གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེའི་ཟངས་ཐག་ཨར་རྐུན་འབད་མི་ ཕོ་སྐྱེས་ཅིག་ དོ་དམ་འོག་ལུ་བཙུགས་ཡོདཔ།

༢༧/༡༠/༢༠༡༢   ༉ ཀྲོང་གསར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༡༠ པའི་ཚེས་༡༧ ལུ་ ཕོ་སྐྱེས་ཅིག་གིས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཆུ་བྱག་རྐྱབ་སའི་ ས་ཁོངས་ནང་ ཆུ་དུང་རྐྱབ་པའི་སྐབས་ ལག་ལེན་འཐབ་མི་ འཕྲུལ་ཆས་ཅིག་གི་ ཟངས་ཐག་བཏོན་མི་ལུ་བརྟེན་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་ འབྲུག་པའི་ཁག་འབགཔ་ཅིག་དང་གཅིག་ཁར་ ལཱ་འབད་མི་ ལས་མི་ཨིནམ་ད་ བྱུང་རྐྱེན་དེ་ཡང་ འཛིན་བཟུང་འབད་བའི་ ཉིནམ་དག་པ་ཅིག་གི་ཧེ་མར་ བྱུང་ཡོདཔ་ཨིན་པས།
ཟངས་ཐག་དེ་ འཕྲུལ་ཆས་ཀྱི་ ཐགཔ་ཚུ་ལས་བཏོགས་ཡོདཔ་བཞིན་དུ་ ལྗིད་ཚད་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠༠༠ ལྷགཔ་རེ་ ཐོབ་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དོགས་ཅན་ཕོ་སྐྱེས་དེ་གིས་ ཟངས་ཐག་བཏོན་འབག་མི་ལུ་བརྟེན་ རྒྱ་གར་གྱི་ཁག་འབགཔ་ མར་ཏི་ལས་སྡེ་ལུ་ དངུལ་ཀྲམ་ས་ཡ་༡ དེ་ཅིག་ གྱོང་རྒུད་ཕོག་ནུག་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ དོགས་ཅན་དེ་གིས་ བྱ་ངན་འབད་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་མི་ ཁྲིམས་སྲུང་འགག་པ་གིས་ ཟངས་ཐག་བཏོག་ནིའི་དོན་ལུ་ ལག་ལེན་འཐབ་མི་ ལྕགས་ཀྱི་སོ་ལེ་དང་ ཟངས་ཐག་མི་ཊར་༡༠ དེ་ཅིག་ ཚལ་མ་ནང་ལས་ ཐོབ་ཅི་ཟེར་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་གིས་ ཟངས་ཐག་ཨར་རྐུན་འབད་མི་དེ་ཡང་ རག་རོག་ཚོང་འབྲེལ་འཐབ་མི་ཚུ་ལུ་ བཙོང་ནིའི་དོན་ལུ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ བསམ་རྩེ་ རྡོ་རོ་ཁ་ལས་ཨིན་རུང་ ཁོ་གི་སྐོར་ལས་ ཁ་གསལ་སྦེ་ ཤེས་མ་ཚུགས་པར་ ཡོད་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment