གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེན་ཊི་ཊི་དང་ གཟིམ་སྒྲ་སྡེ་ཚན་༢ ཀྱིས་ མཐའ་བཅད་འགྲན་བསྡུར་འོག་མའི་ནང་ལྷོད་ཡོདཔ།

༡༦/༡༠/༢༠༡༢    ༉ ད་རེས་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ཕྱི་རྒྱལ་མདའ་གཞུ་ཐོག་གི་ ཁྲི་མངའ་གསོལ་མདའ་རྩེད་འགྲན་བསྡུར་ནང་ ཁ་ཙ་ གཟིམ་སྒྲ་སྡེ་ཚན་དང་ ཨ་མ་བཟའ་ཁང་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ གཟིམ་སྒྲ་སྡེ་ཚན་གྱིས་ སྐུགས་༢ འབྱེལཝ་བྱེལ་ས་ཆོད་དེ་ མཐའ་བཅད་འགྲན་བསྡུར་ འོག་མའི་ནང་ལྷོད་ཅི།


དེ་བཟུམ་སྦེ་ ལྟག་གི་འབའ་སྐྱོར་ནང་ ཨེན་ཊི་ཊི་སྡེ་ཚན་གྱིས་ཡང་ སྐུགས་༢ ཆོད་དེ་ ཐིམ་ཕུ་མཐོ་རིམ་སློབ་གྲྭའི་སྡེ་ཚན་ ཕམ་བཏང་ཡོདཔ་ལས་ མཐའ་བཅད་འགྲན་བསྡ྄ར་འོག་མའི་ནང་ རྩེད་འགྲན་འབད་ནི་ འགོ་སྐབས་ཐོབ་ཡོདཔ་ཨིན།
སྤྱི་ཟླ་༡༠ པའི་ཚེས་༡༨ ལས་༢༡ ཚུན་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ མཐའ་བཅད་འགྲན་བསྡུར་འགོ་མའི་ནང་ གཟིམ་སྒྲ་སྡེ་ཚན་གྱིས་ ཀོ་ཌི་སྡེ་ཚན་དང་ ཨེན་ཊི་ཊི་སྡེ་ཚན་གྱིས་ ཕུན་སུམ་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་དང་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༡༡ པའི་ཚེས་༡ ལུ་ རྩེད་འགྲན་འབད་ནི་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༢༡ ལས་འགོ་བཙུགས་མི་ མདའ་བརྩེད་འགྲན་བསྡུར་དེ་ནང་ བསྡོམས་ཀྱིས་ སྡེ་ཚན་༣༠ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment