གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྐྱབས་ཆ་ བཟོ་སྐྲུན་སྡེ་ཚན་གྱིས་ ཆ་རོགས་ ༡༣ ཕམ་བཏང་ཡོདཔ།

བཀྲིས་ཕུན་ཚོགས།

ལྷག་པ་ སྤྱི་ཟླ་༤ ཚེས་༡༠། ༉ འབྲུག་མདའ་རྩེད་ཚོགས་པ་གིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་མི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྗེས་དྲན་གྱི་ རང་ལུགས་སྤག་ཤིང་ཐོག་གི་ མདའ་རྩེད་འགྲན་བསྡུར་ནང་ ཁ་ཙ་ སྡེ་ཚན་ཀ་པའི་གྲས་ལས་ འབྲུག་སྐྱབས་ཆ་བཟོ་སྐྲུན་དང་ ཆ་རོགས་༡༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་སྐྱབས་ཆ་བཟོ་སྐྲུན་སྡེ་ཚན་གྱིས་ ཉིན་མའི་ཆུ་ཚོད་༣:༣༠ དེ་ཅིག་ལུ་ སྐུགས་ཆོད་དེ་ རྒྱལ་ཁ་ཐོབ་ཅི།


དེ་བཟུམ་སྦེ་ སྡེ་ཚན་ཁ་པའི་ནང་ ཁྱུང་བདུད་སྲས་དང་ ལུང་བསྟན་སྣུམ་བཅོས་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ལུང་བསྟན་སྣུམ་བཅོས་སྡེ་ཚན་གྱིས་ སྐུགས་དང་པ་དང་༢ པ་ སྦྱེལཝ་སྦྱེལ་སར་ ཆོད་ཡོདཔ་ལས་ བྱང་ཕྱད་སྡེ་ཚན་ཕམ་བཏང་ཡི།
སྡེ་ཚན་ཀ་པའི་ནང་ འབྲུག་སྐྱབས་ཆ་བཟོ་སྐྲུན་དང་ ཆ་རོགས་༡༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་སྐྱབས་ཆ་སྡེ་ཚན་གྱིས་ ཉིན་མའི་ལྟོ་ བཟའ་རན་ཁར་ སྐུགས་ཆོད་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ ཐོབ་མ་ཚུགསཔ་མ་ཚད་ ཉིན་མའི་ལྟོ་ཟ་ཞིནམ་ལས་ ཆ་རོགས་༡༣ སྡེ་ཚན་གྱིས་ རྩ་འགེངས་ཏེ་ རྩེད་འགྲན་འབད་ཡོདཔ་ལས་ སྐུགས་༨ ནང་ལྷོདཔ་ད་ ཕམ་བཏང་ཡི།
སྡེ་ཚན་གཞན་མིའི་ནང་ ཁྱུང་བདུད་སྲས་དང་ ལུང་བསྟན་སྣུམ་བཅོས་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ ལུང་བསྟན་སྡེ་ཚན་གྱིས་ སྐུགས་ཆོད་པའི་སྐབས་ ཁྱུང་བདུད་སྡེ་ཚན་གྱིས་ སྐུགས་༦ ལས་བརྒལ་ ཐོབ་མ་ཚུགས་རུང་ ཕྱི་རུའི་ཆུ་ཚོད་༥ འི་ ནང་འཁོད་ལུ་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ རྩེད་འགྲན་དམ་དམ་འབད་ཡོདཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས་ཨིན་པས།
དེ་ཡང་ ཁྱུང་བདུད་སྲས་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ བཀག་རེག་དང་ མདའ་ཡ་ཚུ་ གཅིག་ཤུལ་གཉིས་ཤུལ་རྐྱབ་སྟེ་ སྐུགས་ཐོབ་དོ་བཟུམ་སྦེ་ སྡེ་ཚན་གཞན་གྱིས་འབད་རུང་ བཀག་རེག་རྐྱབ་སྟེ་ སྐུགས་བརྩི་མ་བཅུག་པར་ ཕྱི་རུའི་ཆུ་ཚོད་༤.༣༠ དེ་ཅིག་ཁར་ སྐུགས་༡༦ འདྲན་འདྲ་བཟོ་སྟེ་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ སྡོད་པའི་བར་ན་ ཆུ་ཚོད་༥ ལུ་ ལུང་བསྟན་སྣུམ་བཅོས་སྡེ་ཚན་གྱིས་ བཀག་རེག་༢ ཕོག་སྟེ་ སྐུགས་༢༢ བཟོ་ཡི།
མཇུག་གི་སྐོར་ཐེངས་ནང་ ལུང་བསྟན་བཟོ་གྲྭ་སྡེ་ཚན་གྱིས་ བཀག་རེག་༡ དང་ མདའ་ཡ་༢ རྐྱབ་ཡོདཔ་ལས་ སྡེ་ཚན་གྱི་ཆ་རོགས་ཚུ་གིས་ རྒྱལ་ཁ་ཐོབ་པའི་ སྤྲོ་སྣང་ལང་སྡོད་པའི་བར་ན་ར་ བྱང་ཕྱད་སྡེ་ཚན་གྱིས་ བཀག་རེག་༡ རྐྱབ་སྟེ་ རྒྱལ་མ་ཚུགས་པར་ ལུས་ཡོདཔ་ད་ ལོག་རྐྱབ་པའི་སྐབས་ ལུང་བསྟན་སྡེ་ཚན་གྱིས་ ད་རུང་ བཀག་རེག་༡ དང་ མདའ་ཡ་༡ རྐྱབ་ཡོདཔ་ལས་ རྒྱལ་ཁ་ཐོབ་ཅི།
མདའ་རྩེད་འགྲན་བསྡུར་དེ་ སྤྱི་ཟླ་༤ པའི་ཚེས་༧ ལས་ འགོ་བཙུགས་ཡོདཔ་ད་ རྩེད་འགྲན་ནང་ སྡེ་ཚན་༡༧ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment