༣༠/༣/༢༠༡༣ ༉ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ཁ་ཐུག་ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ གདན་ས་བཅགས་གནང་མི་ མགར་ས་བཀྲིས་མཐོང་སྨན་རྫོང་དེ་ སྤྱི་ལོ་༢༠༠༨ ཟླ་༡ པའི་ཚེས་༢༢ ལུ་ མེ་མཆོད་བཞེས་དེ་ ལོ་༢ ཀྱི་ཤུལ་ལས་ ཉམས་གསོའི་ལཱ་ འགོ་བཙུགས་མི་དེ་ མཇུག་བསྡུ་ཡོདཔ་ཨིན་པས།
མེ་རྐྱེན་ནང་ བཀའ་བརྒྱུད་ལྷ་ཁང་ལུ་ གནོད་སྐྱོན་ཤུགས་སྦེ་ར་ བྱུང་ནི་དེ་གིས་ ལྷ་ཁང་གི་རྩིགཔ་དང་ ཤིང་ཆས་ཚུ་ ཉམས་གསོ་ཞུ་དགོཔ་ཐོན་ཡོདཔ་ལས་ ད་རེས་ ལྷ་ཁང་གི་ ཕྱིའི་བཟོ་བཀོད་ཀྱི་རིགས་ཚུ་ ཡོངས་རྫོགས་སྦེ་ ཉམས་གསོ་ཞུ་ཚར་ཏེ་ ཨ་རྟག་ག་ཨིནམ་སྦེ་ མཇལ་ཚུགས་དོ་ཡོདཔ་ཨིན་པས།
དེ་མ་ཚད་ བཀའ་བརྒྱུད་ལྷ་ཁང་གི་ མཆོད་བཤམ་ཡང་ གསར་བསྒྲུབས་འབད་དེ་ ཚོན་བཏང་བའི་བསྒང་ཡོདཔ་ད་ མ་གཞི་མེ་མཆོད་བཞེས་པའི་སྐབས་ལུ་ ནང་རྟེན་གཙོ་ཅན་ཚུ་ ཕྱི་ཁར་བཏོན་ཚུགས་ཡོད་རུང་ རེ་གཉིས་མེ་མཆོད་བཞེས་ཡོདཔ་ད་ དེའི་ཚབ་སྦེ་ སྐུ་འདྲའི་རིགས་ཚུ་ དར་མ་ལས་འགུལ་ལས་ མཁོ་སྒྲུབ་འབད་ནི་ཨིན་པས།
རྫོང་བདག་བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ བཀའ་བརྒྱུད་ལྷ་ཁང་གི་ཐོག་ཁར་ ད་རུང་ ཐོག་ཅིག་བཀལ་ཏེ་ མི་འཁྲུགས་པའི་ལྷ་ཁང་ གསརཔ་བཞེངས་ཡི་ཟེར་ཨིནམ་ད་ དེ་ཡང་ རྫོང་གཞིས་ག་རའི་ནང་ མི་འཁྲུགས་པའི་ལྷ་ཁང་ཡོདཔ་ལས་ མགར་ས་ལུ་ཡང་ མི་འཁྲུགས་པའི་ལྷ་ཁང་བཞེངས་དགོཔ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས བཀའ་གནང་ཡི་ཟེར་ཨིན་པས།
མི་འཁྲུགས་པའི་ལྷ་ཁང་ནང མི་འཁྲུགས་པའི་ལྷ་ཚོགས་ཀྱི་ སྐུ་འདྲ་གསརཔ་ཚུ་ མཁོ་བསྒྲུབ་འབད་ནི་ཨིནམ་ད་ དེའི་དོན་ལུ་ ད་ལྟོ་ མཆོད་བཤམ་ཚོན་བཏང་པའི་བསྒང་ཡོདཔ་ཨིན་པས།
ཉམས་གསོའི་ལཱ་དེ་ དངུལ་ཀྲམ་ས་ཡ་༡༤ གི་ཐོག་ལས་འབད་ཡི་ཟེར་ རྫོང་བདག་བསོད་ནམས་འཇིགས་མེད་ཀྱིས་ སླབ་ཡོདཔ་མ་ཚད་ རྫོང་དེ་ རྙིངམ་ཐལ་སོ་ནི་དེ་གིས་ རྩ་བ་ལས་ར་ ཉམས་གསོ་ཞུ་ནི་ཨིན་ཟེར་ཨིནམ་ད་ དེའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༠༠ དེ་ཅིག་ གནས་ནི་མས་ཟེར་ཨིན་པས།
མགར་ས་རྫོང་དེ་ དུས་རབས་༡༧ པའི་ནང་ འབྲུག་གི་སྡེ་སྲིད་༢ པ་ དབུ་མཛད་བསྟན་འཛིན་འབྲུག་གྲགས་ཀྱིས་ བཞེངས་གནང་པའི་ཤུལ་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ རྒྱ་བསྐྱེད་འབད་ཡོདཔ་ཨིན་པས།
རྫོང་དེ་ དུས་རབས་༡༣ པའི་ནང་ གྲུབ་ཐོབ་གཏེར་ཧཱུང་པ་ཟེར་མི་དེ་ ཐུགས་དམ་གནང་སའི་ བྲག་ཕུག་ཅིག་གི་ཐོག་ཁར་བཞེངས་ཡོདཔ་ད་ ཧེ་མ་འབད་བ་ཅིན་ རྫོང་གི་དབུ་རྩེ་གཅིག་ལས་བརྒལ་མེད་རུང་ ཤུལ་ལས་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ གདན་ས་བཅགས་གནང་པའི་ཤུལ་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ རྒྱ་བསྐྱེད་གནང་སྟེ་ ལྷ་ཁང་དང་ དགེ་འདུན་བཞུགས་སའི་ གྲྭ་ཤག་ཚུ་ བཞེངས་གནང་ནུག་ཟེར་ མགར་ས་རབ་སྡེའི་ བླམ་གནས་བརྟན་ ཀུན་བཟང་རྣམ་རྒྱལ་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
![]() |
མེ་མཆོད་བཞེས་པའི་ཤུལ་ལུ་ ཉམས་གསོ་ཞུ་ཚར་མི་མགར་ས་རྫོང་། |

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment