གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ གནས་ཡུན་ཚང་ཞིནམ་ལས་ སྲིད་དོན་ནང་འཛུལ་ནི།

ཁྲི་འཛིན་རྣམ་རྒྱལ་དཔལ་འབྱོར།
༢༣/༣/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་མང་ཤོས་ར་ ད་རེས་ནངས་པ་ འགོ་བཙུགས་བཞིན་དུ་ཡོད་པའི་ བཙག་འཐུའི་བྱ་རིམ་ཚུ་ནང་ བཅའ་མར་གཏོགས་ནི་གི་དོན་ལས་ དགོངས་ཞུ་འབད་བའི་ ནམ་དུས་ལུ་ བསྐྱར་ཞིབ་ཚོགས་ཁང་གི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ ཁོ་རའི་གནས་ཡུན་མ་ཚང་ཚུན་ཚོད་ སྡོད་ཞིནམ་ལས་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་གི་ སེམས་ཐག་བཅད་ནུག།


སྲིད་དོན་ཚོགས་པ་དག་པ་ཅིག་དང་ ཁོང་གི་ རྒྱབ་སྐྱོར་པ་ཚུ་གིས་ ཁོ་འབད་སར་འོང་སྟེ་ སྲིད་ཚོགས་ནང་ འཛུལ་དགོཔ་སྦེ་ སླབ་མི་ལུ་བརྟེན་ སྲིད་ཚོགས་ག་ནང་ འཛུལ་ཞུགས་འབདཝ་དྲག་ག་ མནོ་བསམ་སྦོམ་བཏང་པའི་བསྒང་ཡོད་ཟེར་ ཁྲི་འཛིན་གྱིས་ སླབ་ཨིན་པས།
ཨིན་རུང་ ང་ སྲིད་ཚོགས་ཅིག་ནང་ འཛུལ་ཞུགས་འབད་ནི་སྦེ་ ཐག་བཏོག་སྟེ་ཡོད་ཟེར་ སྤུ་ན་ཁའི་ ཚོགས་སྡེའི་འཐུས་མི་ཨིན་མི་ ཁྲི་འཛིན་གྱིས་ བཤད་པའི་ཁར་ འདི་བཟུམ་མའི་ བྱ་རིམ་ནང་ འབྲེལ་གཏོགས་འབད་ཚར་ཡོདཔ་ལས་ ལམ་ལུགས་འདི་ནང་ལས་ འཐོན་འགྱོ་ནི་གི་ མནོ་བསམ་བཏང་མ་ཚུགསཔ་ཡར་སོ་ཡི་ཟེར་ སླབ་ཨིན་པས།
ཨིན་རུང་ ད་རིས་བཟུམ་མའི་ དུས་ཚོད་ནང་ ཁོ་རའི་འགན་ཁུར་གྱི་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་ཐབས་མེད་ཟེར་ ཁོ་གིས་ སླབ་མ་ཚད་ ཚོགས་སྡེའི་གནས་ཡུན་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ མ་ཚང་ཚོད་ ཕྱག་ཞུ་དགོཔ་ཨིན་ཟེར་ སླབ་ཨིན་པས།
ཁོ་གི་མཉམ་རོགས་ཚུ་གིས་ གཅིག་ཤུལ་གཉིས་ཤུལ་སྦེ་ དགོངས་ཞུའི་ཡི་གུ་ཚུ་བཙུགསཔ་ད་ ཚོགས་ཁང་སྟོངམ་འཐོནམ་མས་ཟེར་ ཚ་གྱང་སྦོམ་ལང་ཡི་ཟེར་ ཁྲི་འཛིན་གྱིས་ བཤད་པའི་ཁར་ ཚ་གྱང་ལང་དགོ་མི་དེ་ཡང་ གལ་གནད་ཅན་གྱི་ གསུང་གྲོས་གནང་དགོཔ་རེ་འཐོན་པ་ཅིན་ ཚོགས་ཁང་ནང་ འཐུས་མི་གསུམ་དཔྱ་གཉིས་དགོ་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
ད་ཚུན་གྱི་བར་ན་ རྫོང་ཁག་༢༠ གི་འཐུས་མི་ཚུ་གི་གྲས་ལས་༡༦ གིས་ དགོངས་ཞུ་འབད་མིའི་གྲས་ལས་ འབྲུག་མཉམ་རུབ་ཚོགས་པའི་ནང་ འཛུལ་ཞུགས་ཀྱི་དོན་ལུ་ དགོངས་ཞུ་འབད་མི་ དང་པ་ར་ ཐིམ་ཕུའི་འཐུས་མི་ སངས་རྒྱས་བཟངམོ་ཨིནམ་ད་ འཐུས་མི་གཞན་ཚུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ནི་གི་དོན་ལུ་ དགོངས་ཞུ་འབད་ནུག།
རྣམ་རྒྱལ་དཔལ་འབྱོར་གྱིས་འབད་བ་ཅིན་ ཁོ་ སྲིད་ཚོགས་ནང་ འཛུལ་བ་ཅིན་ དཀར་སྦིས་ས་-རྟ་ལོག་འདེམས་ཁོངས་ལས་ འདེམས་ངོ་སྦེ་ བཅའ་མར་གཏོགས་འོང་ཟེར་ཨིན་པས།
མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་སྡེའི་ཁྲི་འཛིན་དེ་ གཞུང་སྐྱོང་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པའི་ནང་ འཛུལ་ནི་བཟུམ་ཅིག་འདུག་ཟེར་ཨིནམ་ད་ སྲིད་ཚོགས་དེ་ནང་ འཛུལ་ཞུགས་འབད་བ་ཅིན་ ད་ལྟོའི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཚེ་རིང་དཔལ་འབྱོར་གྱི་ཚབ་སྦེ་ འཐོན་ནི་ཨིན་པས།
འདེམས་ཁོངས་དེ་ནང་ལས་ དོ་འགྲན་འབད་མི་ པདྨ་དབང་ཆེན་དེ་ འབྲུག་ཀུན་མཉམ་པར་ཊི་གི་ འདེམས་ངོ་སྦེ་ ཐོན་ཡོད་རུང་ འབྲུག་སྤྱིར་དབང་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཚུ་ གཏན་འཁེལ་མ་འགྱོ་བར་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment