གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་ལུ་ དངུལ་འབྲེལ་ཡིག་ཚང་༢ གཞི་བཙུགས།

༢༦/༣/༢༠༡༣   ༉ མཐའ་ཟུར་གྱི་རྫོང་ཁག་ མགར་ས་ལུ་ ཁ་ཙ་ འབྲུག་གི་དངུལ་ཁང་དང་ འབྲུག་ཉེན་བཅོལ་ལས་འཛིན་གྱི་ ཡིག་ཚང་༢ གཞི་བཙུགས་འབད་མི་དང་བསྟུན་ དངུལ་འབྲེལ་གྱི་ ཞབས་ཏོག་དེ་ རྫོང་ཁག་༢༠ ག་རའི་ནང་ ཁྱབ་ཡོདཔ་ཨིན་པས།
མགར་ས་ལུ་ འབྲུག་གི་དངུལ་ཁང་ སྒོ་འབྱེད་འབད་བའི་བསྒང་།


དེ་ཡང་ ད་ལས་ཕར་ རྫོང་ཁག་གི་ ཞི་གཡོགཔ་དང་ ལས་འཛིན་ཚུ་གི་ལས་བྱེདཔ་ དེ་ལས་ ཚོང་པ་ཚུ་གིས་ སྤུ་ན་ཁ་ཚུན་ འགྱོ་མ་དགོ་པར་ རྫོང་ཁག་འདི་ནང་ལས་ར་ དངུལ་འབྲེལ་གྱི་ ཞབས་ཏོག་ལེན་ཚུགས་ནི་ཨིནམ་ད་ ཧེ་མ་ ཡིག་ཚང་མེད་པའི་སྐབས་ མི་ཚུ་འཕྲལ་འཕྲལ་ར་ སྤུ་ན་ཁ་ལུ་ འགྱོ་དགོཔ་ཐོན་ཡོདཔ་ཨིན་པས།
མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ རྫོང་ཁག་ནང་ དངུལ་འབྲེལ་གྱི་ ཞབས་ཏོག་མེད་པའི་སྐབས་ དངུལ་དང་འབྲེལ་བའི་ ལཱ་ཆུང་ཀུ་ཅིག་ཐོན་རུང་ ཟད་འགྲོ་སྦོམ་བཏང་ཐོག་ལས་ སྤུ་ན་ཁ་ལུ་ འགྱོ་དགོཔ་ཐོན་ཡི་ཟེར་ཨིནམ་ད་ དེ་གི་ནང་ལས་ཡང་ ཞི་གཡོགཔ་ཚུ་གི་ ཟླ་རིམ་དངུལ་ཕོགས་ མི་ཅིག་གིས་ ལེན་དགོཔ་ཐོནམ་ད་ ཚེ་སྲོག་ལུ་ བར་ཆད་འབྱུང་ནི་གི་ གནོད་ཉེན་ཡང་ཡོད་རུང་ ད་ལས་ཕར་ ཚ་གྱང་ལང་དགོཔ་མེད་ཟེར་ ཞུ་ཡི།
རྫོང་ཁག་ནང་ དངུལ་གྱི་ཞབས་ཏོག་ངོ་མ་ལེན་མི་དེ་ རྫོང་ཁག་གི་ ཞི་གཡོགཔ་ཚུ་ཨིན་མི་དེ་ཡང་ ཁོང་གི་དོན་ལུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་ས་ཡ་༢.༥ དང་༢.༧ གྱི་བར་ན་ སྤུ་ན་ཁ་ འབྲུག་གི་དངུལ་ཁང་ལས་ལེན་སྐབས་ སྲུང་རྒྱབ་ཅིག་ཡང་མེད་པར་ མི་ཅིག་གིས་ ལེན་ཡོདཔ་ཨིན་པས།
ཨིན་རུང་ ད་ལས་ཕར་ དེ་བཟུམ་གྱི་ དཀའ་ངལ་ཚུ་ སེལ་ཚུགས་པའི་ གོ་སྐབས་ཡོད་མི་དེ་ཡང་ འབྲུག་གི་དངུལ་ཁང་གིས་ ད་རེས་ འགོ་དང་པ་ དངུལ་འབྲེལ་གྱི་ ཞབས་ཏོག་དེ་ དངུལ་ཀྲམ་ས་ཡ་༨.༥ གི་ཐོག་ལས་ འགོ་བཙུགས་ཡོདཔ་ལས་ རྫོང་ཁག་ནང་ དངུལ་གྱི་ཞབས་ཏོག་མ་ཐོབ་པའི་ དཀའ་ངལ་ཚུ་ བསལ་ཚུགས་ནི་ཨིན་པས།
ཞབས་ཏོག་ཚུ་ཡང་ རྫོང་ཁག་གཞན་ཚུ་ནཔ་ ག་ཐོབ་མི་དེ་ ལེན་ཚུགས་པའི་ཁར་ ཨེ་ཊི་ཨེམ་ཟེར་ འཕྲུལ་ཆས་ཀྱི་ཐོག་ལས་ དངུལ་བཏོན་ཚུགས་པའི་ ཞབས་ཏོག་ཚུ་ཡང་ འགོ་བཙུགས་ཡོདཔ་ཨིན་པས།
འབྲུག་གི་དངུལ་ཁང་གི་ བཀོད་ཁྱབ་འགོ་དཔོན་འོགམ་ པདྨ་ན་དིག་གིས་ སླབ་མིའི་ནང་ མགར་ས་ལུ་ འབྲུག་གི་དངུལ་ཁང་གི་ ཡིག་ཚང་གཞི་བཙུགས་འབད་མི་དེ་ ཞི་གཡོགཔ་དང་ མི་སྡེ་ལུ་ ཞབས་ཏོག་བྱིན་ཐབས་ལུ་དམིགས་ཏེ་ཨིནམ་ད་ ཁེ་སང་གི་ དབང་ལུ་བཏང་པ་ཅིན་ རྫོང་ཁག་ནང་ མི་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ཁེ་སང་ཐོན་ཚུགས་པའི་ འོས་འབབ་མེད་རུང་ དངུལ་ཁང་གི་ འགན་ཁུར་ཅིག་ མི་མང་ལུ་ དངུལ་འབྲེལ་གྱི་ ཞབས་ཏོག་སྤྲོད་ནི་དེ་ཨིནམ་ལས་ ད་ལྟོ་གནས་སྐབས་ཅིག་ ཁེ་སང་ལུ་ གཙོ་བོ་མི་བཏོན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞབས་ཏོག་དེ་ ད་ལྟོ་རྫོང་ཁག་བདག་སྐྱོང་དང་ རྫོང་གི་ཉེ་འདབས་ལུ་ སྡོད་མི་ཚུ་གིས་ འཐོབ་ནི་ཨིན་རུང་ ཤུལ་ལས་ མཐར་ཟུར་གྱི་རྒེད་འོག་ ལ་ཡང་དང་ ལུང་ནག་ནང་ལུ་ཡང་ བྱིན་ནིའི་རེ་བ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་གྱིས་འབད་བ་ཅིན་ ཡིག་ཚང་གསརཔ་ལས་ རྫོང་ཁག་གཞན་ཁར་ དངུལ་འབྲེལ་གྱི་ཞབས་ཏོག་ ག་ཐོབ་མི་དེ་ ཐོབ་ཚུགས་ཟེར་ཨིནམ་ད་ ཡིག་ཚང་༢ ཀྱི་འགོ་འབྱེད་དེ་ འབྲུག་རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་ཁྱབ་ ཟླཝ་བསྟན་འཛིན་གྱིས་ འབད་ཡོད་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment