གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱང་སྟོར་ཤོར་མི་བུཚ་དེ་ ག་ལུ་རྩིས་སྤྲོད་འབད་ཡོདཔ་ཨིན་ནའི་ ཡིག་ཆ་ཚུ་འཚོལ་བའི་བསྒང་ཡོདཔ།

༣༠/༣/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུའི་ ཁྲིམས་སྲུང་འགག་སྡེ་གིས་ སྐྱེས་ལོ་༡༣ ལང་མི་བུཚ་ཅིག་ བྱང་སྟོར་ཤོར་ཡོད་པའི་ སྙན་ཞུ་ཐོབ་ཡོདཔ་ལས་ ད་རེས་ནངས་པ་ ཁྲིམས་སྲུང་འགག་སྡེའི་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ཀྱི་ ཡིག་ཚང་ནང་ ཧེ་མའི་ཡིག་ཆ་ཚུ་ འཚོལ་བའི་བསྒང་ཡོདཔ་ཨིན་པས།


ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དྲགོས་དཔལ་ལྡན་དབང་ཕྱུག་གིས་ སྤྱི་ལོ་༢༠༠༥ ལུ་ བྱང་སྟོར་ཤོར་མི་བུཚ་ དངོས་གྲུབ་ཚེ་རིང་དེ་ ཨར་རྐུན་དང་ སྨྱོ་རྫས་སྤྱོད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ བཙུགས་བཞག་པའི་ཤུལ་ལས་ དྲགོས་དཔལ་ལྡན་དབང་ཕྱུག་ལུ་ རྩིས་སྤྲོད་མ་འབདཝ་ལས་བརྟེན་ ཁྲིམས་སྲུང་འགག་སྡེ་དང་ ཁྲིམས་འདུན་༢ ལུ་ འགན་ཁུར་བཀལ་ཡོདཔ་ལས་ སྤྱི་ལོ་༢༠༠༥ འི་ཡིག་ཆ་ཚུ་ འཚོལ་དོ་ཟེར་ ཁྲིམས་སྲུང་འགག་སྡེའི་ ཐིམ་ཕུ་གི་སྡེ་འཛིན་ དམག་སྲིད་འོག་མ་ ཚེ་རིང་དཔལ་འབྱོར་གྱིས་ སླབ་ཨིན་པས།
ཚེ་རིང་དཔལ་འབྱོར་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༠༥ ལུ་ བུཚ་དེ་ ཨར་རྐུན་དང་ སྨྱོ་རྫས་ལུ་བརྟེན་ དྲགོས་དཔལ་ལྡན་དབང་ཕྱུག་གི་ གནས་ཚང་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཙུགས་ཡོད་པའི་ཡིག་ཆ་ཚུ་ ཐོབ་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༥ ལུ་ ཁྲིམས་ཀྱི་འདུན་ས་ལས་ བཙོན་ཁྲིམས་ཟླཝ་༡ ལྷགཔ་ཅིག་ ཕོག་མི་དེ་ ཁྲིམས་སྲུང་འགག་སྡེའི་ དོ་དམ་ནང་ ཟླཝ་༡ དང་ཞག་༧ སྡོད་ཡོདཔ་ལས་ དེ་གིས་ ཉེས་ཁྲིམས་འཐུས་པའི་ གྲོས་ཆོད་བཏོན་པའི་ཤུལ་ལས་ བུཚ་དེ་ དོ་དམ་འོག་ལས་ བཏོན་བཏང་ཡོད་པའི་ ཡིག་ཆ་ཚུ་ཐོབ་ཅི་ཟེར་ཨིན་པས།
ཨིན་རུང་ བུཚ་དེ་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལས་བཏོནམ་ད་ ག་ལུ་རྩིས་སྤྲོད་འབད་ཡོདཔ་ཨིན་ནའི་ ཡིག་ཆ་ཚུ་ ད་ལྟོ་འཚོལ་བའི་བསྒང་ཡོད་ཟེར་ བཤདཔ་ཨིན་པས།
དེ་འབདཝ་ད་ བུཚ་དེ་གི་ཨ་ཁུ་ སྒོམ་ཆེན་ཚེ་དབང་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ བུཚ་དེ་ འཚོལ་ཞིབ་འབད་ནིའི་དོན་ལུ་ རྒྱབ་སྐྱོར་འཚོལཝ་བཞིན་དུ་ ཆ་རོགས་གང་དྲག་འབད་མི་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ འཕྲལ་མགྱོགས་ར་ བུཚ་དེ་ ག་ལུ་རྩིས་སྤྲོད་འབད་ཡོདཔ་ཨིན་ན་དང་ བུཚ་དེ་ ཡོད་མེད་ཀྱི་ སྒྲུབ་བྱེད་བཏོན་གནང་པ་ཅིན་ བསམ་པ་རྫོགས་ནི་མས་ཟེར་ཨིན་པས།
སྒོམ་ཆེན་ཚེ་དབང་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ལུ་ གནས་ཚང་དང་ ཨ་ལུ་༤ ཨ་རྒས་དང་ ཨང་རྒས་ དེ་ལས་ སྤུན་ཆ་གཞན་ཡང་ གསོ་དགོཔ་ལེ་ཤ་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པ་ ཁོ་རའི་གཡུས་ཁར་ སོ་ནམ་ཞིང་ལཱ་འབད་ནི་ འགོ་བཙུགས་ཡོདཔ་ལས་ སྙན་ཞུ་ཚུ་ གང་མགྱོགས་འཐོབ་ཚུགས་པ་ཅིན་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ ཨིན་པས།
དེ་འབདཝ་ད་ དམག་སྲིད་འོག་མ་ ཚེ་རིང་དཔལ་འབྱོར་གྱིས་ བུཚ་དེ་ ད་རེས་ནངས་པ་ བྱང་སྟོར་ཤོར་ཡོད་པའི་ ལོ་རྒྱུས་མེནམ་ལས་ དུས་ཡུན་ལེ་ཤ་འགོར་འོང་ཟེར་ སླབ་ཡོདཔ་མ་ཚད་ གནད་དོན་དེ་ ཁྲིམས་སྲུང་འགག་སྡེ་ལུ་ ཧེ་མ་ལས་ སྙན་ཞུ་མ་འབད་བར་བཞག་མིའི་གནད་དོན་དེ་ ཧ་གོ་མི་ཚུགས་པས་ཟེར་ཨིན་པས།
དེ་མ་ཚད་ བུཚ་དེ་ འཚོལ་ཞིབ་འབད་དགོ་པའི་ སྙན་ཞུ་འབད་མི་དང་བསྟུན་ སྒྲུབ་བྱེད་ཚུ་ ག་ཅི་ཐོནམ་ཅིག་ སྤུན་ཆ་ཚུ་ལུ་ བརྡ་ལན་འབད་ནི་ཨིན་པའི་ཁར་ སྒྲུབ་བྱེད་དང་འཁྲིལ་ཏེ་ ཁོང་ར་གིས་འབད་དགོཔ་འོང་ཟེར་ སླབ་ཨིན་པས།
སྒོམ་ཆེན་ཚེ་དབང་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སྒྲུབ་བྱེད་དེ་ར་ འཐོབ་ཚུགས་པ་ཅིན་ དེ་དང་འཁྲིལ་ཏེ་ ལཱ་འབད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment