གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མི་ཚུ་གིས་ སི་ལི་གུ་རི་ལུ་ རེ་ལི་ནང་ འགྱོ་དོ་ཡོདཔ།

༢༥/༣/༢༠༡༣   དེ་ཡང་ ཚོང་འབྲེལ་དང་ སྤྲོ་བཤལ་གྱི་དོན་ལུ་ འགྲུལ་འཁོར་བཱསི་ལས་ རེ་ལི་ནང་ འགྲོ་འགྲུལ་འབད་ནི་ལུ་ གདམ་ཁ་རྐྱབ་ཨིན་པས།
༉ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༡༨ དེ་ཅིག་གི་ས་གནས་ ནུབ་བེང་གཱལ་གྱི་ཁྲོམ་སྡེ་ ཇཱལ་པ་ཡེ་གུ་རི་ ཧཱཤ་མ་རའི་ རེ་ལི་ཐོན་འཛུལ་ས་ཁོངས་ནང་ འུར་སྒྲ་བྱུང་པའི་སྦུག་ལུ་ འབྲུག་མི་སྡེ་ཚན་ཅིག་ སི་ལི་གུ་རི་ལུ་ འགྱོ་ནིའི་དོན་ལས་ དྲོ་པ་ཧ་སག་ར་ རེ་ལི་ཅིག་ལུ་ བསྒུགས་སྡོད་ནུག།
འབྲུག་མི་ཚུ་ སི་ལི་གུ་རི་ལུ་ འགྱོ་ནིའི་དོན་ལས་ རེ་ལི་ནང་ འཛུལ་བའི་བསྒང་།


དེ་ཡང་ དྲོ་པའི་ཚུ་ཚོད་༧.༣༠ དེ་ཅིག་ཁར་ སི་ལི་གུ་རི་ལུ་འགྱོ་མི་ རེ་ལི་ལྷོད་དོ་ཡོད་པའི་ གསལ་བསྒྲགས་འབདཝ་བཞིན་དུ་ སྡེ་ཚན་དེ་ སེམས་དགའ་སྟེ་ རེ་ལི་ནང་ འཛུལ་ནི་གི་ གྲ་སྒྲིག་འབདཝ་ཨིན་པས།
རེ་ལི་དེ་ ཐོན་འཛུལ་ས་ཁོངས་དེ་ནང་བསྒུགཔ་ཅིག་ འབྲུག་མི་ཚུ་ ནང་ན་འཛུལ་བའི་སྐབས་ ལམ་འགྲུལ་པ་ ཞི་གཡོགཔ་ཨྱོན་ཆོས་འཕེལ་གྱིས་ སྡེ་ཚན་ནང་ ཁོང་གི་འཐུས་མི་༡༠ ག་ར་ རེ་ལི་ནང་ འཛུལ་མ་འཛུལ་བལྟ་ཞིབ་འབདཝ་ཨིན་པས།
དེ་ལས་ དུས་ཡུན་སྐར་མ་༡༠ གྱི་རྒྱབ་ལས་ རེ་ལི་དེ་ སི་ལི་གུ་རི་ལུ་འགྱོ་ནི་ འགོ་བཙུགས་ཡོདཔ་ད་ སྡེ་ཚན་དེ་ ཕྱི་རྒྱལ་གྱི་ གཙུག་ལག་སློབ་སྡེ་སོ་སོའི་ནང་ འཛུལ་ཞུགས་ཀྱི་དོན་ལུ་དགོ་མི་ ཨིང་ལིཤ་བརྟག་དཔྱད་ཆོས་རྒྱུགས་ ཨའི་ཨི་ཨེལ་ཊི་ཨེསི་རྐྱབ་པར་ སོང་ཡོདཔ་ཨིན་པས།
ཨིན་རུང་ སི་ལི་གུ་རི་དེ་ ཕུན་ཚོགས་གླིང་ལུ་ སྡོད་མི་དང་ ས་གནས་གཞན་ཚུ་གི་དོན་ལུ་ ཚོང་འབྲེལ་འཐབ་སའི་ ཁྲོམ་སྡེ་ཅིག་ཨིནམ་ལས་ ད་རེས་ནངས་པར་ འགྲུལ་སྐྱེལ་བཱསི་ནང་མིན་པར་ རེ་ལི་ནང་འགྱོ་དོ་ཡོདཔ་ཨིན་པས།
རེ་ལི་ནང་ འགྲུལ་བསྐྱོད་འབད་མི་དེ་ཡང་ གླ་ཆ་ཁེ་བའི་ཁར་ མགྱོགས་དྲགས་དང་ སྟབས་བདེ་ཏོག་ཏོ་ཡོད་ནི་དེ་གིས་ཨིནམ་ད་ ཨྱོན་ཆོས་འཕེལ་གྱིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ རེ་ལི་ནང་ འགྱོ་ནི་གི་ གདམ་ཁ་རྐྱབ་མི་དེ་ཡང་ སྣུམ་འཁོར་ཚུ་དང་ཕྱདཔ་ད་ ལེ་ཤ་གིས་ སྟབས་བདེ་ཏོག་ཏོ་ཡོད་པའི་ཁར་ ལམ་ཐག་ཡང་ ཐུང་དོ་ཡོདཔ་མ་ཚད་ གསང་སྤྱོད་དང་ བཞེས་སྒོ་ཉོ་བཟའ་ནི་ཚུ་ཡང་ རེ་ལི་ནང་ལས་ ཐོབ་ཚུགས་ནི་དེ་གིས་ཨིན་ཟེར་ཨིན་པས།
ད་རུང་ འཁོར་ལམ་ལེགས་ཤོམ་མེད་མི་ལུ་བརྟེན་ འགྲུལ་འཁོར་བཱསི་ནང་ འགྱོ་ནི་གི་ ཉེན་ཁ་ཡང་འདུག་ཟེར་ ལས་འཛིན་ཅིག་གི་ལས་བྱེདཔ་ སྐྱེས་ལོ་༢༧ ལང་མི་ ཡེ་ཤེས་ཆོས་སྒྲོན་གྱིས་ སླབ་ཨིན་པས།
རེ་ལི་ནང་ ཧཱཤ་མ་ར་ལས་ སི་ལི་གུ་རི་ལུ་འགྱོཝ་ད་ མི་རེ་གིས་ གླ་ཆ་རུ་པི་༥༠ ལས་སྤྲོད་མ་དགོ་རུང་ བཱསི་ནང་འགྱོ་བ་ཅིན་ གླ་ཆ་དངུལ་ཀྲམ་༡༠༠ རེ་ སྤྲོད་དགོཔ་ད་ དུས་ཡུན་གྱི་ ཁྱད་པར་དེ་ཡང་ རེ་ལི་དེ་ སི་ལི་གུ་རི་ལུ་ ཆུ་ཚོད་༣ ནང་ ལྷོདཔ་ཨིན་རུང་ བཱསི་གིས་ དུས་ཡུན་ཆུ་ཚོད་༥ ལྷགཔ་ཅིག་ འགོར་དོ་ཡོདཔ་ཨིན་པས།
ཇའི་སྒང་ལས་ ཧཱཤ་མ་ར་རེ་ལི་ཐོན་འཛུལ་ས་ཁོངས་ནང་འགྱོཝ་ད་ མི་རེ་གིས་ གླ་འཁོར་གྱི་གླ་ཆ་ དངུལ་ཀྲམ་༢༥ རེ་ སྤྲོད་དགོཔ་ཨིན་པས།
འབྲུག་མི་ཚུ་ སི་ལི་གུ་རི་ལུ་ ཉོ་ཚོང་རྐྱབ་པར་འགྱོཝ་ད་ ཕར་ཚུར་རེ་ལི་ནང་ འགྱོཝ་ཨིན་རུང་ ལ་ལུ་གིས་ ལོག་འོངམ་ད་ འབྲུག་གི་བཱསི་ནང་འཛུལ་ཏེ་ ཕུན་ཚོགས་གླིང་ལུ་ འོངམ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment