གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་རྫོང་ཁག་ལས་ ཚོགས་སྡེའི་གདམ་ངོ་༢ ཀྱིས་ དོ་འགྲན་འབད་ནི།

༣༠/༣/༢༠༡༣  ༉ ལྷུན་རྩེ་ལུ་ རྒེད་འོག་༨ ཡོད་རུང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ རྒྱ་རེད་རྒེད་འོག་དང་ མཁོ་མ་རྒེད་འོག་༢ ལས་མ་གཏོགས་མེདཔ་ད་ སྤྱི་ཟླ་འདི་གི་ཚེས་༢༨ ལུ་ མཁོ་མ་རྒེད་འོག་གི་མི་སེར་ཚུ་གིས་ ཁོང་རའི་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེ་གི་གདམ་ངོ་སྦེ་ ལོག་སྟེ་ར་ འཐུས་མི་བགྲེསཔ་ རིག་འཛིན་རིག་འཛིན་དེ་ གདམ་འཐུ་འབད་ཡི།
ཚོགས་རྒྱན་བཙུགས་ནི་གི་དོན་ལུ་ རྒྱལ་བཙར་སྡོད་པའི་བསྒང་།


དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་བཏོན་ནིའི་དོན་ལུ་ འཛོམས་འདུ་ཚོགས་པའི་སྐབས་ ཚོགས་རྒྱན་བཙུགས་མི་བསྡོམས་ཀྱིས་༢༡༦ འོང་མི་ལས་ མི་དགོ་ཟེར་བའི་ཚོགས་རྒྱན་༡༧ དང་ དགོ་ཟེར་བའི་ཚོགས་རྒྱན་༡༩༩ བཙུགས་ཐོག་ལས་ མཁོ་མ་རྒེད་འོག་གི་གདམ་ངོ་གྲུབ་ཡོདཔ་ད་ ཁོ་གིས་ ལྷུན་རྩེ་ རྒྱ་རེད་རྒེད་འོག་ལས་ གློག་མེ་ཞབས་ཏོག་སྡེ་ཚན་གྱི་ འཛིན་སྐྱོང་འགོ་དཔོན་བགྲེསཔ་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་དང་གཅིག་ཁར་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ དོ་འགྲན་འབད་ནི་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་བཏོན་ནིའི་དོན་ལུ་ རྒེད་འོག་༨ ནང་ སྤྱི་ཟླ་འདི་གི་ཚེས་༡༨ ལས་འགོ་བཙུགས་ཡོདཔ་ད་ མི་སེར་ཚུ་གིས་ ཁོང་རའི་རྒེད་འོག་ལས་ ཉམས་མྱོང་ཅན་གྱི་འཐུས་མི་གིས་ ཚོགས་སྡེའི་ནང་བཅའ་མར་གཏོགས་ནིའི་དོན་ལུ་འོང་མི་དེ་ ཁོང་ལུ་དཔའ་ཉམས་བསྐྱེད་ནི་གི་གཞི་ཨིན་མས་ཟེར་ཨིན་པས།
འཛོམས་འདུ་ནང་བཅའ་མར་གཏོགས་མི་ སྐྱེས་ལོ་༥༢ ལང་མི་ ཚེ་རིང་གིས་འབད་བ་ཅིན་ ཁོ་རའི་ཚོགས་རྒྱན་དེ་ མི་ཉམས་མྱོང་ཡོད་མི་ལུ་ བཙུགས་དགོཔ་བཟུམ་ཅིག་ཡོད་ཟེར་ཨིནམ་ད་ དེ་ཡང་ གཡུས་སྒོ་ནང་ གོང་འཕེལ་གྱི་འགྱུར་བ་བཟོ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
གཡུས་མི་རིན་ཆེན་གྱིས་སླབ་མིའི་ནང་ གདམ་ངོ་གསརཔ་ཚུ་ལུ་ ཚོགས་རྒྱན་བཙུག་པ་ཅིན་ ཁོ་གིས་ལཱ་འབད་ནི་ལུ་ ད་རུང་ ལོ་༥ དེ་ཅིག་ ཉམས་མྱོང་ཚུད་དགོཔ་ཡོདཔ་ལས་ གོང་འཕེལ་གྱི་དོན་ལུ་ ཉམས་མྱོང་ཡོད་མི་ལུ་ར་ ཚོགས་རྒྱན་བཙུགས་དགོ་ཟེར་ཨིན་པས།
གཙང་སྒོ་གཡུས་ཚན་གྱི་ མི་སེར་ཅིག་གིས་སླབ་མིའི་ནང་ ཁོང་ལུ་དགོཔ་དེ་ དྲང་བདེན་ཡོད་མི་ ཞབས་ཏོག་ཁ་གིས་ རྐྱངམ་གཅིག་ཞུ་ནི་མེན་པར་ ཁ་དང་ལགཔ་རྟགས་མཐུནམ་སྦེ་ འབད་མི་ཅིག་དགོཔ་ཨིན་ཟེར་ཨིན་པས།
གཡུས་ཚན་ལས་ སྐྱེས་ལོ་༤༧ ལང་མི་ཅིག་གིས་སླབ་མིའི་ནང་ གཡུས་ཚན་དེ་ནང་ གློག་མེའི་ཞབས་ཏོག་དང་ འཁོར་ལམ་ཚུ་ཁག་ཆེཝ་ཡོདཔ་ལས་ ཁོང་གི་ངོ་ཚབ་དེ་ གཡུས་ཚན་དེ་ནང་ ཕན་ཐོགས་ཚུགས་མི་ཅིག་ བཏོན་ཚུགས་ནིའི་དོན་ལུ་ དཀའཝ་ག་དེ་ཅིག་སྤྱད་རུང་ འཚེར་སྣང་མེད་པར་ ཕྱི་རུ་ཞག་ཡང་ མཁོ་མ་ལུ་ གནསཔོ་བརྙ་སྟེ་སྡོད་མི་དེ་ གནད་དོན་སྦོམ་ཡོད་ཟེར་ཨིན་པས།
འཛོམས་འདུ་ནང་འོང་མི་ལ་ལུ་ཅིག་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ག་ཡང་མེདཔ་ལས་ མི་སེར་ཚུ་གི་གདོང་ཁར་ ཕྱག་ཞུ་ནི་ཟེར་འོང་མི་ལུ་ ཚོགས་རྒྱན་བཙུགས་ཡོད་རུང་ དུས་ཅི་ རྫོང་ཁག་དེ་ནང་ལུ་ཡང་ རྒྱལ་ཡོངས་ཚོགས་སྡེའི་དོ་འགྲན་པ་༢ ཡོདཔ་ལས་ གདམ་ཁ་རྐྱབ་ནིའི་དོན་ལུ་ གོ་སྐབས་འདུག་ཟེར་ཨིན་པས།
རྒེད་འོག་ནང་ལས་ གདམ་འཐུ་གྲུབ་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ རིག་འཛིན་རིག་འཛིན་གྱིས་ ཁོ་གིས་གནས་ཡུན་མ་ཚངཔ་ལས་ དགོངས་ཞུ་འབད་དེ་ དོ་འགྲན་འབད་བར་འོང་མི་དེ་ མི་སེར་ཚུ་གི་རེ་འདོད་དང་འཁྲིལ་ དགོངས་ཞུའི་འཐུས་ དངུལ་ཀྲམ་འབུམ་༦ དེ་ཅིག་འཐོབ་ནི་ཡོད་མི་ཚུ་ཡང་ བློས་བཏང་ཐོག་ལས་འོང་འོངམ་ཨིན་ཟེར་ཨིན་པས།
གཞུང་དང་མི་སེར་ཚུ་གིས་བར་ན་ ཟམ་བཟུམ་སྦེ་ ཕྱག་ཞུ་ནིའི་དོན་ལུ་འོང་ཡི་ཟེར་ཨིནམ་ད་ ལྷུན་རྩེ་རྫོང་ཁག་གི་ མི་སེར་ཚུ་གིས་ སྤྱི་ལོ་༢༠༠༨ ལུ་འཐུས་མི་སྦེ་ བཙག་འཐུ་འབད་གནང་མི་དེ་ལུ་ཡང་ དགའ་ཚོར་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ རྒྱབ་སྐྱོར་འབད་འོང་ མནོ་བའི་རེ་བ་ཡོད་ཟེར་ཨིན་པས།
ཁོ་གི་གནས་ཡུན་ ལོ་༥ འི་ནང་འཁོད་ལུ་ གཞུང་དང་མི་སེར་ཚུ་གི་བར་ན་ ཕྱག་ག་དེ་སྦེ་ར་ ཞུ་ཡོདཔ་ཨིན་ན་དང་ ལྕོགས་གྲུབ་ཡོད་མེད་ཚུ་ རྫོག་ཁག་གི་མི་སེར་ཚུ་གིས་མ་ཚད་ འབྲུག་པའི་མི་སེར་ཚུ་གིས་ཡང་ཤེས་ཟེར་ཨིན་པས།
ཁོ་གིས་ ཚོགས་སྡེ་འཐུས༌མི༌སྦེ་འབྲེལ་གཏོགས་མ་འབད་བའི་ཧེ་མར་ གོ་གནས་སོ་སོའི་ནང་ ཕྱག་ཞུ་ཡོདཔ་ལས་ འཆར་གཞི་དང་ སྲིད་བྱུས་བརྩམ་ནི་ལུ་ ཉམས་མྱོང་ཡོདཔ་མ་ཚད་ ཁྲིམས་བཟོ་བསྐྱར་ཞིབ་འབད་ནི་ལུ་ཡང་ ཉམས་མྱོང་སྦོམ་ཐོབ་ཅི་ཟེར་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment