གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་ལུ་བརྟེན་པའི་འོང་འབབ་ ཡར་སེང་སོང་ཡོདཔ།

༢༤/༡༠/༢༠༡༢    དེ་འབདཝ་ད་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོཝ་དང་བསྟུན་ མཐའ་འཁོར་གནས་སྟངས་སྲུང་སྐྱོབ་ལུ་ དོ་འགྲན་བྱུང་བའི་ སྙན་ཞུ་ཁ་གསལ་ཅིག་ ད་ཚུན་མེདཔ་ཨིན་པས།

༉ འདས་པའི་འཆར་ལོ་ སྤྱི་ལོ་༢༠༡༡ ཟླ་༦ པ་ལས་ འགོ་བཙུགས་ དུས་ཅི་ སྤྱི་ཟླ་༦ པ་ཚུན་གྱི་རིང་ལུ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ འོང་འབབ་དངུལ་ཀྲམ་ས་ཡ་༢༧༣.༣༩ ལྷགཔ་ཅིག་ བཟོ་ཡོད་མི་དེ་ འཆར་ལོ་༢༠༡༠ དང་༢༠༡༡ ལུ་ བཟོ་ཡོད་མི་འོང་འབབ་ལས་ བརྒྱ་ཆ་༡༥.༩༢ ཀྱིས་ ཡར་སེང་སོང་ཡོདཔ་སྦེ་ དབང་འཛིན་གྱི་ ལོ་བསྟར་སྙན་ཞུའི་ནང་བཀོད་ནུག།


འཆར་ལོ་༢༠༡༠ དང་༢༠༡༡ ནང་ འོང་འབབ་དངུལ་ཀྲམ་ས་ཡ་༢༣༦.༣༦ དེ་ཅིག་བཟོ་ཡོདཔ་ད་ སྤྱི་ལོ་༢༠༠༨ ལས་དུས་ཅི་ཚུན་གྱི་རིང་ལུ་ མ་དངུལ་ ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༨༣༢.༩༣ དེ་ཅིག་ འོང་འབབ་བཟོ་ནུག་ཟེར་ཨིན་པས།
འོང་འབབ་དངུལ་ཀྲམ་ས་ཡ་༢༧༣ ལྷགཔ་ཅིག་བཟོ་ཡོད་མིའི་གྲས་ལས་ དངུལ་ཀྲམ་ས་ཡ་༡༡.༧༤ ལྷགཔ་ཅིག་ སྣུམ་འཁོར་བརྡ་སྟོན་དང་འབྲེལ་བའི་ ཁྲིམས་འགལ་གྱི་ཉེས་བྱའི་འཐུས་ཚུ་ལས་ བསྡུ་ལེན་འབད་མི་ཨིནམ་ད་ དངུལ་ཀྲམ་ས་ཡ་༢༦༢.༢༥ ལྷགཔ་ཅིག་ སྣུམ་འཁོར་དང་འབྲེལ་བའི་ཡིག་ཆ་ དཔེར་ན་ ལོ་བསྟར་ཐོ་དེབ་བསྐྱར་གསོ་འབད་ནི་གི་འཐུས་དང་ དེད་གཡོག་པའི་ཆོག་ཐམ་བསྐྱར་གསོ་འབད་ནི་གི་འཐུས་ལ་སོགས་པའི་ གནད་དོན་གཞན་དང་འབྲེལ་བའི་ འཐུས་རིགས་ཚུ་ལས་ བསྡུ་ལེན་འབད་མི་ཚུ་ཨིན་པས།
འཆར་ལོ་འདི་ནང་ འོང་འབབ་འབོར་ཆེ་ཤོས་ར་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ཐིམ་ཕུ་ལུང་ཕྱོགས་ཡིག་ཚང་གིས་ དངུལ་ཀྲམ་ས་ཡ་༡༣༡.༤༡ ལྷགཔ་ཅིག་བཟོ་མི་དེ་ མཐོ་ཤོས་ཅིག་ཨིན་པའི་ཁར་ ཕུན་ཚོགས་གླིང་ལུང་ཕྱོགས་ཡིག་ཚང་གིས་ དངུལ་ཀྲམ་ས་ཡ་༧༢.༥༤ དེ་ཅིག་བཟོ་ཡོདཔ་ད་ དགེ་ལེགས་ཕུག་ལུང་ཕྱོགས་ཡིག་ཚང་གིས་ དངུལ་ཀྲམ་ས་ཡ་༣༦.༤༣ དང་ བསམ་གྲུབ་ལྗོངས་མཁར་ལུང་ཕྱོགས་ཡིག་ཚང་གིས་ དངུལ་ཀྲམ་ས་ཡ་༣༣.༥༩ ལྷགཔ་ཅིག་བཟོ་ཡོདཔ་ཨིན་པས།
སྣུམ་འཁོར་བརྡ་སྟོན་དང་འབྲེལ་བའི་ཉེས་འགེལ་གྱི་ ཉེས་བྱའི་འཐུས་ལུ་བརྟེན་པའི་འོང་འབབ་དེ་ཡང་  མཐོ་ཤོས་ར་ དངུལ་ཀྲམ་ས་ཡ་༥.༡༣ ལྷགཔ་ཅིག་དང་ ཕུན་ཚོགས་གླིང་ལུང་ཕྱོགས་ཡིག་ཚང་གིས་ བསྡུ་ལེན་འབད་མི་དེ་ མཐོ་ཤོས་ཨིན་པའི་ཁར་ དེ་གི་ཤུལ་ལས་ དགེ་ལེགས་ཕུག་ལུང་ཕྱོགས་ཡིག་ཚང་གིས་ ཉེས་བྱའི་འཐུས་ ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༢.༣༠ བསྡུ་ལེན་འབད་ནུག།
དེ་ལས་ བསམ་གྲུབ་ལྗོངས་མཁར་ལུང་ཕྱོགས་ཡིག་ཚང་གིས་ ཉེས་བྱའི་འཐུས་ དངུལ་ཀྲམ་ས་ཡ་༢.༡༩ ལྷགཔ་ཅིག་དང་ ཐིམ་ཕུ་ལུང་ཕྱོགས་ཡིག་ཚང་གིས་ དངུལ་ཀྲམ་ས་ཡ་༢.༡༡ བསྡུ་ལེན་འབད་ནུག།
སྙན་ཞུ་དང་འཁྲིལཝ་ད་ དབང་འཛིན་གྱི་འོང་འབབ་གནས་སྟངས་དེ་ ལོ་བསྟར་བཞིན་དུ་ ཡར་སེང་ཐོག་ གནས་ཡོད་པའི་གསལ་སྟོན་འབད་བའི་ཁར་ དེ་ཡང་ གཙོ་བོ་ར་ སྣུམ་འཁོར་གྱི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་དང་བསྟུན་ ཨིན་མས་ཟེར་བཀོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ དང་༢༠༠༩ གི་འཆར་ལོ་མཇུག་བསྡུཝ་ད་ འོང་འབབ་དངུལ་ཀྲམ་ས་ཡ་༡༤༩.༣༩ ལྷགཔ་ཅིག་བཟོ་ཡོདཔ་ད་ སྤྱི་ལོ་༢༠༠༩ དང་༢༠༡༠ གྱི་འཆར་ལོ་རྫོགསཔ་ད་ འོང་འབབ་དངུལ་ཀྲམ་ས་ཡ་༡༧༣.༡༧ དེ་ཅིག་ལུ་ ཡར་སེང་སོང་ཡོད་པའི་ཁར་ སྤྱི་ལོ་༢༠༡༠ དང་༢༠༡༡ གི་འཆར་ལོ་ནང་ དངུལ་ཀྲམ་ས་ཡ་༢༣༦.༦༣ དེ་ཅིག་ཡོདཔ་ཨིན་པས།
སྣུམ་འཁོར་གྱི་གྱངས་ཁ་ཡང་ སྤྱི་ལོ་༢༠༠༨ ལུ་༤༠༦༥༩ ཡོད་ས་ལས་ སྤྱི་ལོ་༢༠༠༩ ལུ་ འབྲུག་རྒྱལ་ཁབ་ནང་ སྣུམ་འཁོར་༤༥,༨༡༥ ལུ་ ཡར་སེང་སོང་བའི་ཁར་ སྤྱི་ལོ་༢༠༡༠ ལུ་ སྣུམ་འཁོར་གྲངས་༥༣,༢༨༢ དང་ སྤྱི་ལོ་༢༠༡༡ ལུ་སྣུམ་འཁོར་གྲངས་༦༢༧༢༤ ཡོད་ས་ལས་ དུས་ཅི་ སྤྱི་ཟླ་༦ པའི་ཟླ་མཇུག་ལུ་ རྒྱལ་ཁབ་ནང་ ཐོ་བཀོད་ཅན་གྱི་སྣུམ་འཁོར་༦༦༤༣༠ དེ་ཅིག་ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
དེ་འབད་ནི་དེ་གིས་ སྣུམ་འཁོར་གྱིས་གྱངས་ཁ་ ལོ་བསྟར་བཞིན་དུ་ ཡར་སེང་སོང་མི་ལུ་བརྟེན་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ ལོ་བསྟར་བཞིན་དུ་ ལས་ཁུངས་གཞན་དང་ཕྱདཔ་ད་ འོང་འབབ་རྒྱ་ཆེ་དྲགས་སྦེ་ བཟོ་ཚུགས་པའི་ གནས་སྟངས་ཁ་གསལ་གྱི་ སྙན་ཞུ་བཀོད་ཡོདཔ་ཨིན་རུང་ སྣུམ་འཁོར་གྱི་གྱངས་ཁ་ཡར་སེང་ལུ་བརྟེན་ རང་བཞིན་མཐའ་འཁོར་གནས་སྟངས་ལུ་ ཕན་གནོད་ག་དེ་སྦེ་ཡོད་ག་ ཁ་གསལ་གྱི་སྙན་ཞུ་ཅིག་ ད་ཚུན་ གསལ་སྟོན་མེདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment