གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་གྲྭའི་ཉལ་ཁང་རྐྱབ་ནི་དང་ མེ་བསད་སྣུམ་འཁོར་བཀྲམ་སྤེལ་གྱི་གྲོགས་རམ།

༢༣/༣/༢༠༡༣   ༉ ཇ་པཱན་གཞུང་གིས་ གྲོང་གཡུས་གནས་རིམ་གྱི་ མིའི་ཉེན་སྲུང་ལས་འགུལ་ཚུ་གི་ གྲོགས་རམ་ཐོག་ལས་ སློབ་གྲྭའི་ཉལ་ཁང་རྐྱབ་ནི་དང་ མེ་བསད་སྣུམ་འཁོར་བཀྲམ་སྤེལ་གྱི་དོན་ལུ་ མ་དངུལ་གྲོགས་རམ་ ཡུ་ཨེསི་ཌོ་ལར་༡༤༦,༣༧༨ བྱིན་ནི་ཨིན་པས།
འབྲུག་གི་གཞུང་ཚབ་ གུང་བློན་འོག་མ་ བི་རྣམ་རྒྱལ་དང་ ཇ་པཱན་གྱི་གཞུང་ཚབ་ ཏ་ཀི་ཤི་ ཡ་གི་༢ ཀྱིས་ གྲོགས་རམ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་བསྒང་།


དེ་ཡང་ ཁ་ཙ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ ཇ་པཱན་གྱི་དོན་ལས་ འབྲུག་གི་གཞུང་ཚབ་ གུང་བློན་འོག་མ་ བི་རྣམ་རྒྱལ་དང་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཏ་ཀི་ཤི་ ཡ་གི་གཉིས་ཀྱིས་ གྲོགས་རམ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
གྲོགས་རམ་མ་དངུལ་ཡོངས་བསྡོམས་ལས་ ཆུ་ཁ་རྫོང་ཁག་ གདུང་ནག་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་ཚུ་གི་ ཉལ་ཁང་༣ རྐྱབ་ནིའི་དོན་ལུ་ ཇ་པཱན་གྱིས་  ཡུ་ཨེསི་ཌོ་ལར་༡༢༥,༠༧༢ བྱིན་ནི་ཨིནམ་ད་ ཉལ་ཁང་ཚུ་གིས་ གདུང་ནག་རྒེད་འོག་གི་ ཁྱིམ་གུང་༡༡༥ གི་ ཨ་ལུ་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ བཟོ་སྐྲུན་ལས་འགུལ་དེ་ལུ་བརྟེན་ འབྲུག་མི་ཡོངས་ལུ་ ཤེས་ཡོན་ཐོབ་ཚུགསཔ་བཟོ་ནི་གི་ དམིགས་ཡུལ་འགྲུབ་ནི་ལུ་ ལྷན་ཐབས་འབད་ནི་ཨིན་མི་དེ་ཡང་ ཉལ་ཁང་དེ་གིས་ མཐའ་ཟུར་ གཡུས་ཚན་གྱི་ ཨ་ལུ་ཚུ་ སློབ་གྲྭ་ནང་ འགྱོ་ནི་ལུ་ ཕན་ཐབས་འབྱུང་འོང་ཟེར་བཀོད་ནུག།
དེ་ལས་ ཇ་པཱན་ལས་ འབྲུག་ལུ་ མེ་བསད་སྣུམ་འཁོར་༢ སྐྱེལ་འདྲེན་འབད་ནི་གི་དོན་ལུ་ ཇ་པཱན་གཞུང་གིས་ ཡུ་ཨེསི་ཌོ་ལར་༢༡,༣༠༦ བྱིན་ནི་ཨིནམ་ད་ མེ་བསད་སྣུམ་འཁོར་ཚུ་ ལྷུན་རྩེ་དང་ པདྨ་དགའ་ཚལ་ལུ་ བཀྲམ་སྤེལ་འབད་ནི་ཨིནམ་ལས་ མེ་རྐྱེན་གྱི་ གནོད་ཉེན་ཚུ་ ཉེན་སྐྱོབ་འབད་ཚུགས་ནི་ཨིན་པས།
འབྲུག་གི་གཞུང་ཚབ་ཀྱིས་ ཇ་པཱན་གཞུང་དང་ མི་སེར་ལས་ གྲོས་གཡུས་གནས་རིམ་གྱི་ མིའི་ཉེན་སྲུང་གི་དོན་ལུ་ གྲོགས་རམ་བྱིན་མི་དེ་ལུ་ འབྲུག་གཞུང་དང་ མི་སེར་གྱི་ ཁ་ཐུག་ལས་ ཡིད་ཆེས་ངལ་རངས་ཡོད་ལུགས་ བཤད་པའི་ཁར་ ཇ་པཱན་ལས་ གྲོགས་རམ་འཕྲོ་མཐུད་བྱིན་མི་དེ་ མཐུན་འབྲེལ་དམ་ཟབ་དང་ རྒྱབ་སྐྱོར་ཡོད་པའི་ བརྡ་མཚོན་ཨིན་ཟེར་ སླབ་ཡོད་པའི་གནས་ཚུལ།

No comments:

Post a Comment