚུ་ མང་ཤོས་ར་ ཚོང་འབྲེལ་ཚོགས་སྡེ་གིས་ འབད་དོ་བཟུམ་སྦེ་ ཚོགས་སྡེ་ལུ་ གོ་སྐབས་གནང་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ འཐུས་མི་གིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ ལཱ་དེ་ཚོགས་སྡེ་གིས་ འཐུས་ཤོར་མེདཔ་སྦེ་ འབད་ནིའི་དོན་ལུ་ ལམ་ལུགས་ཅིག་བཟོ་བ་ཅིན་ ང་བཅས་ཀྱིས་ གྲོས་འཆར་ཚུ་བཟོ་སྟེ་ ཕུལ་ནི་ཨིན་ཟེར་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་ ཨོ་རྒྱན་ཚེ་ཁྱབ་རྡོ་རྗེ་གིས་སླབ་མིའི་ནང་ རྒྱལ་ཁབ་ནང་ ཚོང་འབྲེལ་གྱི་དོན་ལུ་ དབང་འཛིན་གཙོ་ཅན་ཅིག་འབད་ནི་དེ་གིས་ ཚོགས་སྡེ་སྒྲིང་སྒྲིང་དང་ རྩ་བརྟན་སྦེ་བཞག་ནི་དེ་ ཁག་ཆེཝ་ལས་ དེ་བསྟུན་གྱི་ ཚོགས་སྡེ་ལུ་ མ་དངུལ་ཚུ་ཡང་དགོ་པས་ཟེར་ཨིན་པས།
ད་ཚུན་ལུ་ རྒྱུ་དངོས་བྱུང་ཁུངས་ཀྱི་ལག་ཁྱེར་ཚུ་ བསྟན་རྒྱས་ལྷན་ཁག་གིས་ སྤྲོད་དོ་ཡོད་པའི་ཁར་ རྒྱལ་ཁབ་གཞན་ཚུ་ནང་ ལཱ་འབད་ཐངས་ལུ་ལྟཝ་ད་ ལྷན་ཁག་གི་ འགན་ཁུར་ཨིནམ་སྦེ་སླབ་མི་ལུ་ ང་བཅས་ཀྱིས་ ངོས་ལེན་ཡོད་ཟེར་སླབ་ཅི།
ད་རེས་ འཐུས་མི་ཚུ་ལས་ འཐུས་དངུལ་ཀྲམ་༣༠༠ ལས་༥༠༠ རེ་བསྡུ་ནིའི་དོན་ལུ་ ཚོགས་སྡེ་ལས་ མི་ཚུ་བཏང་དོ་ཡོདཔ་ལས་ དེ་གིས་ རེ་ཚེ་སྐབས་ འཐུས་བསྡུ་ལེན་འབད་མི་ལས་ ཟད་འགྲོ་མངམ་གནསཔ་མས་ཟེར་ཨིན་པས།
ཚོགས་སྡེ་ལུ་ འོང་འབབ་ཀྱི་ས་ཁོངས་ ཐེབས་དུམ་གྲ་རེ་ འཐོབ་ཚུགས་པ་ཅིན་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཚུགས་ནི་ཨིནམ་ལས་ ཚོགས་སྡེ་ཡུན་བརྟན་གནས་ཐབས་ལུ་ འོང་འབབ་དུམ་གྲ་རེ་ བཟོ་ཐོག་ལས་ རྒྱུ་དངོས་བྱུང་ཁུངས་ཀྱི་ ཆོག་ཐམ་སྤྲོད་ནིའི་དབང་ཆ་ ཞུ་ནིའི་མནོ་བསམ་ཡོད་ཟེར་ཨིན་པས།
ཚོགས་ཆུང་གི་ འཐུས་མི་ཅིག་ཨིན་མི་ བསྟན་རྒྱས་དྲུང་ཆེན་ བསོད་ནམས་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ཚུན་ལུ་ རྒྱ་གར་རྒྱལ་ཁབ་མ་རྩིས་བར་ གཞན་མི་རྒྱལ་ཁབ་ཚུ་ནང་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ རྒྱུ་དངོས་བྱུང་ཁུངས་ཀྱི་ལག་ཁྱེར་ཚུ་ ལྷན་ཁག་གིས་ སྤྲོད་དོ་ཡོདཔ་ལས་ བྱ་སྒོའི་ཐད་ལུ་འབད་རུང་ དཀའ་ངལ་ མེད་ཟེར་ཨིན་པས།
ཚོགས་སྡེའི་ གྲོས་གཞི་བཙུགས་མི་དེ་ དམིགས་དོན་གཙོ་བོ་ འོང་འབབ་བཟོ་ནི་བཟུམ་ཅིག་སྦེ་ མཐོང་གསལ་བྱུང་ཡོདཔ་ཨིན་རུང་ ལྷན་ཁག་གིས་འབད་མི་དེ་ འོང་འབབ་ལུ་བལྟ་སྟེ་མེན་པར་ རྒྱལ་ཁབ་ཚུ་གི་བར་ན་ གཞུང་འབྲེལ་གྱི་ཡིག་ཆ་ཚུ་ ཁག་ཆེ་ནི་དེ་གིས་ ཨིན་ཟེར་ཨིན་པས།
གནད་དོན་དེ་ ཚོགས་སྡེ་དང་ ལྷན་ཁག་༢ ཀྱི་བར་ན་ ཟུང་ཕྱོགས་ཐོག་ལས་འབད་ཚུགས་པའི་ གནད་དོན་ཅིག་ཨིན་རུང་ ཚོགས་སྡེའི་འོག་ལུ་ ལས་སྡེ་གཞན་མ་འདྲཝ་ ལེ་ཤ་ཡོད་མི་ཚུ་ལས་ཡང་ བསམ་འཆར་ཚུ་ ལེན་དགོཔ་འོང་ཟེར་སླབ་ཅི།
བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ བཤད་མིའི་ནང་ ལམ་ལུགས་དེ་ ནང་འདྲེན་འབད་མིའི་རྒྱལ་ཁབ་ཚུ་གིས་ ངོས་ལེན་འབད་མ་འབད་ལུ་བལྟ་སྟེ་ གྲོས་ཐག་བཅད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment