གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ སྐྱབས་རྗེ་མཆོག་གིས་ བཀྲིས་སྒང་ལུ་ ཚེ་དབང་གནང་ནི།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག།
༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀྲིས་སྒང་ལུ་ ཉིན་གྲངས་༥ འི་རིང་ སྨོན་ལམ་ཆེན་མོ་གནང་མི་དེ་ ཁ་ཙ་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་རིས་ གཏང་རག་དང་བཅསཔ་སྦེ་ མི་མང་ལུ་ ཞབས་དྲུང་དག་སྣང་མའི་ ཚེ་དབང་གནང་ནི་ཨིན་པས།


སྨོན་ལམ་ཆེན་མོའི་ནང་ རབ་སྡེའི་དགེ་སློང་དང་ རྫོང་ཁག་གི་དགོན་སྡེ་ གྲྭ་ཚང་ བཤད་གྲྭ་ དེ་ལས་ སྒྲུབ་སྡེ་ཚུ་ལས་ བླ་སྤྲུལ་དང་ མཁན་པོ་ དེ་ལས་ ཆོསཔ་༡,༠༠༠ ལྷག་ཅིག་གིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ རྒེད་འོག་༡༧ གྱི་ མི་སེར་སོ་ནམ་པ་དང་ ཚོང་པ་ དེ་ལས་ སྦྱིན་བདག་ཚུ་གིས་ཡང་ སྨོན་ལམ་ནང་ བཅའ་མར་གཏོགས་ཡི་ཟེར་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཕྱག་ཞུ་མི་ སློབ་དཔོན་རིག་འཛིན་གྱིས་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྨོན་ལམ་ཆེད་མོའི་སྐབས་ལུ་ ཞལ་འདེབས་ཕུལ་མི་ རྫོང་ཁག་ནང་འཁོད་དང་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་གིས་མ་ཚད་ ནུབ་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ལས་ཡང་ མི་ལེ་ཤ་ཐོན་ཡི་ཟེར་ཨིནམ་ད་ སྐྱབས་རྗེ་མཆོག་གིས་ རྫོང་ཁག་ནང་ སྨོན་ལམ་ཆེན་མོ་གནང་མི་དེ་ དུས་ཅི་ ཐེངས་༣ པ་ཨིན་པས།
ད་རིས་ གཏང་རག་དང་ ཚེ་དབང་ མཇུག་བསྡུ་གནང་བའི་ཤུལ་ལས་ སྐྱབས་རྗེ་མཆོག་ བཀྲིས་གཡང་རྩེ་རྫོང་ཁག་ནང་ འབྱོན་ནི་ཨིནམ་བཞིན་དུ་ དེ་ནང་ཡང་ ལོ་བསྟར་གནང་སྲོལ་ཡོད་མི་ ཉིན་གྲངས་༥ འབད་མི་ སྨོན་ལམ་ཆེན་མོ་དེ་ ནངས་པར་ལས་ འགོ་བཙུག་ནི་ཨིན་པས།
སློབ་དཔོན་རིག་འཛིན་གྱིས་འབད་བ་ཅིན་ སྨོན་ལམ་ཆེན་མོ་དེ་ ཡོངས་གྲགས་ཅན་གྱི་གནས་ཆེན་ མཆོད་རྟེན་སྐོར་ར་ལུ་སྦེ་ གནང་ནི་ཟེར་ཨིནམ་ད་ སྨོན་ལམ་གྱི་སྐབས་ལུ་ རྗོང་ཁག་ནང་འཁོད་ཀྱི་ མི་ཚུ་གིས་མ་ཚད་ རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེ་ མཱོན་ཏ་ཝང་གི་ མི་ཚུ་གིས་ཡང་ འབྲེལ་གཏོགས་འབད་ནི་ཨིན་པས།
གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ གསུངས་མིའི་ནང་ སྨོན་ལམ་ཆེན་མོ་དེ་ རྒྱལ་ཁབ་ཀྱི་སྐུ་རིམ་ཨིནམ་ལས་ རྒྱལ་ཁབ་ནང་ ཞི་བདེ་འབྱུང་ནི་དང་ རྒྱལ་བློན་འབངས་༣ ག་ར་ བདེ་སྐྱིད་ཀྱི་ངང་ལུ་གནས་ནི་ དེ་ལས་ རྒྱ་གར་རྡོ་རྗེ་གདན་ལུ་ ལོ་བསྟར་སྨོན་ལམ་ཆེན་མོ་གནང་སར་ འགྱོ་མ་ཚུགས་མི་ཚུ་ རྒྱལ་ཁབ་ནང་ བཅའ་མར་གཏོགས་བཅུག་ནིའི་ གོ་སྐབས་བཟུམ་ཅིག་ཡང་ ཨིན་ཟེར་བའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment