གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡུ་ཨེསི་གཞུང་ཚབ་ཀྱིས་ སློབ་གྲྭ་དང་ ཁྲིམས་དོན་གཙུག་སྡེ་ལུ་ དཔེ་དེབ་གྲོགས་རམ།

༢༤/༡༠/༢༠༡༢   ༉ འབྲུག་རྒྱལ་ཁབ་ནང་ གཞུང་དོན་ལྟ་སྐོར་ལུ་ ལྷོད་ཡོད་མི་ རྒྱ་གར་ལུ་ ཨེ་མི་རི་ཀའི་གཞུང་ཚབ་ ཨམ་ནཱན་སི་ ཇེ་ པོ་ཝེལ་གྱིས་ ཁ་ཙ་ ཐིམ་ཕུ་ལྕང་ཟམ་ཏོག་འབྲིང་རིམ་སློབ་གྲྭ་འོག་མ་ལུ་ ཨེ་མི་རི་ཀའི་ ཨ་ལུའི་དཔེ་དེབ་ཆ་ཚང་ཅིག་དང་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་ལུ་ ཁྲིམས་ཀྱི་དཔེ་དེབ་ཆ་ཚང་ཅིག་ ཞལ་འདེབས་སྦེ་བྱིན་ཡི།
ཨེ་མི་རི་ཀའི་གཞུང་ཚབ་ ཨམ་ནཱན་སི་ ཇེ་ པོ་ཝེལ་གྱིས་ ཐིམ་ཕུ་ལྕང་ཟམ་ཏོག་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་སྡེ་ཚན་ཅིག་ལུ་ ཨ་ལུའི་དཔེ་དེབ་ཅིག་ལྷག་སྟེ་ གསལ་བཤད་འབད་བའི་བསྒང་།


ང་བཅས་ཀྱི་ ཁ་ཐུག་ལས་ དཔེ་དེབ་ཚུ་གི་ཐོག་ལས་ ལྷན་ཐབས་ཆུང་ཀུ་ཅིག་འབད་མི་དེ་གིས་ སློབ་ཕྲུག་ཨ་ལུ་ཚུ་ལུ་ དཔེ་དེབ་ལྷག་ནི་གི་ སྤྲོ་བ་བསྐྱེད་བཅུག་ནི་དང་ ཨིང་སྐད་གི་ རིག་རྩལ་འཕེལ་ནི་ལུ་ ཕན་ཐབས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ ཡུ་ཨེསི་ཨེ་གི་གཞུང་ཚབ་ ཨམ་པོ་ཝེལ་གྱིས་ དཔེ་དེབ་ཚུ་ ལྕང་ཟམ་ཏོག་སློབ་གྲྭའི་དབུ་འཛིན་ལུ་ རྩིས་སྤྲོད་པའི་སྐབས་བཤད་ཅི།
གཞུང་ཚབ་ཨམ་པོ་ཝེལ་གྱིས་ སློབ་ཕྲུག་སྡེ་ཚན་ཅིག་ལུ་ ཨ་ལུའི་དཔེ་དེམ་ཅིག་ ལྷག་ཐོག་ལས་ གསལ་བཤད་ཡང་འབད་ཡི།
མོ་གིས་འབད་བ་ཅིན་ ཨ་ལུ་ཚུ་གིས་ ཨེ་མི་རི་ཀའི་ དཔེ་དེབ་ཚུ་ལྷགཔ་ད་ ཨེ་མི་རི་ཀའི་ ལམ་ལུགས་དུམ་གྲ་ཅིག་ ཧ་གོ་ཚུགས་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་གིས་ དཔེ་དེབ་དེ་ཚུ་ སྤྲོ་བ་བསྐྱེད་ཐོག་ལས་ ལྷག་པ་ཅིན་ ཤུལ་ལས་ ཨེ་མི་རི་ཀ་ལུ་ འོང་ནི་གི་ གོ་སྐབས་ཐོབ་པའི་སྐབས་ ཕན་ཐོགས་འབྱུང་འོང་ཟེར་ གཞུང་ཚབ་ཀྱིས་ བཤད་ཅི།
ཤེས་རིག་ལྷན་ཁག་ ཤེས་རིག་ལྟ་རྟོག་དང་ རྒྱབ་སྐྱོར་སྡེ་ཚན་གྱི་ གཙོ་འཛིན་འགོ་དཔོན་ ཕུན་ཚོགས་ལྷ་མོ་གིས་ སླབ་མིའི་ནང་ ཨ་ལུའི་དཔེ་དེབ་དེ་ཚུ་གིས་ ཨ་ལུ་ཚུ་ལུ་ དཔེ་དེབ་ལྷག་བཅུག་ནི་དང་ སྐད་ཡིག་གོང་འཕེལ་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་པའི་བསྒང་ཡོད་མི་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
དེ་མ་ཚད་ དཔེ་དེབ་ལྷག་མི་ཚུ་གིས་ ལམ་སྲོལ་མ་འདྲཝ་ཚུ་གི་སྐོར་ལས་ ཤེས་རྟོགས་འབྱུང་ནི་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ ཕུན་ཚོགས་ལྷ་མོ་གིས་ བཤདཔ་ཨིན་པས།
གཞུང་ཚབ་ཨམ་པོ་ཝེལ་གྱིས་འབད་བ་ཅིན་ ཁྲིམས་ཀྱི་དཔེ་དེབ་ཚུ་གིས་ཡང་ ཁྲིམས་ཀྱི་དཔེ་མཛོད་གོང་འཕེལ་གཏང་ནི་དང་ འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་ གཞི་རྩ་ཚུ་ རྩ་བརྟན་བཟོ་ནི་ལུ་ཡང་ ལྷན་ཐབས་འབྱུང་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༢༡ ལས་༢༦ ཚུན་ རྒྱལ་ཁབ་ནང་ ལྟ་སྐོར་ལུ་འོང་མི་ གཞུང་ཚབ་ཨམ་པོ་ཝེལ་དེ་ སྤྱི་ལོ་༡༩༨༣ ལུ་ འབྲུག་དང་ ནེ་པཱལ་གྱི་ ལས་དོན་ནང་ འགན་འཛིན་པའི་ གོ་གནས་ཐོག་ འབྲུག་ལུ་ འགོ་དང་པ་འོང་ཡོདཔ་ད་ ལོ་ངོ་བཅུ་ཕྲག་གསུམ་གྱི་ཤུལ་ལས་ གཞུང་ཚབ་སྦེ་ ལོག་འོངམ་ད་ རྒྱལ་ཁབ་ནང་ ལེགས་བསྒྱུར་ལེ་ཤ་ཅིག་གི་མཐོང་གསལ་བྱུང་ཡོདཔ་ཨིན་པས།
ང་ འབྲུག་ལུ་ འགོ་དང་པ་འོངམ་ད་ ཐིམ་ཕུ་དེ་ ཁྲོམ་ཆུང་ཀུ་ཅིག་ལས་ མ་མཐོང་རུང་ ད་རིས་འབད་བའི་བསྒང་ལས་ ཧ་ལས་སི་སི་སྦེ་ བསྒྱུར་བཅོས་ཡར་སོ་ནུག་ཟེར་ གཞུང་ཚབ་ཨམ་པོ་ཝེལ་གྱིས་ ཀུན་གསལ་ལུ་ བཤད་པའི་ཁར་ དེ་གི་ནང་དོན་ཉིད་ལས་ འབྲུག་འདི་ རྒྱལ་བརྒྱུད་གཞུང་ལས་ དམངས་གཙོའི་རིང་ལུགས་ལུ་ སོར་བསྒྱུར་སོང་ནུག་ཟེར་ སླབ་ཨིན་པས།
ཨམ་པོ་ཝེལ་དེ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ རྒྱ་གར་ལུ་ ཨེ་མི་རི་ཀའི་ ཨམ་སྲུ་གཞུང་ཚབ་དང་པ་སྦེ་ ལྷོད་ཡོདཔ་ད་ དེ་གི་ཧེ་མར་ སྤྱི་ལོ་༢༠༠༧ ཟླཝ་༨ པ་ལས་ སྤྱི་ལོ་༢༠༠༩ ཟླཝ་༨ པ་ཚུན་ ནེ་པཱལ་ལུ་ ཨེ་མི་རི་ཀའི་ གཞུང་ཚབ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
གཞུང་ཚབ་ཨམ་པོ་ཝེལ་དང་གཅིག་ཁར་ ཕྱག་ཞུ་སྟེ་ ཝ་ཤིང་ཊཱོན་ཌི་སི་ལས་ ལྷོ་དང་དབུས་ཕྱོགས་ཨེ་ཤི་ཡའི་ སྡེ་ཚན་གྱི་ དྲུང་ཆེན་ལས་རོགས་འོག་མ་ ཨམ་ཨཱལ་ས་ཨེ་རིསི་འོང་ཡོདཔ་ད་ གཞུང་ཚབ་དེ་ སྤྱི་ཟླ་༡༠ པའི་ཚེས་༢༦ ལུ་ ནིའུ་ལྡི་ལི་ལུ་ ལོག་འགྱོ་ནི་ཨིན་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment