གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་གྱི་ རྒེད་འོག་༡༡ ལས་ གདམ་ངོ་༣ ཐོན་ཡོདཔ།

༢༥/༣/༢༠༡༣    ༉ པདྨ་དགའ་ཚལ་རྫོང་ཁག་ནང་ རྒེད་འོག་༡༡ ཡོད་ས་ལས་ ད་ཚུན་ ན་ནོང་དང་ བདེ་ཆེན་ཆོས་གླིང་རྒེད་འོག་༢ ཀྱིས་ གདམ་ངོ་༢ གདམ་འཐུ་འབད་ཡོདཔ་ད་ མི་ངོ་༣ པ་ཨིན་མི་ ཚོགས་སྡེའི་འཐུས་མི་བགྲེསཔ་ འཇིགས་མེད་རིག་འཛིན་གྱི་ ཚོགས་རྒྱན་གྲུབ་འབྲས་དེ་ སྤྱི་ཟླ་༣ པའི་ཚེས་༢༦ ལུ་ གསལ་སྟོན་འབད་ནི་ཨིན་པས།
གདམ་ངོ་ཤེས་རབ་རྒྱ་མཚོ།
གདམ་ངོ་པདྨ་དབང་ཕྱུག།


རྫོང་ཁག་བཙག་འཐུའི་འགོ་དཔོན་ ཀུན་དགའ་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་༡༡ ལས་ མི་ངོ་བསྡོམས་༣ ཐོན་ཡོད་རུང་ ད་ཚུན་ ན་ནོང་རྒེད་འོག་ལས་ གདམ་ངོ་ཅིག་ཐོན་ཡོད་མི་དེ་ སྤྱི་ཚེས་༢༢ ལུ་ ན་ནོང་ལུ་སྦེ་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགསཔ་ད་ པདྨ་དབང་ཕྱུག་གིས་ དགོ་ཟེར་བའི་ཚོགས་རྒྱན་༡༨༦ ཐོབ་སྟེ་ རྒེད་འོག་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
རྒེད་འོག་དེ་ནང་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་མི་༢,༩༩༠ ལྷགཔ་ཅིག་ཡོད་ས་ལས་༢༤༢ རྐྱངམ་གཅིག་གིས་ འཛོམས་འདུ་ནང་ འོང་ཡོདཔ་ཨིན་པས།
མཁར་དང་ ནོར་བུ་སྒང་ གདུང་མིན་ བཟོ་བལ་ ཆོས་འཁོར་གླིང་ སྐྱོང་ཤིང་ ཕྱི་མོང་ གཡུ་རུང་ དེ་ལས་ མི་ཀུ་རི་རྒེད་འོག་ཚུ་ནང་ལས་ གདམ་ངོ་མེདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢༤ ལུ་ ངང་ལམ་དྲུང་ཁག་ བདེ་ཆེན་ཆོས་གླིང་རྒེད་འོག་ལས་ ཤེས་རབ་རྒྱ་མཚོ་དེ་ ཁོ་ར་རྐྱངམ་གཅིག་འབད་ནི་དེ་གིས་ དགོ་ཟེར་བའི་ཚོགས་རྒྱན་༢༦༨ ཐོབ་སྟེ་ གདམ་ངོ་གྲུབ་ཡོདཔ་ད་ ཁོ་གིས་ མི་དགོ་ཟེར་བའི་ཚོགས་རྒྱན་༤༧ ཐོབ་ཡོདཔ་ཨིན་པས།
ཟླ་སྒོར་རྒེད་འོག་ནང་ འཛོམས་འདུ་རྐྱབ་ཡོད་རུང་ གཡུས་ཚན་དེ་ ཐག་རིང་སར་འབད་ནི་དེ་གིས་ ད་རུང་ གདམ་ངོ་དེ་གི་དོན་ལུ་ ཤུ་མར་རྒེད་འོག་ནང་ འཛོམས་འདུ་རྐྱབ་དགོཔ་ལས་ གྲུབ་འབྲས་དེ་ སྤྱི་ཚེས་༢༦ ལུ་རྐྱངམ་གཅིག་ གསལ་སྟོན་འབད་ནི་ཨིནམ་ད་ གཡུ་རུང་ལས་ གདམ་ངོ་མེདཔ་ཨིན་པས།
རྫོང་ཁག་དེ་ནང་ སྤྱི་ཟླ་༣ པའི་ཚེས་༡༨ ལས་ བཙག་འཐུའི་ལས་བྱེདཔ་ སྡེ་ཚན་ཁག་༣ གྱིས་ རྒེད་འོག་སོ་སོར་ནང་ལས་ འཛོམས་འདུ་འབད་ནི་ འགོ་བཙུགས་ཡོདཔ་ད་ སྤྱི་ཚེས་༢༦ ལུ་ ཤུ་མར་དང་ མི་ཀུ་རི་ དེ་ལས་ ཕྱི་མོང་རྒེད་འོག་༣ ནང་ འཛོམས་འདུ་རྐྱབ་ནི་ཨིནམ་ད་ རྒེད་འོག་༣ གྱིས་ ད་ལྟོའི་འཐུས་མི་ འཇིགས་མེད་རིག་འཛིན་ལུ་ དགོ་དང་མི་དགོ་གི་ ཚོགས་རྒྱན་འཕྲོ་མཐུད་བཙུགས་ནི་ཨིན་པས།
ཁ་ཙ་ ཟླ་སྒོར་སྤྱི་འོག་ནང་ ད་ལྟོའི་འཐུས་མི་ འཇིགས་མེད་རིག་འཛིན་གྱི་དོན་ལུ་ འཛོམས་འདུ་འཚོགས་ཏེ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་རུང་ ཟླ་སྒོར་སྤྱི་འོག་དེ་ ཐག་རིང་སར་འབད་ནི་དེ་གིས་ གདམ་ངོ་དེ་གི་དོན་ལུ་ ད་རུང་ ཤུ་མར་རྒེད་འོག་ནང་ འཛོམས་འདུ་རྐྱབ་ཞིནམ་ལས་ ཚོགས་རྒྱན་གྲུབ་འབྲས་ གསལ་སྟོན་འབད་ནི་ཨིན་པས།
རྫོང་ཁག་ནང་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་མི་༢༣,༠༠༠ ལྷགཔ་ཅིག་ཡོདཔ་ད་ ཚོགས་སྡེའི་གདམ་ངོ་ཚུ་གི་ འཛོམས་འདུ་མཇུག་ར་ དན་ཕྱི་སྤྱི་འོག་ནང་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ འགོ་འདྲེན་འཐབ་སྟེ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment