གཟིགས་གནང་མི་ལུ་བཀའ་དྲིན་ཆེ།
༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་
ཡོངས་འབྲེལ་འཆར་སྒོ་འདི་ནང་
གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།
We update at the earliest possible for you!རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།
འབྲུག་ལུ་ ལམ་སྲོལ་གྱི་ལྟ་བཤལ་དེ་ གཙོ་རིམ་ཅན་སྦེ་ཡོདཔ།
བསམ་གཏན་ཡེ་ཤེས།
མིག་དམར་ སྤྱི་ཟླ་༤ ཚེས་༩། ཕྱི་མི་ཚུ་གིས་ འབྲུག་གི་ལམ་སྲོལ་དང་འབྲེལ་བའི་ གནས་སྟངས་ནང་ སྤྲོ་སྣང་དང་ དང་འདོད་སྦོམ་བསྐྱེད་པའི་ མངོན་གསལ་བྱུང་ཡོད་པའི་ཁར་ ལྟ་བཤལ་པ་མང་ཤོས་ར་ ལམ་སྲོལ་དང་འབྲེལ་བའི་ གནད་དོན་ཚུ་གི་དོན་ལུ་ ལྟ་བཤལ་ལུ་འོངམ་ཨིན་པས།
སྤྱིལོ་༢༠༡༡ ནང་ འབྲུག་ལུ་ ཕྱིའི་ལྟ་བཤལཔ་འོང་མི་ཡོངས་བསྡོམས་ལས་ བརྒྱ་ཆ་༧༧ ལྷགཔ་ཅིག་ ལམ་སྲོལ་དང་འབྲེལ་བའི་ ལྟ་བཤལ་གྱི་དོན་ལུ་ཨིནམ་ད་ བརྒྱ་ཆ་༡༨ ལྷགཔ་ཅིག་ རང་བཞིན་དང་འབྲེལ་བའི་ ལྟ་བཤལ་གྱི་དོན་ལུ་འོང་མི་ཚུ་ཨིན་པས།
རང་བཞིན་དང་འབྲེལ་བའི་ ལྟ་བཤལཔ་གི་གྲས་ལས་ ལ་བཤལ་ལུ་འོང་མི་ བརྒྱ་ཆ་༩ ལྷགཔ་ཅིག་དང་ བྱ་རིགས་མ་འདྲཝ་བལྟ་ནི་གི་དོན་ལུ་འོང་མི་བརྒྱ་ཆ་༥ དེ་ལས་ རང་བཞིན་རྩེད་རིགས་ དཔེར་ན་ རྐང་འཁོར་གཏང་ནི་དང་ ཉ་བཟུང་ནི་ གྲུ་གཏང་ནི་ཚུ་གི་དོན་ལུ་འོང་མི་བརྒྱ་ཆ་༤ དེ་ཅིག་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་སྙན་ཞུ་དང་འཁྲིལཝ་ད་ རང་བཞིན་དང་འབྲེལ་བའི་ལྟ་བཤལཔ་ རྩེད་རིགས་གི་དོན་ལུ་འོང་མིའི་ གྱངས་ཁ་དེ་ ཡར་སེང་སོང་ཡི་ཟེར་ཨིན་པས།
ལྟ་བཤལཔ་བརྒྱ་ཆ་༧༧ ལྷགཔ་ཅིག་གིས་ ལམ་སྲོལ་དང་འབྲེལ་བའི་ བྱིན་རླབས་ཅན་གྱི་ཚེས་བཅུ་མཇལ་ནི་དང་ རྒྱལ་རབས་ཅན་གྱི་ ས་གནས་ཚུ་ ལྟ་སྐོར་འབད་ནིའི་དོན་ལུ་འོང་མི་ཚུ་ཨིནམ་ད་ ཆོས་ཕྱོགས་དང་འབྲེལ་བའི་ ལྟ་སྐོར་ལུ་འོང་མི་ རྒྱ་ཆ་༡ ལྷགཔ་ཅིག་ ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་གནང་སྲོལ་ཡོད་པའི་ བྱིན་རླབས་ཅན་གྱི་ཚེས་བཅུ་ཚུ་གི་གྲས་ལས་ ལྟ་བཤལཔ་འོང་མི་མཐོ་ཤོས་ར་ ཐིམ་ཕུ་ཚེས་བཅུའི་སྐབས་ལུ་ ལྟ་བཤལཔ་༤,༢༡༢ ལྷོད་ཡོདཔ་ད་ སྤ་རོ་ཚེས་བཅུའི་སྐབས་ལུ་ ལྟ་བཤལཔ་མི་གྲངས་ ༣,༧༡༣ བུམ་ཐང་བྱམས་པ་ལྷ་ཁང་སྒྲུབ་ཀྱི་སྐབས་ལུ་ ལྟ་བཤལཔ་ ༡,༧༥༠ དབང་འདུས་ཕོ་བྲང་ཚེས་བཅུའི་སྐབས་ལུ་༡,༦༠༨ ལྷོད་ཡོད་པའི་ཁར་ སྤུ་ན་ཁ་སྒྲུབ་མཆོད་ཀྱི་སྐབས་ལུ་༧༤༠ དང་ ཉུང་ཤོས་ར་ བུམ་ཐང་ཨུ་ར་གཡག་མཆོད་ཀྱི་སྐབས་ལུ་ ལྟ་བཤལ་པ་ ༥༥༤ ལྷོད་ཡོདཔ་ཨིན་པས།
ཐིམ་ཕུ་ཚེས་བཅུའི་སྐབས་ལུ་ ལྟ་བཤལ་པའི་གྱངས་ཁ་དེ་ སྤྱི་ལོ་༢༠༡༠ དང་ཕྱདཔ་ད་ ན་ཧིང་བརྒྱ་ཆ་༢༨ དེ་ཅིག་གིས་ ཡར་སེང་སོང་ནུག་ཟེར་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ སྙན་ཞུ་གསལ་སྟོན་འབད་བའི་ཁར་ སྤ་རོ་ཚེས་བཅུ་ནང་འོང་མིའི་གྱངས་ཁ་དེ་ཡང་ བརྒྱ་ཆ་༧ གྱིས་ ཡར་སེང་སོང་ནུག་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ ལྟ་བཤལ་ལུ་འོང་མི་ ཕྱིའི་རྒྱལ་ཁབ་དྲག་ཤོས་༡༠ གྱི་གྲས་ལས་ མཐོ་ཤོས་ར་ ཨ་མི་རི་ཀའི་རྒྱལ་ཁབ་ནང་ལས་ ལྟ་བཤལ་པ་ ༦༢༢༦ འོང་ཡོདཔ་ད་ དེ་གི་ཤུལ་ལས་ ཇ་པཱན་རྒྱལ་ཁབ་ལས་ ༣,༩༤༣ འོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༠ ལུ་འབད་བ་ཅིན་ ཨེ་མི་རི་ཀའི་རྒྱལ་ཁབ་ནང་ལས་ ༥,༡༨༩ དང་ ཇ་པཱན་རྒྱལ་ཁབ་ནང་ལས་ ༢༩༦༣མ་གཏོགས་མ་ལྷོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ སྙན་ཞུ་དང་འཁྲིལཝ་ད་ ན་ཧིང་གི་ལོ་ནང་ འབྲུག་རྒྱལ་ཁབ་ནང་ལྟ་བཤལ་ལུ་འོང་མི་ ཨང་གསུམ་པ་དེ་ རྒྱ་ནག་ལས་ ལྟ་བཤལཔ་༡,༤༩༤ ཡོད་པའི་གསལ་སྟོན་བྱུང་ནུག།
འབྲུག་ལུ་ ལྟ་བཤལ་པ་འོང་མི་ ཕྱིའི་རྒྱལ་ཁབ་དྲག་ཤོས་༡༠ གྱི་གྲས་ཁར་ ཐའི་ལེནཌ་དང་ སིངྒ་པོར་ ཨིང་ལེནཌི་ ཀེ་ན་ཌ་ ཕ་རནསི་ དེ་ལས་ ཇར་མ་ནི་ཚུ་ཡོདཔ་ཨིན་པའི་གནས་ཚུལ།
Subscribe to:
Post Comments (Atom)
No comments:
Post a Comment