གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལུང་བསྟན་ཕུག་གི་ཉེ་འདབས་ལུ་ ནགས་ཚལ་མེ་རྐྱེན།

༢༢/༣/༢༠༡༣   ༉ ཁ་ཙ་ ཕྱི་རུ་ཁམས་ཅིག་ཁར་ ཐིམ་ཕུ་ལྕང་ཇི་ཇི་ གཞུང་ཁྱིམ་ས་ཁོངས་ཀྱི་ འཁོར་ལམ་ལྟག་ལས་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་ བསད་ཚུགས་ཡོདཔ་ཨིན་པས།
ཐིམ་ཕུ་ནགས་ཚལ་མེ་རྐྱེན་འཛིན་སྐྱོང་འགོ་དཔོན་ རྟ་མགྲིན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ མེ་རྐྱེན་དེ་ ཕྱི་རུའི་ ཆུ་ཚོད་ཕྱེད་དང་༥ དེ་ཅིག་ཁར་ བྱུང་བའི་སྐོར་ལས་ བརྒྱུད་འཕྲིན་ལྷོད་པའི་ཤུལ་ལུ་ དེ་འཕྲོ་ལས་ འབྲེལ་ཡོད་ནགས་ཚལ་མེ་རྐྱེན་སྲུང་སྐྱོབ་དང་ ཁྲིམས་སྲུང་འགག་པའི་མེ་བསད་སྡེ་ཚན་ ཁས་བླངས་སྡེ་ཚན་ དམག་མི་ དེ་ལས་ མི་སེར་ཚུ་རྩིས་ཏེ་ བསྡོམས་ཀྱིས་ མི་གྲངས་༥༠༠ ལྷགཔ་ཅིག་གིས་ ས་ཁོངས་ནང་ མེ་བསད་པར་འོང་མི་ལུ་བརྟེན་ མེ་བསད་ཚུགས་ཅི་ ཟེར་ཨིན་པས།



ནགས་ཚལ་མེ་ཤོར་མིའི་སྐོར་ལས་ མཐོང་མི་ཚུ་གིས་ ནགས་ཚལ་མེ་རྐྱེན་འཛིན་སྐྱོང་ལུ་ སྙན་ཞུ་མ་འབད་བ་ཅིན་ ནགས་ཚལ་ཨེ་ཀར་༥༠ ལས་ལྷག་སྟེ་ འཚིགས་ནི་ཨིན་རུང་ དུས་ཚོད་ཁར་ མེ་བསད་པར་ལྷོད་ཚུགས་ནི་དེ་གིས་ མེ་རྐྱེན་བཀག་ཐབས་ འབད་ཚུགས་ཅི་ཟེར་ཨིན་པས།
མེ་རྐྱེན་དེ་ཡང་ ལྕང་ཇི་ཇི་གཞུང་ཁྱིམ་གྱི་ འཁོར་ལམ་གྱི་ མི་ཊར་༢༠ འི་ས་ཁོངས་ནང་ལས་བྱུང་ཡོདཔ་ད་ སློབ་ཕྲུག་བུམོ་ཚུ་གིས་ ནགས་ཚལ་འགོ་དཔོན་ལུ་ བཤད་མི་དང་འཁྲིལཝ་ད་ བུཚ་གོ་ལ་དཀརཔོ་དང་ གཞན་མི་དོརམ་དང་ཁེན་འཇར་གྱོན་མི་༢ ཀྱིས་ ཚལ་མ་ནང་ མེ་སྤར་བཞག་སྟེ་ ག་སོང་མེད་པར་ བྱོག་ཡར་སོ་ཡི་ཟེར་ཨིན་པས།
མེ་རྐྱེན་དེ་ ཆུ་ཚོད་༢ ཀྱི་ནང་འཁོད་ལུ་ བསད་ཚུགས་ཡོདཔ་ཨིན་རུང་ སྟོང་ཕུ་ཤིང་དག་པ་ཅིག་ འཚིགས་ཡོདཔ་ལས་ ནུབ་མོ་ ལོག་མེ་འབར་ནི་ལས་ བཀག་ཐབས་ལུ་ ནགས་ཚལ་སྲུང་སྐྱོབ་སྡེ་ཚན་ཚུ་ ས་ཁོངས་ནང་ར་ སྡོད་ཡོདཔ་ཨིན་པས།
དུས་ཅི་གནམ་དགུན་ལུ་ ཐིམ་ཕུ་རྫོང་ཁག་ནང་ ནགས་མེ་ཐེངས་༥ བྱུང་མི་དེ་ དབྱངས་ཅན་ཕུག་ལྟག་ལས་དང་ རྟ་མགྲིན་གནས་ སྡེབ་སྲིད་ དེ་ལས་ མེ་མེ་ལ་ཁ་ ཚུ་ནང་བྱུང་ཡོདཔ་ཨིན་པས།
ནགས་མེ་སྲུང་སྐྱོབ་འབད་ནིའི་དོན་ལུ་ ནགས་ཚལ་མེ་རྐྱེན་འཛིན་སྐྱོང་གི་ཁ་ཐུག་ལས་ མི་སེར་ལུ་ གོ་བ་བརྡ་སྤྲོད་དང་ འགོ་དཔོན་དང་ ཁས་བླངས་པ་ཚུ་ལུ་ སློབ་སྟོན་གྱི་སྦྱོང་བརྡར་ དེ་ལས་ ཐབས་ཤེས་སྣ་ཚོགས་ཚུ་ སྟོན་པའི་བསྒང་ཡོད་ཟེར་ རྟ་མགྲིན་རྡོ་རྗེ་གིས་སླབ་ཨིན་པས།
ནགས་ཚལ་མེ་སྤར་ཏེ་ བྱོག་འགྱོ་མིའི་བུཚ་༣ འཛིན་བཟུང་འབད་ནིའི་དོན་ལུ་ མེ་རྐྱེན་འཛིན་སྐྱོང་འགོ་དཔོན་ཚུ་གིས་ ཞིབ་དཔྱད་ འབད་བའི་བསྒང་ ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment