གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་གིས་ ཚོགས་སྡེའི་གདམ་ངོ་བསྡོམས་༧ བཏོན་ཚར་ཡོདཔ།

༢༦/༣/༢༠༡༣   ༉ ཁ་ཙ་ བསམ་རྩེ་ཁྲོམ་ནང་ འཛོམས་འདུ་མཇུག་འགོ་འདྲེན་འཐབ་སྟེ་ གདམ་ངོ་ཅིག་ བཏོན་མི་དེ་རྩིསཝ་ད་ གདམ་ངོ་བསྡོམས་༧ བཏོན་ཚར་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༣ ལས་༢༤ གི་བར་ན་ རྒེད་འོག་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་པའི་ཤུལ་ལས་ བསམ་རྩེ་ཁྲོམ་སྡེ་གིས་ བརྡ་བརྒྱུད་ནང་ལཱ་འབད་མི་ ཁྱུང་བདུད་ཚེ་རིང་ལུ་ དགོ་ཟེར་བའི་ཚོགས་རྒྱན་༣༦ དང་ མི་དགོ་ཟེར་མི་ ག་ཡང་མེདཔ་ལས་ བསམ་རྩེ་ཁྲོམ་གྱི་ གདམ་ངོ་སྦེ་ གྲུབ་ཡོདཔ་ཨིན་པས།



རྫོང་ཁག་བཙག་འཐུ་འགོ་དཔོན་ པདྨ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཛོམས་འདུ་ཚུ་ཡང་ སྡེ་ཚན་༣ དབྱེ་ཁག་བཟོ་སྟེ་ འགོ་འདྲེན་འཐབ་ཡོདཔ་ད་ རྒེད་འོག་༡༣ ཡོད་ས་ལས་ རྒེད་འོག་༦ དང་ བསམ་རྩེ་ཁྲོམ་སྡེ་གིས་ བཙག་འཐུ་ནང་དོ་འགྲན་འབད་མི་ གདམ་ངོ་ཚུ་ གདམ་འཐུ་འབད་ཡི།
གདམ་ངོ་ཚུ་ཡང་ གཏན་འབྲུ་ལས་ སྤྱི་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་བཙུགས་མི་༣༨༦ འོང་ས་ལས་ དགོ་ཟེར་བའི་ཚོགས་རྒྱན་༣༤༢ ཐོབ་ཡོདཔ་ད་ དེ་བཟུམ་སྦེ་ དབུ་འཛིན་བགྲེསཔ་ ཌི་ཀེ་ ག་ལེ་གིས་ པདྨ་གླིང་རྒེད་འོག་ལས་ ཚོགས་རྒྱན་བཙུགས་མི་༤༡༡ ཡོད་ས་ལས་ དགོ་ཟེར་བའི་ཚོགས་རྒྱན་༣༢༠ ཐོབ་ཡོདཔ་ཨིན་པས།
རྡོཔ་ཅུ་ཅན་རྒེད་འོག་གི་ ཆ་ཏར་པ་ཏི་ ཕུ་ཡལ་གྱིས་ འཛོམས་འདུ་ནང་ མི་གྲངས་༣༥༤ འོང་ས་ལས་ དགོ་ཟེར་བའི་ཚོགས་རྒྱན་༢༦༧ ཐོབ་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༠༧ ལོ་ནང་ཡང་ ཚར་གཅིག་ བཅའ་མར་གཏོགས་ཡོདཔ་ད་ གདན་ཅུ་ཁ་རྒེད་འོག་གི་གདམ་ངོ་ དབུ་འཛིན་འོགམ་བགྲེསཔ་ ཁ་ར་ ནཱན་ད་ ད་ཀཱལ་གྱིས་ མི་༢༠༧ འོང་ས་ལས་ ཚོགས་རྒྱན་༡༦༣ ཐོབ་ཡོདཔ་ཨིན་པས།
ལྟ་བཤལ་ཚོང་མགྲོན་ལས་སྡེ་གི་ ཇོ་བདག་གཱ་ནེཤ་ གི་མི་རེ་གིས་ ཚོགས་རྒྱན་བཙུགས་མི་༤༡༠ ལས་ ཁོ་གིས་ ཚོགས་རྒྱན་༣༤༤ ཐོབ་ཡོདཔ་ད་ འབྲུག་གི་དངུལ་ཁང་གི་ འཛིན་སྐྱོང་འགོ་དཔོན་བགྲེསཔ་གིས་ འོད་གསལ་རྩེ་རྒེད་འོག་གི་དོན་ལུ་ ཚོགས་རྒྱན་༢༢༢ ཐོབ་སྟེ་ གདམ་ངོ་གྲུབ་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ པདྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གདམ་ངོ་ག་ར་གིས་ ཁ་ཙ་ལས་ གདམ་ངོ་གི་དོན་ལུ་ ཐོ་བཀོད་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ ཡིག་ཆ་ཚུ་ བདེན་དཔྱད་འབད་ནི་ཨིན་ཟེར་ཨིན་པས།
རྒེད་འོག་དྲུག་ལས་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་མི་བསྡོམས་ཀྱིས་༤༣༢༠ གིས་ འཛོམས་འདུ་ནང་ ཚོགས་རྒྱན་བཙུགས་པར་འོང་ཡོདཔ་ད་ རྒེད་འོག་ཚུ་གི་གྲས་ལས་ པདྨ་གླིང་རྒེད་འོག་ནང་ལས་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་འོང་ཡོདཔ་ཨིན་པས།
ཁོ་གིས་ མི་སེར་ཚུ་ལུ་ ཚོགས་སྡེ་དང་ ཚོགས་འདུ་༢ ཀྱི་སྐོར་ལས་ གོ་བརྡ་ཚུ་སྤྲོད་ཡོད་རུང་ མང་ཤོས་ཀྱིས་ འཛོམས་འདུ་ནང་ བཅའ་མར་གཏོགས་མ་བཏུབ་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་ནི་གི་ འདྲ་པར་མི་འཛོལ་ནིའི་དོན་ལུ་ འདྲ་པར་རྙིངམ་ཚུ་ བསྡུ་ཡི་ཟེར་ཨིནམ་ད་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ འདྲ་པར་གསརཔ་ཚུ་ ལེན་དགོ་པའི་སྐོར་ལས་ གོ་བརྡ་སྤྲོད་ཡོདཔ་ཨིན་པས།
གཡུས་ཁའི་མི་སེར་མང་ཤོས་ཀྱིས་ གདམ་ངོ་སངས་རྒྱས་མཁའ་འགྲོ་དེ་ སྤྱི་མི་བགྲེསཔ་ཨིན་པའི་ཁར་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཨིནམ་ལས་ ཁོ་གི་སྐོར་ལས་ ཤེས་རྟོགས་ཡོདཔ་ཨིན་རུང་ གཞན་གདམ་ངོ་ཚུ་གི་སྐོར་ལས་ཡང་ ཤེས་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
རྣམ་རྒྱལ་ཆོས་གླིང་རྒེད་འོག་ལས་ མི་སེར་དག་པ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ པདྨ་གླིང་རྒེད་འོག་གི་ རྒཔོ་གི་ཕོ་རྒནམ་འབད་ནི་དེ་གིས་ ཌི་ཀེ་ག་ལེ་གི་ ཉམས་མྱོང་སྐོར་ལས་ ཧ་གོ་ཡོད་རུང་ ཡོངས་གྲགས་དེམ་ཅིག་ མིན་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༧ ལུ་ མ་ནི་ཀུ་མར་རའི་ལས་ཕམ་ཡོད་མི་ ཆ་ཏར་པ་ཏི་ ཕུ་ཡལ་དེ་ རྡོཔ་ཅུ་ཅན་རྒེད་འོག་ནང་ ཡོངས་གྲགས་ཡོདཔ་ཨིན་རུང་ གཞན་རྒེད་འོག་གི་ མི་སེར་ཚུ་གིས་ ཁོ་གི་ཉམས་མྱོང་སྐོར་ལས་ མི་ཤེས་དོ་ཡོདཔ་ཨིན་རུང་ གཞན་མི་གདམ་ངོ་༤ པོ་དེ་ ཁོང་རའི་རྒེད་འོག་ནང་ ལེགས་ཤོམ་སྦེ་ར་ ཤེས་དོ་ཡོདཔ་ཨིན་པས།
འཛོམས་འདུ་གི་སྐབས་ལུ་ མི་སེར་ཚུ་ལུ་ བཙག་འཐུའི་ཉིནམ་ངོ་མ་ནང་ འབད་ཆོག་དང་མ་ཆོག་གི་སྐོར་ལས་ གོ་བརྡ་ཚུ་ སྤྲོད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment