གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་མར་ཕབ་འབད་ནི།

ཐིམ་ཕུ་སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་གདོང་ཁའི་ གཞུང་ལམ་བསྒྱུར་བཅོས་ཀྱི་བཀོད་རིས།
 ༢༠/༡༠/༡༢། ༉ རྒྱུན་འགྲུལ་མངམ་འབད་སའི་ ལམ་སྒོ་དོག་དྲགས་ལས་  སྐེདཔ་བཏོག་འགྱོ་མི་ རྐང་འགྲུལ་པ་ཚུ་ སྣུམ་འཁོར་ཚུ་གིས་ འཐུ་བཀོག་ནི་དང་ བརྡུང་ནི་གི་ ཉེན་ཁ་ཡོད་མི་དེ་ མར་ཕབ་འབད་ནིའི་ ཐབས་ཤེས་ལུ་ སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་གྱི་ འཛིན་སྐྱོང་ཚོགས་ཆུང་གིས་ ཚོང་ཁྲོམ་གདོང་ཁའི་ གཞུང་ལམ་དེ་ བསྒྱུར་བཅོས་ཐོག་ ཝང་ཆུའི་མཐའམ་བདའ་སྟེ་ བསལ་དགོ་པའི་ གྲོས་འཆར་བཀོདཔ་ཨིན་པས།
འགོ་ཐོག་གི་ འཆར་གཞི་དང་འཁྲིར་བ་ཅིན་ གཞུང་ལམ་ངོ་མ་དེ་ བར་ན་ལས་ ར་བ་རྐྱབ་སྟེ་ སྣུམ་འཁོར་༣ འགྱོ་ཚུགསཔ་ བཟོ་ནི་དང་ ཝང་ཆུའི་མཐའ་མར་ སྣུམ་འཁོར་བཞག་ས་དང་ རྐང་ལམ་ཚུ་ ཅང་གླིང་མི་ཐང་དང་ བཀྲིས་ཆོས་རྫོང་ཁ་ཐུག་ལས་ སྣུམ་འཁོར་ཕར་ཚུར་འོང་མི་ཚུ་གི་དོན་ལུ་ གཉིས་སྦྲེལ་ལམ་ལུ་ བསྒྱུར་བཅོས་ནི་ཨིན་པས།
ལམ་གསུམ་པ་དེ་ སོ་ནམ་ཚོང་ཁྲོམ་ནང་ ཚོད་བསྲེ་ཉོ་བར་འགྱོ་མི་ཚུ་གི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་ནི་ཨིནམ་ད་ སོ་ནམ་ཚོང་ཁྲོམ་གྱི་ འཛིན་སྐྱོང་པ་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ དེ་སྦེ་ བཟོ་ནི་གི་ འཆར་གཞི་དེ་ཡང་ སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་ནང་ ཉོ་ཚོང་རྐྱབ་པར་ འོང་མི་དང་ ཕྱགམ་འཕྱག་མི་ཚུ་ གཞུང་ལམ་ངོ་མ་ལས་ རྒྱུན་འགྲུལ་འཐབ་མ་དགོཔ་ བཟོ་ཐབས་ལུ་ཨིན་པས།
ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ སོ་ནམ་ཚོང་ཁྲོམ་གྱི་གདོང་ཁའི་ གཞུང་ལམ་དེ་ ཚོང་མགྲོན་པ་དང་ ཚོད་བསྲེ་བཙོང་མི་ དེ་ལས་ ལཱ་འབད་མི་ཚུ་ ལམ་སྐེདཔ་བཏོག་སྟེ་འགྱོཝ་ད་ སྣུམ་འཁོར་གྱིས་ བརྡུང་ནི་དང་ འཐུ་བཀོ་ནི་ བསྣད་ནི་གི་ གནོད་ཉེན་སྦོམ་ཡོད་པའི་ ངོསའཛིན་བྱུང་ཡི་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment