གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོགས་ཅན་༨ འཛིན་བཟུང་འབད་ཡོདཔ།

༢༥/༣/༢༠༡༣   ༉ ལྷུན་རྩེའི་ ཁྲིམས་སྲུང་འགག་པ་གིས་ བྱང་ཆུབ་གླིང་གྲྭ་ཚང་ནང་ལས་ གླངམོ་ཆེ་གི་མཆེཝ་ཆ་༡ ཨར་རྐུན་འབད་མིའི་ནང་ འབྲེལ་གཏོགས་ཡོད་མི་ དོགས་ཅན་༨ འཛིན་བཟུང་འབད་ཡོདཔ་ཨིན་པས།
བྱ་ངན་ནང་ འབྲེལ་གཏོགས་འབད་མི་ཚུ་གི་གྲས་ལས་ ཕོ་སྐྱེས་༦ ཐིམ་ཕུ་དང་༢ ལྷུན་རྩེ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།



ཁོང་ཆ་ཁྱབ་ སྤྱི་ཟླ་༣ པའི་ཚེས་༢༡ ལུ་ འཛིན་བཟུང་འབད་ཚུགས་ཡོད་རུང་ གླངམོ་ཆེ་གི་མཆེཝ་ཚུ་ ལོ་༢ དེ་ཅིག་གི་ཧེ་མ་ལས་ བྱང་སྟོར་ཤོར་ཡོདཔ་ལས་བརྟེན་ ཕྱི་རྒྱལ་ལུ་ བཙོང་ཚར་ནུག་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྡེ་ཚན་ཅིག་གིས་ གནད་དོན་དེ་གི་ཐོག་ལུ་ ཞིབ་དཔྱད་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་དང་པའི་ནང་ ཅ་རྙིང་འཛིན་སྐྱོང་ལས་ཁུངས་ཀྱིས་ ཞིབ་རྩིས་འབད་བའི་སྐབས་ལུ་རྐྱངམ་གཅིག་ གླངམོ་ཆེ་གི་མཆེཝ་ཆ་༡ བྱང་སྟོར་ཤོར་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
བྱང་ཆུབ་གླིང་གྲྭ་ཚང་གི་ བླམ་ ཀརྨ་འཕྲིན་ལས་ཀྱིས་ འདས་པའི་དྲི་དཔྱད་སྐབས་ ཀུན་གསལ་ལུ་སླབ་མིའི་ནང་ གླངམོ་ཆེ་གི་མཆེཝ་དེ་ ནམ་བྱང་སྟོར་ཤོར་ཡི་ག་ མ་ཤེས་ཟེར་ཨིནམ་ད་ ཁོ་གི་ དོགས་པ་ལས་འབད་བ་ཅིན་ ཟླཝ་༨ པའི་ནང་ མི་མང་ལུ་ ཚེ་དབང་ཉིནམ་༡ དང་ ཟླཝ་༡༠ པའི་ནང་ ཚེས་བཅུ་ཉིན་གྲངས་༣ འགོ་འདྲེན་འཐབ་པའི་སྐབས་ མི་སྤུངས་འཛོམས་འབདཝ་ད་ བྱང་སྟོར་ཤོར་སོཔ་ འོང་ནི་མས་ཟེར་ཨིན་པས།
བྱང་ཆུབ་གླིང་གྲྭ་ཚང་གི་ ཅ་རྙིང་ཞིབ་དཔྱད་དེ་ སྤྱི་ལོ་༢༠༠༩ ལུ་ འབད་ཡོདཔ་ད་ ཞིབ་དཔྱད་འབད་མི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བྱ་ངན་དེ་ཡང་ སྤྱི་ལོ་༢༠༡༠ གྱི་ སྔ་ཆ་ལུ་ འབད་ནུག་ཟེར་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་གིས་ སེམས་གནས་པ་མེད་པའི་ཁར་ ཆང་འགྲངས་པའི་ཤུགས་ཀྱིས་ གླངམོ་ཆེ་གི་མཆེཝ་དེ་ ཁོ་གིས་ ཨར་རྐུན་འབད་ཡི་ཟེར་ མི་ཚུ་ལུ་ སླབ་མི་ལུ་བརྟེན་ འཛིན་བཟུང་འབད་དེ་ ཞིབ་དཔྱད་འབད་བའི་སྐབས་ ཨར་རྐུན་གྱི་ཉེས་པ་གྲོལ་ཏེ་ ལོག་བཏང་ཡོདཔ་ཨིན་པས།
དེ་ཡང་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་རྒེད་འོག་ བསམ་གླིང་དང་ ལྕང་རས་གཡུས་ཚན་གྱི་ མི་སེར་༡༡ དེ་ཅིག་གིས་ ལྷུན་རྩེའི་ཁྲིམས་སྲུང་འགག་པ་ལུ་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་དེ་ སེམས་གནས་པ་མེད་པའི་ཁར་ ཆང་འགྲངས་པའི་ཤུགས་ཀྱིས་ མི་ཚུ་ལུ་ གླངམོ་ཆེ་གི་མཆེཝ་ཆ་༡ ཨརཝ་རྐུ་ཡི་ཟེར་ སླབ་མི་ལུ་བརྟེན་ ལྷུན་རྩེའི་ཁྲིམས་སྲུང་འགག་པ་གིས་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༡༣ ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཨིན་རུང་ མི་སེར་ཚུ་གིས་ ཕོ་སྐྱེས་དེ་ སེམས་བརྟན་ཏོག་ཏོ་མེད་པའི་ཁར་ ཉམ་ཆུང་ཅིག་ཨིནམ་ལས་ དེ་བཟུམ་གྱི་ ལཱ་ངན་འབད་ནི་དང་ ཚོང་འབྲེལ་འཐབ་ནི་གི་ལྕོགས་གྲུབ་ ཁོ་ལུ་མེདཔ་ལས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལས་ གཏང་ཐབས་ཀྱི་ ཞུ་བ་ཡང་ ཕུལ་ཡོདཔ་ཨིན་པས།
བྱང་ཆུབ་གླིང་གྲྭ་ཚང་ནང་ ད་རེས་ནངས་པ་ དགེ་སློང་ཞལ་གྲངས་༥༠ དེ་ཅིག་ཡོད་པའི་ཁར་ ལྷ་ཁང་གི་སྲུང་རྒྱབ་སྦེ་ ཁྲིམས་སྲུང་འགག་པ་༣ དེ་ཅིག་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment