གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སའི་ཇོ་བདག་ལ་ལུ་གཅིག་ལུ་ ཁྱིམ་རྐྱབ་ཆོག་པའི་གནང་བ་སྤྲོད་ཡོདཔ།

༢༦/༡༠/༢༠༡༢   ༉ བཀྲ་ཤིས་གཡང་རྩེ་ ཁྲོམ་རྒྱ་བསྐྱེད་ཀྱི་དོན་ལུ་ སའི་ཇོ་བདག་ཚུ་གིས་ ལོ་ངོ་༢ དེ་ཅིག་བསྒུགས་སྡོད་པའི་ཤུལ་ལུ་ ད་རེས་འབདཝ་ད་ ཁྲོམ་རྒྱ་བསྐྱེད་ས་ཁོངས་ནང་ ཁྱིམ་རྐྱབ་ནིའི་གནང་བ་བྱིན་ཡོདཔ་ཨིན་པས།


ཁོང་ཆ་ཁྱབ་ཀྱིས་ ས་ཁོངས་བཟོ་སྐྲུན་འཆར་གཞི་གྲ་སྒྲིག་མ་འགྱོ་བའི་ཧེ་མ་ལས་ ཞུ་བ་འབད་ཡི་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ ཞབས་ཏོག་ལྷན་ཁག་ནང་ ཁྲོམ་གྱི་འཆར་གཞི་བཟོ་མི་ཚུ་གིས་ བཟོ་བསྐྲུན་འཆར་གཞིའི་ས་ཁོངས་ཚུ་ ཞིབ་དཔྱད་འབད་ཞིནམ་ལས་ བཟོ་བསྐྲུན་འབད་རུང་བཏུབ་ནི་ཨིན་མས་ཟེར་ རྫོང་ཁག་འགོ་དཔོན་ཚུ་གིས་སླབ་ཨིན་པས།
རྫོང་བདག་ སངས་རྒྱས་གྲུ་བ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཡོད་པའི་ཁྲོམ་དང་གཅིག་ཁར་ སྦྱེལ་ཏེ་ཡོད་པ་ཅིན་ དམིགས་བསལ་གྱི་འཆར་གཞི་ཅིག་བཟོ་མི་དགོ་ནི་ཨིནམ་ལས་ སྤྱི་ཟླ་༡༡ པ་ལས་ ལཱ་འགོ་བཙུགས་རུང་ བཏུབ་པའི་གནང་བ་བྱིན་ནི་ཨིན་པས།
ཁྲོམ་གྱི་དོན་ལུ་ བརྟག་ཞིབ་འབད་དེ་ འཆར་གཞི་བཟོ་མི་དེ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ས་གནས་ཀྱི་འཆར་གཞི་ཅིག་ ངེས་པར་དུ་དགོ་པའི་མཐོང་གསལ་བྱུང་ཡོདཔ་ཨིན་པས།
ཁོང་གིས་སླབ་དོ་བཟུམ་འབད་བ་ཅིན་ བཟོ་སྐྲུན་གྱི་འཆར་གཞི་བཟོ་ནི་དེ་ སྤྱི་ལོ་༢༠༠༤ ལས་ར་ ལྷན་ཁག་ལུ་ བསྒུགས་སྡོད་ཅི་ཟེར་ཨིནམ་ད་ འཆར་གཞི་ནང་ སྡོད་ཁྱིམ་དང་ ཚོང་འབྲེལ་གྱི་ས་ཁོངས་ དེ་ལས་ སྣུམ་འཁོར་ལམ་དང་བཞག་ཐང་ བཙོག་གཡུར་བཟོ་བཀོད་འཆར་གཞི་ཚུ་ཚུདཔ་ཨིན་པས།
བཟོ་སྐྲུན་གྱི་དོན་ལུ་ ས་ཁོངས་རྒྱ་བསྐྱེད་འབད་མིའི་ནང་ལུ་ སྟོང་ཆེན་ཟེར་ས་ལས་ རིན་ཆེན་སྒང་ཚུན་ ཆུ་ཞིང་རྩིས་ཏེ་ ས་ཆ་བསྡོམས་ཀྱིས་ ཨེ་ཀར་༣༠༠ ཚུདཔ་ཨིན་པས།
དེ་འབདཝ་ད་ ཆུ་ཞིང་དེ་ གནམ་དགུན་ ཁྲུང་ཁྲུང་སྐེ་གནག་འཁྱམས་ས་དང་ བཟའ་སྤྱོད་འབད་སའི་ ས་ཁོངས་ཅིག་ཨིནམ་ལས་ ཁྲོམ་བཟོ་སྐྲུན་འབད་ནི་དེ་བཀག་ཆ་འབད་ནི་ཨིན་པས།
ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ བདེ་ཆེན་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་ཁོངས་དེ་ ཁྲུང་ཁྲུང་སྐེ་གནག་འཁྱམས་སའི་ ས་ཁོངས་ཨིནམ་ལས་ བདག་འཛིན་འཐབ་སྟེ་ ག་དེ་དྲག་དྲག་ སྲུང་སྐྱོབ་འབད་ནི་ཨིན་ཟེར་ཨིན་པས།
བྱ་སྟབས་བདེ་མིན་ཡོད་མི་ལུ་བརྟེན་ སའི་ཇོ་བདག་གཞན་མི་ཚུ་གིས་ བཟོ་སྐྲུན་ས་ཁོངས་འཆར་གཞི་དེ་ གཏན་འཁེལ་མ་འགྱོ་ཚུན་ བསྒུགས་དགོཔ་ཨིནམ་ད་ རྒྱ་བསྐྱེད་འཆར་གཞི་ནང་ལུ་ཚུད་མི་ སའི་ཇོ་བདག་༧༠ ལུ་ ས་ཚན་ཁག་༦༦༤ ཡོདཔ་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱ་སྦོམ་སྦེ་ཡོད་མི་ ས་ཆ་བཟུམ་ཅིག་འབད་བ་ཅིན་ སྤྱི་ལོ་༢༠༡༣ ལུ་མ་གཏོགས་ བཟོ་སྐྲུན་གྱི་ལཱ་འགོ་བཙུགས་མི་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས།
རྫོང་ཁག་གི་འགོ་དཔོན་ཚུ་དང་ སའི་ཇོ་བདག་ཚུ་གི་བར་ན་ཡང་ འཕྲལ་འཕྲལ་སྦེ་ར་ བཟོ་སྐྲུན་གྱི་ལཱ་བཀག་བཞག་མི་ལུ་བརྟེན་ ཟིང་འཁྲུག་ཚུ་བྱུང་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་འཚོགས་མི་ མི་མང་ཞལ་འཛོམས་ནང་ བཟོ་སྐྲུན་བཀག་ཆ་འབད་ཡོད་མི་ལུ་ བྱ་སྟབས་མ་བདེཝ་ ཡོད་ལུགས་ཚུ་གི་སྐོར་ལས་ ཞུ་ཡོདཔ་ཨིན་པས།
རྫོང་ཁག་གིས་འཕྲལ་མགྱོགས་ར་ ས་ཆའི་དབྱེ་ཚན་གྱི་དཀའ་ངལ་བསལ་ནི་དང་ ས་ཆ་ཁ་གཏོར་ཏེ་ཡོད་མི་ཚུ་ ཇོ་བདག་ག་ཨིན་ན་ དབྱེ་ཞིབ་འབད་ནིའི་དོན་ལུ་ ལཱ་འགོ་བཙུགས་ནི་ཨིནམ་ལས་ ད་རེས་སྐབས་ཐོབ་ཅིག་  ས་ཆ་ཉོ་བཙོང་དང་འབྲེལ་བའི་ལཱ་འབད་ནི་ཚུ་ བཀག་ཆ་འབད་བཞག་ཡོདཔ་ཨིན་པས།
བདེ་ཆེན་རྡོ་རྗེ་གིས་སླབ་དོ་བཟུམ་འབད་བ་ཅིན་ ལྷན་ཁག་གིས་ ཡིག་ཆ་ཚུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལས་ སའི་ཆགས་ཚུལ་དང་འཁྲིལ་བཟོ་ཞིནམ་ལས་ ས་གནས་ཀྱི་བཟོ་སྐྲུན་འཆར་གཞི་དེ་ གྲ་སྒྲིག་འགྱོ་འོང་ཟེར་ཨིན་པས།
ས་ཆའི་ཡིག་ཆ་ཚུ་དང་འབྲེལ་ ས་ཁོངས་ཀྱི་བཀོད་རིས་ཚུ་ རྒྱ་བསྐྱེད་འབད་ཡོད་པའི་ཁྲོམ་གྱི་ས་ཁོངས་ནང་ སྣུམ་འཁོར་གྱི་ལམ་སེལ་ནིའི་ལཱ་ཚུ་ འགོ་བཙུགས་ནི་ཟེར་ ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment