གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྟ་མགྲིན་སྒང་རྒྱ་བསྐྱེད་སློབ་གྲྭ་ལག་ལེན་མེདཔ།

༢༧/༣/༢༠༡༣   ༉ དུས་ཅི་ སློབ་དཔོན་ལངམ་མེད་མི་དང་ སློབ་ཕྲུག་ཉུང་སུ་ཅིག་ལས་མེད་མི་ལུ་བརྟེན་ བུམ་ཐང་སྟང་རྒེད་འོག་ནང་ཡོད་མི་ རྟ་མགྲིན་སྒང་ཡན་ལག་སློབ་གྲྭ་དེ་ སྒོ་བསྡམས་བཞག་ཡོདཔ་ཨིན་པས།


དེ་ཡང་ ཤེས་རིག་ལས་ཁུངས་ཀྱི་ སྲིད་བྱུས་དང་འཁྲིལ་བ་ཅིན་ ཡན་ལག་སློབ་གྲྭ་ཅིག་ནང་ སློབ་ཕྲུག་༡༠ དགོཔ་ཨིན་རུང་ སྤྱི་ལོ་༢༠༡༠ ལུ་ འགོ་བཙུགས་མི་ རྟ་མགྲིན་སྒང་སློབ་གྲྭ་ནང་ སློབ་ཕྲུག་༥ གིས་ གྱངས་ཁ་ལང་མ་ཚུགསཔ་ཨིན་པས།
བློ་གསར་ལས་ སློབ་རིམ་༣ པ་ ཚུན་ཡོད་མི་ རྒྱ་བསྐྱེད་སློབ་གྲྭ་དེ་ནང་ སྤྱི་ལོ་༢༠༡༢ ལུ་ སློབ་ཕྲུག་༡༢ དང་ སློབ་དཔོན་༢ ཡོད་རུང་ སློབ་ཕྲུག་ཕྱེད་ཀ་དེ་ཅིག་གིས་ དགེ་འདུན་སློབ་གྲྭ་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ སློབ་གྲྭ་ནང་ལས་ ཐོན་སོང་ནི་དེ་གིས་ གྱངས་ཁ་མར་བབས་ སོང་ཡོདཔ་ཨིན་པས།
སློབ་གྲྭ་དེ་གི་ སློབ་དཔོན་༢ ལས་༡ སོ་ནམ་ལྷན་ཁག་ དབང་ཕྱུག་བརྒྱ་འཁོར་གླིང་ཁ་གིས་ མི་སྡེ་དང་འབྲེལ་བའི་ སློབ་སྟོན་འབད་མི་ སློབ་དཔོན་གཞན་ཅིག་ལུ་ ཆ་རོགས་འབད་མི་སྦེ་ ལེན་ཡོདཔ་ད་ ཁོ་ལུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༨,༠༠༠ རེ་ སྤྲོད་ཡོདཔ་ཨིན་པས།
རྟ་མགྲིན་སྒང་ཚོགས་པ་ རིན་ཆེན་ནོར་བུ་གིས་ སླབ་མིའི་ནང་ ཡན་ལག་སློབ་གྲྭའི་ སློབ་ཕྲུག་གཞན་ཚུ་ ལྟོ་ཐོབ་སློབ་གྲྭ་ནང་ བཏང་ཡོདཔ་བཞིན་དུ་ ལ་ལུ་ཅིག་ ཁོང་གི་ ཉེ་ཚན་ཚུ་དང་གཅིག་ཁར་སྡོད་དེ་ ཁང་རབ་སློབ་གྲྭ་ཆུང་བའི་ནང་ ལྷབ་དོ་ཟེར་ཨིན་པས།
ཁང་རབ་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ སློབ་རིམ་༤ པ་ཡན་ཆད་ནང་ ལྷབ་མི་ཚུ་ཨིན་རུང་ ཁོང་ཆ་ཁྱབ་ སློབ་གྲྭ་ནང་འགྱོཝ་ད་ ཟམ་ཅིག་བརྒལ་དགོཔ་མ་ཚད་ གནམ་བྱཱར་གྱི་ ཆར་ཆུའི་སྐབས་ གཙང་ཆུ་བྲེས་མི་ལུ་བརྟེན་ ཨ་ལུ་ཚུ་ལུ་གནོད་ཉེན་ཡོད་རུང་ ཁོང་ལུ་ ཚ་གྱང་སྦོམ་ཤོས་ར་ ཡན་ལག་སློབ་ཁང་གི་ སློབ་ཁང་ཚུ་ སྟོངམ་ལུས་ཡོད་མི་དེ་ཨིན་ཟེར་ཨིན་པས།
ཡན་ལག་སློབ་ཁང་དེ་ ཉེ་འདབས་ཀྱི་ ཨ་ལུ་ཚུ་ སློབ་གྲྭ་ནང་ འགྱོ་ཚུགས་ནིའི་དོན་ལུ་ རྐྱབ་རྐྱབ་ཨིནམ་ལས་ ད་རིས་ ལག་ལེན་མེད་པར་ ལུས་མི་ལུ་ལྟ་སྟེ་ སེམས་ཕམ་བྱུངམ་མས་ཟེར་ ཚོགས་པ་གིས་ སླབ་ཨིན་པས།
ཡིག་ཚང་དང་ སློབ་ཁང་སྦེ་ ལག་ལེན་འཐབ་མི་ ཁང་མིག་གཉིས་འབད་མི་ ཡན་ལག་སློབ་གྲྭ་དེ་ རྟ་མགྲིན་སྒང་གི་ མི་སེར་ཚུ་གིས་ ལས་མིའི་རྒྱབ་སྐྱོར་དང་ གཞུང་ལས་ སྒོ་ཅུང་གི་ཤེལ་ཁྲམ་དང་ ལྕགས་ཤོག་ཚུ་ མཁོ་སྤྲོད་ཐོག་ལས་ རྐྱབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment