གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱང་སྟོར་ཤོར་མི་ གླ་འཁོར་དེད་གཡོགཔ་གི་སྐོར་ལས་ ལོ་རྒྱུས་མེདཔ།

༢༥/༡༠/༢༠༡༢   ས་མཚམས་ཕྱི་ཁའི་ མི་ཚུ་གིས་ བཙན་ཁྲིད་འབད་བའི་ དོགས་སྣང་ཡོདཔ་ཨིན་པས།
༉ སྤྱི་ཟླ་༡༠ པའི་ཚེས་༢༢ ཀྱི་ ཕྱི་རུ་ཁམས་ཅིག་ཁར་ དགེ་ལེགས་ཕུག་དང་ གསར་སྤང་གི་ གཞུང་ལམ་བར་ན་ འགྲོ་འགྲུལ་འབདཝ་ད་ གར་སོང་མེད་པར་ བྱང་སྟོར་ཤོར་མི་ སྐྱེས་ལོ་༣༧ ལང་མི་ གླ་འཁོར་དེད་གཡོགཔ་དེ་ ཁ་ཙ་ཕྱི་རུ་ཚུན་ཚོད་ འཚོལ་ཐོབ་པའི་ ལོ་རྒྱུས་མེདཔ་ཨིན་པས།


ད་རིས་ དགེ་ལེགས་ཕུག་གནམ་ཐང་སྒོ་འབྱེད་འབད་ནི་ཨིན་མིའི་དོན་ལུ་ ཉེན་སྲུང་བྱིན་ནིའི་ནང་ འབྲེལ་འཛིན་འབད་མི་ དགེ་ལེགས་ཕུག་དང་ གསར་སྤང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ དེད་གཡོགཔ་བྱང་སྟོར་ཤོར་མིའི་སྐོར་ རྒྱ་གར་ཨ་སམ་གྱི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ ཆ་རོགས་འབད་གནང་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ ཅི་རང་རྫོང་ཁག་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོད་རུང་ དེད་གཡོགཔ་དེ་ བཙན་བཟུང་འབད་དེ་ ཁྱིད་སོཔ་ཨིན་ན་མེན་ན་ ད་ལྟོའི་བར་ན་ཡང་ ཧ་གོ་མ་ཚུགས་པར་ཡོད་ཟེར་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་སྡེའི་སྡེ་འཛིན་ དམག་སྲིད་འོག་མ་ ཕུརཔ་རྡོ་རྗེ་གིས་ སླབ་ཨིན་པས།
དེད་གཡོགཔ་གི་གནས་ཚང་ སྐྱེས་ལོ་༢༨ ལང་མི་གིས་ སླབ་མིའི་ནང་ མོ་གི་རྨགཔ་དེ་ དེ་ཚེ་ཉིན་མར་ རྩི་རང་ལུ་ སོང་ཡོདཔ་མ་ཚད་ ཁོ་ ལོག་འོངམ་ད་ ཁྱིམ་ནང་གཅིག་ཁར་ འགྱོ་ནིའི་དོན་ལུ་ མོ་ཁྲོམ་ཁར་ བསྒུག་སྡོད་དགོཔ་སྦེ་ སླབ་དེས་ཟེར་ཨིནམ་ད་ ཁོང་བཟའ་ཚང་༢ དགེ་ལེགས་ཕུག་པདྨ་ཐང་ལུ་ སྡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ མོ་གི་རྨགཔ་གིས་ ཕྱི་རུའི་ཆུ་ཚོད་༤ ལུ་ ཁོ་ རྩི་རང་ལས་འོང་ནི་ འགོ་བཙུགས་ཅི་ཟེར་ མོ་ལུ་ བརྒྱུད་འཕྲིན་བཏང་དེས་ཟེར་ཨིནམ་ད་ ཁོ་ དགེ་ལེགས་ཕུག་ལུ་ ལྷོད་ནི་མེདཔ་ད་ མོ་གིས་ བརྒྱུད་འཕྲིན་བཏང་པའི་བསྒང་ལས་ ཁོ་གི་ འགྲུལ་འཕྲིན་དེ་ བསད་བཞག་ནུག་ཟེར་ གནས་ཚང་གིས་ སླབ་ཨིན་པས།
མོ་གིས་ རྨགཔ་ལུ་ འགྲུལ་འཕྲིན་ལོག་ཅི་ལོག་ཅི་བཏངམ་ད་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ལུ་ འཐུ་བའི་སྐབས་ ཁོ་ ས་མཚམས་ཕྱི་ཁའི་ མི་ཚུ་གིས་ བཙན་ཁྲིད་འབད་ཡོད་རུང་ ཉེན་ཁ་ག་ནི་ཡང་ མ་བྱུང་པར་ཡོད་ཟེར་ མོ་ལུ་ སླབ་ཡོདཔ་ད་ ཁོང་གིས་ མོ་རའི་རྨགཔ་ལུ་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་མ་འབད་ཟེར་ གནས་ཚང་ལུ་ སླབ་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ རྨགཔ་ལོག་དགོ་པ་ཅིན་ སྲོག་རིན་དགོཔ་སྦེ་ སླབ་དེས་ཟེར་ མོ་གིས་ སླབ་ཨིན་པས།
དེ་སྦེ་ སླབ་པའི་ཤུལ་ལུ་ རྨགཔ་གི་འགྲུལ་འཕྲིན་དེ་ བསད་བཞག་ཡོདཔ་ལས་ ཁ་ཙ་ཕྱི་རུ་ཚུན་ཚོད་ འབྲེལ་བ་འཐབ་མ་ཚུགས་པས།
སྐྱེས་ལོ་༩ ལང་མི་བུམོ་ཅིག་ཡོད་མི་ གླ་འཁོར་དེད་གཡོག་པའི་ གནས་ཚང་གིས་ སླབ་མི་དང་འཁྲིལཝ་ད་ མོ་གི་རྨགཔ་ལུ་ དགྲ་བྱང་ཕྱད་ག་ཡང་མེདཔ་ལས་ རྨགཔ་བཙན་ཁྲིད་འབད་ཡི་ཟེར་ སླབ་མི་ལུ་ བདེན་འཛིན་རེ་མི་ཚུགས་པས་ཟེར་ཨིནམ་ད་ ནང་གི་ཨམ་ཅིག་ཨིན་མི་གིས་འབད་བ་ཅིན་ མོ་ར་ སྤྱང་ཀ་ཨིནམ་ལས་ རྨགཔ་འཚོལ་བར་ འགྱོ་ནི་དང་ ཕར་ཚུར་འབྲེལ་བ་འཐབ་ནི་གི་ ལྕོགས་གྲུབ་མེདཔ་ལས་ ཁྲིམས་སྲུང་འགག་པ་དང་ གཞུང་གི་རྒྱབ་སྐྱོར་ལུ་ བློ་གཏད་སྡོད་ཡོད་ཟེར་ཨིན་པས།
བྱུང་རྐྱེན་དེ་ཡང་ དེ་ཚེ་ཕྱི་རུའི་ཆུ་ཚོད་༦.༣༠ དང་༦.༤༠ གི་བར་ན་ ས་གནས་བདེ་སྐྱིད་གླིང་རྒེད་འོག་སྨན་སྤྲོད་ཁང་གི་ སྦོ་ལོགས་ཁར་ བྱུང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཡོདཔ་ད་ དེ་བསྒང་ སྣུམ་འཁོར་ཌི་སི་ཨེམ་ཊཱག་ཅིག་དང་ སེན་ཊོ་གླ་འཁོར་དེ་ དགེ་ལེགས་ཕུག་དང་ གསར་སྤང་གི་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབདཝ་ད་ དེད་གཡོགཔ་༢ ཀྱིས་ གཞུང་ལམ་ཁར་ རྡོ་སྦོམ་ཚུ་དང་ ཤིང་གི་སྡོང་པོ་ཅིག་བཀལ་ཏེ་ ལམ་བསུབས་བཞག་ཡོདཔ་མཐོང་ནུག།
ཌི་སི་ཨེམ་ཊཱག་དེད་གཡོགཔ་དེ་གིས་ ལམ་བསུབས་བཞག་མི་ལས་ འགྱོ་ཚུགས་ཡོད་རུང་ གླ་འཁོར་དེ་ ཐལ་མ་ཚུགས་པར་ ལུས་སོ་ནུག་ཟེར་ དམག་སྲིད་འོག་མ་ ཕུརཔ་རྡོ་རྗེ་གིས་ སླབ་ཨིན་པས།
ཊོ་རི་བ་རི་ལས་མི་ ཊཱག་གི་དེད་གཡོགཔ་གིས་ བྱུང་རྐྱེན་དེ་གི་སྐོར་ལས་ བདེ་སྐྱིད་གླིང་དམག་མིའི་ས་ཚིགས་འགེགས་སྲུང་ལུ་ སྙན་ཞུ་འབད་ཡོདཔ་ད་ ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ གླ་འཁོར་དེ་ ལམ་བཀག་ཡོད་མི་ལས་ བརྒལ་འགྱོ་མ་ཚུགས་པའི་ཧེ་མར་ གཞི་མདོག་གི་ གྱོན་ཆས་གྱོན་ཐོག་ལས་ གོ་མཚོན་འབག་མི་༨ དེ་ཅིག་གིས་ གླ་འཁོར་སྐོར་ར་རྐྱབ་ཞིནམ་ལས་ དེད་གཡོགཔ་དེ་ སྣུམ་འཁོར་ནང་ན་ལས་ ཕྱི་ཁར་འཐེན་འདྲུད་འབད་སར་ མཐོང་ཅི་ཟེར་ཨིན་པས།
ཨིན་རུང་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ དེད་གཡོགཔ་དེ་ བཙན་ཁྲིད་འབད་ཡོདཔ་ངེས་བདེན་ཨིན་མིན་ དབྱེ་དཔྱད་འབད་བའི་བསྒང་ཡོད་ཟེར་ སླབ་ཨིན་པས།
བདེ་སྐྱིད་གླིང་རྒེད་འོག་དེ་ རྒྱ་གར་ཨ་སམ་མངའ་སྡེ་དང་ ས་མཚམས་སྒོ་ཡངས་དྲགས་ཡོདཔ་ལས་ ཕྱི་ཁའི་འཕྲོག་བཅོམ་འབད་མི་ཚུ་ལས་ གནོད་ཉེན་སྦོམ་ཡོད་རུང་ ད་རིས་ཀྱི་ བྱུང་རྐྱེན་དེ་ དུས་ཅིའི་ལོ་ནང་ སྙན་ཞུ་འགོ་དང་པ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment