གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དར་དཀར་དཔལ་ལ་ལུ་ གྲང་བའི་སྨན་མེདཔ།

༉ ད་རེས་ནངས་པ་ དར་དཀར་ནང་རྫོང་ཁག་ དར་དཀར་དཔལ་ལའི་ སྨན་ཁང་ནང་ སྨན་རྫོགས་སོཔ་ལས་ ལུས་འབྲེལ་ལུ་བརྟེན་སྤེལ་བའི་ ནད་གཞི་ཐོབ་མི་ ནདཔ་༦ ལུ་ སྨན་ཁབ་བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ རྩིས་ལོ་༢༠༡༠-༢༠༡༡ གི་ ནད་འཇོམ་སྨན་ཁབ་རྫོགས་སོཔ་ལས་ སྤྱི་ཟླ་༤ པའི་ཚེས་༩ ལུ་ ཕུན་ཚོགས་གླིང་དང་ ཐིམ་ཕུ་ལུ་ཡོད་མི་ གསོ་བའི་ཞབས་ཏོག་ལས་ཁུངས་ལུ་ སྨན་ཁབ་འཕྲལ་མྱུར་དུ་དགོཔ་སྦེ་ ནན་བསྐྱར་དུ་ ཞུ་ཡིག་ཅིག་ བསྐྱལ་ཡོད་རུང་ ད་ཚུན་གྱི་བར་ན་ འབྲེལ་ཡོད་འགོ་དཔོན་ག་གིས་ཡང་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ཁོང་གིས་ སྨན་དགོ་པའི་སྐོར་ལས་ ཞུ་བ་འབད་མི་དེ་ ད་རིས་འབདཝ་ད་ ལན་ཐེངས་གསུམ་འགྱོཝ་ཨིན་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ སྨན་ཁང་དེ་ནང་ གྲང་བའི་སྨན་གྱིས་མ་དོ་བར་ སྨན་རིགས་༣༣ དེ་ཅིག་ མེདཔ་ཨིན་པས།
དར་དཀར་དཔལ་ལའི་ སྨན་ཁང་གིས་ སྤྱི་ཟླ་༣ པ་དང་༤ པའི་བདུན་ཕྲག་དང་པའི་ནང་ ནདཔ་༦ ལུ་ ལུས་འབྲེལ་ལུ་བརྟེན་པའི་ནད་གཞི་ གྲང་བ་ཐོབ་ཡོད་པའི་ ངོས་འཛིན་བྱུང་པའི་ཤུལ་ལུ་ གྲང་བའི་སྨན་ཁབ་མེད་པར་ པེ་ནི་སི་ལིན་ཟེར་མི་ གཉིད་མི་ལོག་ནིའི་ སྨན་བྱིན་ཡོད་རུང་ དེ་གིས་ ཕན་ནུས་བྱུང་མ་ཚུགས་པས།
གྲང་བ་ཐོབ་མི་ཅིག་ རྩི་རང་འགྲམ་ཕུག་སྨན་ཁང་ནང་ བཏང་ཡོདཔ་ད་ གྲང་བ་དེ་ ཉེན་སྲུང་གི་ ཐབས་ཤེས་མ་བཏོན་པར་ འདོད་སྤྱོད་འབད་མི་ལུ་བརྟེན་ ཐོབ་དོ་ཡོདཔ་ལས་ ནད་འབུབ་དེ་ ཕོ་མོའི་མཚན་མ་ལས་ རྣག་ཁྲག་ཐོན་ཏེ་ ན་བའི་ནད་གཞི་ཅིག་ཨིནམ་ལས་ སྨན་བཅོས་མ་འབད་བ་ཅིན་ གཟུགས་ནང་ན་ ཁྱབ་སྤེལ་འགྱོ་ཐོག་ལས་ རྐང་ཚིགས་ལག་ཚིགས་དང་ དོན་ཧིང་ཚུ་ལུ་ གནོད་སྐྱོན་རྐྱབ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment