གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གོ་གནས་ཡར་སེང་དང་ མརཕབ་ཀྱི་ རྩེད་འགྲན་འགོ་བཙུགས་ཡོདཔ།

ནང་པའི་སྡེ་ཚན་དང་ འབྲུག་ཡུ་ནིའི་ཊེད་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།
 ༢༩/༡༠/༡༢། ༉ འབྲུག་རྐང་རིལ་ཚོགས་སྡེ་གིས་ འགོ་འདྲེན་ཐོག་ལས་ ཕུཊ་བཱོལ་རྩེད་འགྲན་སྡེ་ཚན་༤ གི་བར་ན་ གནས་རིམ་ཡར་འཕར་གྱི་ རྩེད་འགྲན་འབད་ནི་ ཁ་ཙ་ ལས་ ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་ནང་ རྩེད་འགྲན་འབད་ནི་འགོ་བཙུགས་ཡོདཔ་ཨིན།
དེ་ཡང་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ ལོ་བསྟར་བཞིན་དུ་ ཕུཊ་བཱོལ་སྡེ་ཚན་ཚུ་གི་བར་ན་ འགྲན་བསྡུར་ཁག་མ་འདྲཝ་སྦེ་ འགོ་འདྲེན་འཐབ་ཡོད་མིའི་གྲལ་ལས་ ཕུཊ་བཱོལ་སྡེ་ཚན་ཀ་པའི་ནང་ སྡེ་ཚན་༦ གི་བར་ན་ འགྲན་བསྡུར་འབདཝ་ད་ སྡེ་ཚན་ལས་ མཇུག་གི་ ཨང་༥ པ་དང་༦ པ་ཐོན་མི་ སྡེ་ཚན་༢ དང་ སྡེ་ཚན་ཁ་པ་ལས་ རྩེད་འགྲན་དྲག་ཤོས་ཐོན་མི་སྡེ་ཚན་༢ བསྡོམས་ཀྱིས་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་དོ་ཡོདཔ་ཨིན་པས།

སྡེ་ཚན་ཀ་པ་ལས་ མཇུག་ཐོན་མི་ ནང་པ་དང་ ཊཱངསི་པོཊ་ དེ་ལས་ སྡེ་ཚན་ཁ་པ་ལས་ དྲག་ཤོས་ཐོན་མི་ འབྲུག་ཨིསི་ཊར་དང་ འབྲུག་ཡུ་ནིའི་ཊེད་སྡེ་ཚན་༤ གི་ བར་ན་ རྩེད་འགྲན་འབད་ཡི།
དེ་ཡང་ རྩེད་འགྲན་དང་པའི་ནང་ འབྲུག་ཨིསི་ཊར་དང་ ཊཱངསི་ཕོཊ་ཡུ་ནིའི་ཊེད་སྡེ་ཚན་༢ ཀྱིས་བར་ན་ འགྲན་བསྡུར་འབདཝ་ད་ འབྲུག་ཨིསི་ཊར་སྡེ་ཚན་གྱིས་ གཱོལ་༥ བཙུགས་ཊེ་ ཕམ་བཏང་བའི་སྐབས་ ཊཱངསི་ཕོཊ་ཡུ་ནིའི་ཊེ་སྡེ་ཚན་གྱིས་ གཱོལ་གཅིག་ལས་བརྒལ་བཙུགས་མ་ཚུགས།
དེ་བཟུམ་སྦེ་ ཕྱི་རུ་ ཆུ་ཚོད་༣ ལས་ ནང་པའི་སྡེ་ཚན་དང་ འབྲུག་ཡུ་ནིའི་ཊེད་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ དུས་ཡུན་ཕྱད་ཀ་ཚུན་ སྡེ་ཚན་ག་གིས་ཡང་ གཱོལ་བཙུགས་མ་ཚུགསཔ་ཨིན་རུང་ བར་མཚམས་ངལ་གསོ་ལས་ དུས་ཡུན་སྐར་མ་༧༥ དང་༨༥ དེ་ལས་ ༩༠ འི་ནང་ འབྲུག་ཡུ་ནིའི་ཊེད་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཏེ་ ཕམ་བཏང་ཡི།
སྡེ་ཚན་༤ གིས་རྩེད་འགྲན་དེ་ སྤྱི་ཟླ་༡༡ པའི་ཚེས་༣ ལུ་ མཇུག་བསྡུ་ནི་ཨིནམ་ད་ སྡེ་ཚན་ག་གིས་ སྐུགས་མཐོ་ཤོས་ཐོབ་མི་༢ དེ་ སྡེ་ཚན་ཀ་པའི་ནང་ གོ་སྐབས་འཐོབ་ནི་དང་ སྐུགས་དམའ་ཤོས་འཐོབ་མི་སྡེ་ཚན་གཉིསཔོ་དེ་ སྡེ་ཚན་ཁ་པའི་ནང་ འགྱོ་དགོཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྡེ་ཚན་༤ ལས་ རྩེད་འགྲན་དྲག་ཤོས་འཐོན་མི་གཉིསཔོ་དེ་ བཙག་འཐུ་འབད་དེ་ སྡེ་ཚན་ཀ་པའི་ནང་ གཏང་ནིའི་དོན་ལུ་ ཨིན་པའི་གནས་ཚུལ།

 བཀྲིས་ཕུན་ཚོགས།

No comments:

Post a Comment