གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡ་བརྒྱུད་ལས་ཁང་ འགོ་འབྱེད་འབད་ཡོདཔ།

༣༠/༣/༢༠༡༣   ༉ ཁ་ཙ་ འབྲུག་དམངས་གཙོ་དང་ བརྡ་བརྒྱུད་ལྟེ་བ་གིས་ འགོ་དང་པ་ཨིན་མི་ བརྡ་བརྒྱུད་ལས་ཁང་ཅིག་ ན་གཞོན་དཔལ་རི་ལུ་སྦེ་ སྒོ་འབྱེད་འབད་མི་དང་འབྲེལ་ ལས་ཁང་གི་དོན་ལུ་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་ཚུ་ལུ་ ཤོག་འཛིན་ཚུ་ཡང་ བཀྲམ་ཡོདཔ་ཨིན།
སློབ་ཕྲུག་ཚུ་གིས་ འཐུས་མི་ནང་ འཛུལ་ཞུགས་ཀྱི་ འབྲི་ཤོག་བཀང་པའི་བསྒང་།


ལྟེ་བའི་གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ལས་ཁང་དེ་གིས་ ན་གཞོན་ཚུ་ལུ་ འཕྲུལ་རིག་གི་བརྡ་བརྒྱུད་ཞབས་ཏོག་ཚུ་ སྤྱོད་དེ་ རྒྱལ་ཁབ་ཀྱི་ མི་སྡེའི་ལག་ལེན་འཐབ་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ལས་ཁང་གིས་ ན་གཞོན་ཚུ་ལུ་ རང་སོའི་མནོ་མི་ཚུ་ བརྗེ་སོར་འབད་དེ་ བརྡ་བརྒྱུད་ཀྱི་ལཱ་ནང་ བརྩོན་ཤུགས་བསྐྱེད་བཅུག་ནི་དང་ ནུས་ཤུགས་ཅན་ བཟོ་ཐབས་ལུ་ཨིན་ཟེར་ བཀོད་ནུག།
ལས་ཁང་གིས་ དང་འདོད་དང་འཁྲིལ་ཏེ་ པར་བཏབ་ནི་དང་ རྒྱང་བསྒྲགས་རེ་ཌི་ཨོ་ དེ་ལས་ ཞུན་དག་འབད་ནིའི་ལཱ་ཚུ་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་ཚུ་ལུ་གོ་སྐབས་བྱིན་ནི༌ཟེར་ཨིན་པས།
ལྟེ་བའི་ལས་རིམ་འགོ་དཔོན་ མེ་ནི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རིས་ལས་ འགོ་བཙུགས་ཏེ་བདུན་ཕྲག་ནང་ ཚར་རེ་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་ཚུ་ལུ་ བརྡ་བརྒྱུད་དང་འབྲེལ་བའི་ སྦྱོང་བརྡར་བྱིན་ནི་ཟེར་ཨིནམ་ད་ དེ་ཡང་ དང་འདོད་ཅན་ སྐྱེས་ལོ་༡༥ ཡན་ཆད་འབད་མི་ཚུ་གིས་ གོ་སྐབས་ཐོབ་ཚུགས་ཟེར་ཨིན་པས།
འགོ་འབྱེད་དང་འབྲེལ་ ལས་ཁང་གིས་ འདས་པའི་ལོ་ཚུ་ནང་ གྲོས་འཛོམས་ཁག་ལེ་ཤ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ བསྡུ་སྒྲིག་འབད་མི་ལས་ ཀི་དེབ་བཟོ་མི་ཚུ་ཡང་ འགྲེམས་སྟོན་འབད་ཡི།
ཀི་དེབ་ཚུ་ཡང་ རྫོང་ཁ་དང་ཨིང་སྐད་གཉིས་ཆ་རའི་ནང་ཡོདཔ་ད་ དེ་ཚུ་གི་གྲས་ལས་ དམངས་གཙོ་དང་ གཞུང་གཉིས་ཀྱི་སྐོར་ལས་ བྲིས་མི་ཚུ་ཨིནམ་ད་ པར་རྐྱང་སྦེ་ཡོད་མིའི་ཀི་དེབ་ཚུ་ཡང་ ཡོདཔ་ཨིན་པས།
ཁེ་མིན་ལས་ཚོགས་ཅིག་ཨིན་མི་ འབྲུག་དམངས་གཙོ་དང་ བརྡ་བརྒྱུད་ལྟེ་བ་གིས་ དམངས་གཙོ་དང་ བརྡ་བརྒྱུད་ཀྱི་སྐོར་ལས་ ཞིབ་འཚོལ་དང་ལས་རིམ་ དེ་ལས་ གཞན་ཁག་ཆེ་བའི་གནད་དོན་ཚུ་ འགོ་འདྲེན་འཐབ་སྟེ་ བརྡ་བརྒྱུད་ཀྱི་སྤུས་ཚད་ ཡར་དྲག་གཏང་ནི་གི་ ལམ་ལུགས་བཟོ་ནིའི་ཐབས་བྱུས་ཡོདཔ་ཨིན་པས།
ལས་ཁང་འགོ་འབྱེད་འབད་མི་ ཤེས་རིག་བློན་པོ་ ཋ་ཀུར་སིང་པའུ་ཌེལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་ཁང་དེ་ མཐར་འཁྱོལ་ཅན་ཅིག་ འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་བཤད་ཅི།
ལས་རིམ་ནང་ བཅའ་མར་གཏོགས་མི་ སློབ་ཕྲུག་ཅིག་གིས་ འབད་བ་ཅིན་ ཁོ་ར་ བརྡ་བརྒྱུད་ནང་ སྤྲོ་བ་ཡོདཔ་ལས་ ལས་ཁང་གིས་ དེ་བཟུམ་མའི་ གོ་སྐབས་བྱིན་མི་གིས་ རང་གི་བསམ་འཆར་ཚུ་བཀོད་ཚུགསཔ་མ་ཚད་ ཆ་རོགས་གཞན་ཚུ་དང་གཅིག་ཁར་ བརྗེ་སོར་འབད་ནིའི་གོ་སྐབས་སྦོམ་ཡོདཔ་ལས་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
ལྟེ་བའི་ནང་ ད་ཚུན་ འཐུས་མི་༦༠ ལྷགཔ་ཅིག་གིས་ འཛུལ་ཞུགས་འབད་ཡོདཔ་ལས་ སྡེ་ཚན་དབྱེ་ཁག་བཟོ་སྟེ་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
ལས་ཁང་དེ་ ན་གཞོན་དཔལ་རིའི་ས་ཁོངས་ནང་ཡོདཔ་ད་ ལས་ཁང་གཞི་བཙུགས་འབད་ནིའི་དོན་ལུ་ ན་གཞོན་གོང་འཕེལ་ལྟེ་བ་དང་ ཌེ་ནིཤ་དམངས་གཙོའི་གཙུག་ལག་སློབ་སྡེ་ དེ་ལས་ གཞན་མི་ངོམ་ཚུ་གིས་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment