གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་སྒོ་ཤིང་རྒེད་འོག་གིས་ ཚོགས་སྡེའི་གདམ་ངོ་སྦེ་ རྡོ་རྗེ་མཁའ་འགྲོ་བཏོན་ཡོདཔ།

༢༧/༣/༢༠༡༣   ༉ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ གཞལམ་སྒང་རྫོང་ཁག་ སྒོ་ཤིང་རྒེད་འོག་ནང་ འཛོམས་འདུ་འཚོགས་པའི་སྐབས་ སྐྱེས་ལོ་༤༡ འབད་མི་ རྡོ་རྗེ་མཁའ་འགྲོ་གིས་ དགོ་ཟེར་བའི་ ཚོགས་རྒྱན་བརྒྱ་ཆ་༩༡ ལྷགཔ་ཅིག་ཐོབ་ནི་དེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
གཞལམ་སྒང་སྒོ་ཤིང་རྒེད་འོག་གི་གདམ་ངོ་སྦེ་ རྡོ་རྗེ་མཁའ་འགྲོ།


དེ་བསྒང་ ཚོགས་རྒྱན་བཙུགས་མི་༢༣༧ འཛོམས་ཡོད་ས་ལས་༢༡༦ གིས་ རྡོ་རྗེ་མཁའ་འགྲོ་ལུ་ དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཞལམ་སྒང་བར་དོ་རྒེད་འོག་དང་ ངང་ལ་རྒེད་འོག་ནང་ཡང་ གདམ་ངོ་བཏོན་ནིའི་དོན་ལུ་ འཛོམས་འདུ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ ཚོགས་རྒྱན་གྱི་གྲུབ་འབྲས་ཚུ་ ད་རིས་ཕྱི་རུ་དང་ ནངས་པ་ གསལ་སྟོན་འབད་ནི་ཨིན་པས།
དེ་ཡང་ རྫོང་ཁག་བཙག་འཐུའི་འགོ་དཔོན་ གོ་བིན་ སུ་བི་དི་གིས་ སླབ་མིའི་ནང་ རྒེད་འོག་དེ་༢ ཀྱི་ སྤྱི་འོག་ཚུ་ ཁ་གཏོར་སྦེ་ ཐག་རིང་སར་འབད་ནི་དེ་གིས་ གདམ་འཐུའི་འཛོམས་འདུ་ཚུ་ སྤྱི་འོག་སོ་སོ་སྦེ་ འགོ་འདྲེན་འཐབ་དགོཔ་ཐོན་མི་ལུ་བརྟེན་ གྲུབ་འབྲས་ཚུ་ བསྡུ་སྒྲིག་འབད་དགོཔ་ཡོད་ཟེར་ཨིན་པས།
བར་དོ་རྒེད་འོག་གི་གདམ་ངོ་ པདྨ་གྲགས་པ་གི་དོན་ལུ་ འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༢༥ ལས་ འགོ་འདྲེན་འཐབ་ཡོདཔ་ད་ གྲུབ་འབྲས་དེ་ ད་རིས་ གསལ་སྟོན་འབད་ནི་དང་ ངང་ལ་རྒེད་འོག་གི་གདམ་ངོ་ ཡེ་ཤེས་མཚོ་མོའི་གི་དོན་ལུ་ འཛོམས་འདུ་དེ་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ནངས་པ་ གྲུབ་འབྲས་གསལ་སྟོན་འབད་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།






No comments:

Post a Comment