གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེ་ལས་ཕམ་རུང་ སྲིད་ཚོགས་ནང་ གོ་སྐབས་ཐོབ་ཡོདཔ།

༢༢/༣/༢༠༡༣   ༉ སྐྱེས་ལོ་༤༡ ལང་མི་ འཆི་མེད་བསྟན་འཛིན་གྱིས་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་སྦེ་ དོ་འགྲན་འབད་བའི་སྐབས་ རྒེད་འོག་འཛོམས་འདུ་ནང་ལས་ ཕམ་སོང་སྟེ་འབད་རུང་ ད་རུང་ཁོ་གིས་ སྲིད་ཚོགས་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
འཆི་མེད་བསྟན་འཛིན།


མོང་སྒར་རྫོང་ཁག་ ཁ་ལོང་གཡུས་ཚན་ལས་ཨིན་མི་ འཆི་མེད་བསྟན་འཛིན་དེ་ ན་རང་རྒེད་འོག་གི་ འཛོམས་འདུའི་ནང་ལས་ ཕམ་སོང་སྟེ་འབད་རུང་ བཱུ་ཊཱན་ཀུན་མཉམ་པར་ཊི་ནང་ འབྲེལ་གཏོགས་འབད་ནི་ཨིན་པས།
བཱུ་ཊཱན་ཀུན་མཉམ་པར་ཊི་ནང་ ཁོ་རའི་ཆ་རོགས་ཀྱིས་ ཁོང་གི་སྲིད་ཚོགས་ནང་ འཛུལ་ཞུགས་འབད་ནིའི་ གོ་སྐབས་བྱིན་ཡོད་རུང་ ཁོ་གིས་ སེམས་ཐག་བཅད་ནི་ལུ་ བདུན་ཕྲག་ཅིག་ འགོར་བའི་ཁར་ གོ་སྐབས་དེ་ རྒྱལ་ཁ་ཐོབ་ནིའི་དོན་ལུ་མེན་པར་ ཚོགས་རྒྱན་བསྐྱུར་མི་ཚུ་ལུ་ ཚོགས་རྒྱན་གྱི་དབང་ཆ་ཡོད་ལུགས་ཀྱི་ ཤེས་ཡོན་བྱིན་ཐབས་ལུ་ ཨིན་ཟེར་བཤད་ཅི།
ཁོ་གིས་འབད་བ་ཅིན་ འདས་པའི་ཚོགས་སྡེའི་འཛོམས་འདུ་སྐབས་ མི་ངོ་དག་པ་ཅིག་གི་རྒྱུད་བསྐུལ་ལུ་བརྟེན་ ཁོང་དོ་འགྲན་འབད་མི་ གཉིས་ཀྱི་བར་ན་ ཚོགས་རྒྱན་གྱི་ཁྱད་པར་ སྦོམ་ཞུགས་སོ་ཡི་ཟེར་ཨིན་པས།
མ་འོངས་པར་ དེ་བཟུམ་མའི་རྐྱེན་ངན་ མི་འབྱུང་ནི་གི་ཐབས་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ལྟ་རྟོག་འབད་དགོཔ་ཁག་ཆེ་བའི་ཁར་ སྲིད་ཚོགས་ཀྱི་ བཙག་འཐུ་སྐབས་ འདེམས་ཁོངས་ཀྱི་མི་སེར་ བརྒྱ་ལས་བཅད་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་དགོཔ་ལས་ ད་རེས་བཟུམ་སྦེ་ རྒྱུད་བསྐུལ་འབད་ནི་གི་གོ་སྐབས་ ཐོབ་མི་ཚུགསཔ་འོང་ཟེར་ཨིན་པས།
འཆི་མེད་བསྟན་འཛིན་གྱིས་ ལོ་༡༦ ལྷགཔ་ཅིག་གི་རིང་ སློབ་དཔོན་གྱི་འགན་ཁུར་འབག་པའི་ ཉམས་མྱོང་ཡོདཔ་ད་ ཁོ་གིས་ མཇུག་ར་ རྩི་རང་རྫོང་ཁག་ནང་ ཤེས་རིག་འགོ་དཔོན་ལས་རོགསཔ་གི་ ཞབས་ཏོག་ཞུ་ཐོག་ལས་དགོངས་ཞུ་འབད་ཡོདཔ་ཨིན་པས།
ཁོ་གིས་ སྲིད་ཚོགས་ནང་ ཧང་སྟོང་མར་ འཛུལ་ཞུགས་འབད་བའི་ཁར་ ཚོགས་པའི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་ཏེ་འབད་རུང་ སྲིད་ཚོགས་ཀྱི་དོན་ལུ་ དུས་ཚོད་ཡོདཔ་ལས་ གྲ་སྒྲིག་འབད་ནིའི་དུས་ཚོད་འདུག་ཟེར་ཨིན་པས།
རྒྱ་གར་གྱི་ས་གནས་ པཱན་ཇབ་ལུ་ ལོཕ་ལི་མཐོ་རིམ་སློབ་སྡེ་ལས་ ཤེས་རིག་དང་ དབུ་ཁྲིད་ དེ་ལས་ འཛིན་སྐྱོང་ནང་ མཱསི་ཊརསི་མཐར་འཁྱོལ་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལོག་སྟེ་སྲིད་དོན་ཚོགས་པའི་ཁ་ཐུག་ལས་ དོ་འགྲན་འབད་ནིའི་ གོ་སྐབས་ཐོབ་སྟེ་འབད་རུང་ རྒྱལ་ཁབ་འཐོབ་ཚུགས་ནི་ལུ་ ངེས་གཏན་མེད་ཟེར་ཨིན་པས།
ཚོགས་སྡེའི་ནང་ འཛུལ་ཞུགས་མ་འབདཝ་ལས་ ཚོགས་པ་གཞན་གྱིས་ གོ་སྐབས་བྱིན་ཡོདཔ་ཨིན་རུང་ ཁོ་གིས་ དེ་ལུ་ ངོས་ལེན་མ་འབད་ཟེར་ཨིན་པས།
ད་ལྟོ་ སྲིད་ཚོགས་ལེ་ཤ་ཡོད་པའི་གྲས་ལས་ བཱུ་ཊཱན་ཀུན་མཉམ་པར་ཊི་ནང་ འཛུལ་ཞུགས་འབད་ནི་གི་ གདམ་ཁ་རྐྱབ་མི་དེ་ གཙོ་བོ་ར་ ཚོགས་པ་གི་ ལྟ་བ་ཚུ་ལུ་གཞི་བཞག་ཐོག་ལས་ ཨིན་ཟེར་བཤད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment