གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚེ་ཐར་བཏང་མི་གཡག་ཚུ་ བུམ་ཐང་ཤིང་མཁར་ལུ་ལྷོད་ཡོདཔ།


ཚེ་ཐར་བཏང་མི་ གཡག་༡༦༠ དེ་ཅིག་ བུམ་ཐང་ཤིང་མཁར་གཡུས་ཚན་གྱི་ རྩྭ་འབྲོག་ཚུ་ནང་ བཏང་བཞག་མི་དེ་ གཞུང་གི་ལམ་ལུགས་དང་འཁྲིལ་ཏེ་ མ་འབད་བའི་ཁར་ རྒེད་འོག་བདག་སྐྱོང་དང་གཅིག་ཁར་ གྲོས་བསྟུན་མ་འབདཝ་ཨིན་པས།
བུམ་ཐང་ཤིང་མཁར་གཡུས་ཚན་ནང་ མཐོང་གསལ་བྱུང་མི་ ཚེ་ཐར་བཏང་མི་གཡག་ཚུ།

༉ རྒྱལ་ཁབ་ཀྱི་ ས་ཁ་མཐོ་སར་སྡོད་མི་ཚུ་གིས་ སྒོ་ནོར་སེམས་ཅན་ཚུ་ སྲོག་གཅོད་འབད་མི་དེ་ཡང་ གཙོ་བོ་ར་ ཁོང་རའི་ འཚོ་སྐྱོང་འཐབ་ནིའི་དོན་ལུ་ཨིནམ་ད་ ལོ་དག་པ་ཅིག་གི་ཧེ་མ་ལས་ སེམས་ཅན་ཚེ་ཐར་ཚོགས་པ་ འགོ་བཙུགས་ཞིནམ་ལས་ཚུར་ འབྱོགཔ་ཚུ་གིས་ ལ་ནོར་གཡག་ཚུ་ གསད་ནིའི་དོན་ལུ་ ལེ་ཤ་བདའ་འོང་དོ་ཡོདཔ་ཨིན་པས།


སེམས་ཅན་ཚེ་ཐར་ཚོགས་པ་གིས་ གཡག་ག་དེམ་ཅིག་ ཚེ་ཐརབཏང་ཚུགས་ཚུགས་ གཏང་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ཨིན་རུང་ མ་དངུལ་གྱི་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
ཚེ་ཐར་བཏང་མི་གཡག་ཚུ་ ཚོགས་པ་གིས་ ས་ཁོངས་གཅིག་ནང་ མ་བཞག་པའི་གནད་དོན་ལུ་བརྟེན་ ད་རེས་ནངས་པ་ གཡུས་སྒོ་ཚུ་ནང་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ བྱུང་བཅུག་དོ་ཡོདཔ་ཨིན་པས།
ན་ཧིང་ ལོ་རྫོགས་ཁམས་ཅིག་ཁར་ བྱང་ས་སེམས་ཅན་ཚེ་ཐར་ཚོགས་པ་གིས་ ཚེ་ཐར་བཏང་མི་ གཡག་༡༦༠ དེ་ཅིག་ བུམ་ཐང་ཨུ་ར་རྒེད་འོག་ ཤིང་མཁར་གཡུས་ཚན་གྱི་ རྩྭ་འབྲོག་ཚུ་ནང་ བཏང་བཞག་མི་དེ་ གཞུང་གི་ལམ་ལུགས་དང་འཁྲིལ་ཏེ་ མ་འབད་བའི་ཁར་ རྒེད་འོག་བདག་སྐྱོང་དང་གཅིག་ཁར་ གྲོས་བསྟུན་ག་ནི་ཡང་ མ་འབད་མི་ལུ་བརྟེན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཞིབ་དཔྱད་འབད་དགོཔ་ བྱུང་ཡོདཔ་ཨིན་པས།
ཨུ་ར་རྒེད་འོག་ནང་ མི་སེར་གུང་པ་༡ མ་གཏོགས་ གཡག་འཚོ་སྐྱོང་འཐབ་མི་མེདཔ་ཨིན་རུང་ ད་ལས་ཕར་ མི་སེར་ཚུ་གིས་ ཨ་རྟག་དང་མ་འདྲ་བའི་ གཡག་ལེ་ཤ་ མཐོང་མི་དེ་ཡང་ ཚེ་ཐར་བཏང་མི་གཡག་ཚུ་ ས་ཁོངས་དེ་ནང་ ཡོད་ནི་དེ་གིས་ཨིན་པས།
ཨུ་ར་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡག་ཆ་མཉམ་ར་ ཚེ་ཐར་བཏངམ་བཏངམ་ཨིནམ་ལས་ དེ་ལུ་ མ་དགའཝ་མེད་རུང་ འབྲེལ་ཡོད་ལཱ་འབད་མི་ཚུ་གིས་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་ག་ནི་ཡང་མ་འབད་བར་ རྒེད་འོག་གི་ ས་ཁོངས་ཚུ་ནང་ལས་ཕར་ ག་ལྷོད་བཏང་བཞག་མི་དེ་གིས་ གཡུས་སྒོའི་མི་ཚུ་ སྒོ་ནོར་གསོ་སྐྱོང་ལྟེ་བ་ འགོ་བཙུག་ནིའི་དོན་ལུ་ རྩྭ་འབྲོག་བཟོ་ཡོད་པའི་ ལྕགས་ཀྱི་རཝ་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ ལོ་ཐོག་ཚུ་ལུ་ཡང་ གནོདཔ་བཀལ་དོ་ཡོད་པའི་ ཉོགས་བཤད་ཚུ་ བཀོདཔ་མས་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ད་ལྟོ་ གཡག་ཚུ་ ཤིང་མཁར་གཡུས་ཚན་ནང་ བཏང་ཡོད་རུང་ མ་འོངས་པ་ལུ་ ཨུ་ར་རྒེད་འོག་གི་ས་གནས་ ག་རའི་ནང་ གནོད་ནིའི་ཉེན་ཁ་ཡོདཔ་ལས་ གནད་དོན་དེ་གི་སྐོར་ལས་ རྒེད་འོག་ཚོགས་སྡེ་ནང་བཙུགས་ཏེ་ གཡག་ཚུ་ ལོག་གཏང་ནི་གི་ གྲོས་ཐག་གཅད་ནི་སྦེ་ བཞག་ཡི་ཟེར་ཨིན་པས།
ཨིན་རུང་ གནས་སྐབས་ཅིག་གི་དོན་ལུ་ ཚོགས་པ་གིས་ ཤིང་མཁར་གཡུས་ཚན་ལས་ མི་༢ དང་གཅིག་ཁར་ གྲོས་བསྟུན་འབད་ཡོདཔ་ལས་ ཁོང་༢ ཀྱིས་ འགན་ཁུར་འབག་དགོ་པའི་ གན་རྒྱ་ལེན་ཏེ་ཡོད་ཟེར་ཨིནམ་ད་ ཚོགས་པ་གིས་ ཧེ་མ་ཡང་ གཡུས་ཚན་དེ་ནང་ ཚེ་ཐར་བཏང་མི་གླང་ཚུ་ བསྐྱལ་ཡོད་རུང་ ཤུལ་ལས་ མི་ངོམ་ཚུ་ལུ་ ལོག་སྤྲོད་ཡོདཔ་ཨིན་པས།
རྒཔོ་གིས་འབད་བ་ཅིན་ གཡག་ཚུ་ ད་ལྟོ་ ལ་བདའ་སྟེ་སོང་ཡོད་རུང་ ཟླཝ་༧ པ་དེ་ཅིག་ལས་ ས་ཁ་དམའ་སར་ ལོག་འོངམ་ད་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
རྒཔོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཡག་ཚུ་ ཚེ་ཐར་བཏང་མི་གཡག་ཚུ་ ལོག་གཏང་ནི་དེ་ མ་བཏུབ་ཅིག་ཨིནམ་ལས་ ཚོགས་པ་ལུ་ ད་རུང་ ཚེ་ཐར་བཏང་མི་གཡག་ཚུ་ ཐེབས་བསྐྱལ་ནི་མེད་པའི་སྐོར་ལས་ བློ་སླབ་ཅི་ཟེར་ཨིནམ་ད་ ད་ལྟོ་ བསྐྱལ་མིའི་གྲས་ཁར་ ཕ་སོན་བཏུབ་མི་ཡོད་པ་ཅིན་ སྒོར་ནོར་ལས་ཁུངས་དང་འབྲེལ་བ་འཐབ་སྟེ་ ཆོས་འཁོར་རྒེད་འོག་གི་ གཡག་འཚོ་མི་ཚུ་ལུ་ བཀྲམ་སྤེལ་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ལོ་རྒྱུས་དང་འཁྲིལ་བ་ཅིན་ ཚེ་ཐར་བཏང་མི་གཡག་ཚུ་གིས་ ཕྱུག་གུ་འཚའ་ཡོདཔ་ད་ གཡག་ཚུ་ཡང་ ལ་ལུ་ཅིག་ ཁྲུམ་ཤིང་ལ་དང་དགེ་ཟམ་ཆུ་ དེ་ལས་ ཨུ་རའི་གཞུང་ལམ་ཁར་ མཐོང་དོ་ཡོདཔ་ཨིན་པས།
ཨུ་རའི་ མི་སེར་ཚུ་གིས་ གཡག་ཚུ་ ག་ལྷོད་བཏང་བཞག་མི་དེ་གིས་ ཆུ་དང་ རྩྭ་ཁ་མ་ཤེས་ནི་དེ་གིས་ གཡག་༡༠ དེ་ཅིག་ ཤི་ཡོད་པའི་ ལོ་རྒྱུས་བཤདཔ་ཨིན་རུང་ བྱང་ས་སེམས་ཅན་ཚོགས་པའི་འཐུས་མི་ བསོད་ནམས་ནོར་འཛིན་གྱིས་འབད་བ་ཅིན་ གཡག་ཚུ་ མང་ཤོས་ར་ འབྱོགཔ་ཚུ་ལུ་ དགོས་མཁོ་མེད་མི་དང་ ལོ་ན་རྒས་མི་ དེ་ལས་ ཞན་ཁོག་ཚུ་ཨིནམ་ལས་ རྩྭ་ཆུའི་དཀའ་ལུ་བརྟེན་ ཤི་ཤིཝ་མེནམ་འོང་ཟེར་ཨིན་པས།
བསོད་ནམས་ནོར་འཛིན་གྱིས་ སླབ་མིའི་ནང་ གཡག་ཚུ་ ཤིང་མཁར་ལུ་ བསྐྱལ་དགོ་མི་དེ་ཡང་ ཧེ་མ་ སྲོག་སྐྱབས་འབད་མི་གཡག་ཚུ་ དབང་འདུས་ཕོ་བྲང་ སྦས་གླང་བྲག་ལུ་ བསྐྱལ་བཞག་མི་ཚུ་ མི་ཚུ་གིས་ ལེགས་ཤོམ་མ་འབད་བའི་སྐོར་ལས་ ལོ་རྒྱུས་གོ་སྟེ་ ཧང་སྟོང་མར་ ཤིང་མཁར་ལུ་ བསྐྱལ་དགོཔ་བྱུང་ནི་དེ་གིས་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྙན་ཞུ་འབད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ ཤིང་མཁར་ལུ་བཏང་མི་གཡག་ཚུ་ ངོས་འཛིན་འབད་ཐབས་ལུ་ ཚོགས་པ་གིས་ འཕྲལ་མགྱོགས་ར་ གཡག་ཚུ་འཚོལ་ཏེ་ རྣམ་ཅོག་གུ་ རྟགས་བཀལ་བྱིན་ནི་གི་ འཆར་གཞི་ཡོད་རུང་ གཡག་ཚུ་ ག་ལྷོད་འགྱོ་ཚར་ཡོདཔ་ལས་ ག་དེ་སྦེ་ འབད་ཚུགས་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ འབྲུག་བཟའ་སྤྱོད་དང་ཁྲིམས་དོན་དབང་འཛིན་ དེ་ལས་ རྫོང་ཁག་སྒོ་ནོར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ མི་སེར་གྱིས་ ཉོགས་བཤད་བཀོད་མི་དང་འཁྲིལ་ཏེ་ ཞིབ་དཔྱད་འབད་བའི་སྐབས་ གཡག་ཚུ་ རྒྱལ་ཁབ་ཀྱི་ ས་གནས་ཚུ་ནང་ སྤོ་བཤུད་འབད་བའི་སྐབས་ལུ་ གནང་བ་མ་ལེན་པར་ བསྐྱལ་ཡོདཔ་ལས་ ཚོགས་པ་ལུ་ ཉེས་ཆད་དངུལ་ཀྲམ་༡༦,༠༠༠ བཀལ་ཡོད་མི་དེ་ ད་ལྟོ་ཡང་ མ་བཏབ་པར་ ཡོདཔ་ཨིན་པའི་གནས་ཚུལ། 

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment